མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཅིག་གི་སྲིད་ཇུས་དྲག་སྤྱོད་ཅེས་པའི་མཁས་པའི་བགྲོ་གླེང་བསྡུས།

བོད་ཀྱི་དུས་བབ།
༢༠༢༣/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཅིག་གི་སྲིད་ཇུས་དྲག་སྤྱོད་ཅེས་པའི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ནི་བོད་དང་འབྲེལ་བ་ཅིའང་མེད་ཅེས་ནན་བརྗོད་གནང་འདུག

རྒྱ་ནག་གཅིག་གི་སྲིད་ཇུས་ཐོག་མཁས་པའི་བགྲོ་གླེང་། སྲིད་སྐྱོང་གི་ངོ་དེབ་ཀྱི་པར། ༢༠༢༣།༠༨།༠༡

ཟླ་འདིའི་ཕྱི་ཚེས་ ༡ ནས་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་ལྟེ་གནས་ཁང་དུ། འཚེ་བ་མེད་པའི་ཐབས་ལམ་ཐེབས་རྩ་ཁང་གི་(Foundation For Non-Violent Alternatives) གོ་སྒྲིག་འོག རྒྱ་ནག་གཅིག་གི་སྲིད་ཇུས་དྲག་སྤྱོད་ཅེས་པའི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཤིག་འཚོགས་ཡོད་ཅིང་། ཐེངས་འདིའི་མཛད་སྒོའི་ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱ་གར་གཞུང་ཚབ་ཆེན་མོ་ཟུར་པ་ལཱ་ཁཱན་ལཱལ་མེ་ཧ་རོ་ཌི་རཱ་(Lakhan Mehrotra) མཆོག་གི་གཙོས་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་དང་། ཉམས་ཞིབ་པ། གཙུག་ལག་སློབ་གླིང་ཁག་གི་སློབ་དཔོན། གཞུང་ཚབ་ཟུར་པ་བཅས་མཉམ་ཞུགས་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གསུང་བཤད་གནང་སྐབས། རྒྱ་ནག་གཅིག་གི་སྲིད་ཇུས་དེ་ནི་བོད་དང་འབྲེལ་བ་ཅི་ཡང་མེད་པ་ནན་བརྗོད་གནང་བ་དང་མཉམ་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་ཕྱག་དེབ་ལས་གསུང་དུམ་ཞིག་ལུང་འདྲེན་གནང་སྟེ། རྒྱ་ནག་གཅིག་གི་སྲིད་ཇུས་དེ་རྒྱ་ནག་དང་ཐའེ་ཝན་གྱི་འབྲེལ་བར་དམིགས་ནས་བཟོས་བ་དང་། ཕྱི་ལོ་ ༡༩༧༠ ཙམ་ནས་ཨ་རིས་རྒྱ་ནག་དང་ཐའེ་ཝན་བར་འབྲེལ་བ་བྱེད་ཕྱོགས་ཀྱི་སྲིད་ཇུས་ཤིག་ལས་གྲུབ་པ་ཡིན་ལ། ཕྱིས་སུ་རྒྱ་ནག་གི་མགོ་ཁྲིད་རིམ་པས་རྒྱལ་ཁབ་གཞན་དང་འབྲེལ་བ་བྱེད་སྐབས། རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་འཛིན་བྱ་དགོས་པའི་བཙན་སྐུལ་བཏང་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་དེ་བོད་ལ་འཇུག་ཚུལ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལོག་འགྲེལ་བྱས་ཏེ། རྒྱལ་ཁབ་གཞན་གྱིས་བོད་དང་འབྲེལ་བ་བྱེད་པར་དམ་དྲག་གི་ལག་ཆར་བེད་སྤྱོད་གཏོང་བཞིན་པ་འགྲེལ་བརྗོད་གནང་འདུག

ཡང་སྲིད་སྐྱོང་མཆོག་གིས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་བོད་གཉིས་བར་གྱི་འབྲེལ་བའི་འཕེལ་རིམ་དང་། ལྷག་པར་དུ་ཕྱི་ལོ་ ༡༩༥༡ ལོར་བཙན་ཤེད་འོག་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་ནང་དོན་བོད་ཀྱི་ཕྱི་འབྲེལ་དང་བདེ་སྲུང་ཕུད་བོད་ཀྱི་ཆོས་སྲིད་ཀྱི་གནས་བབ་སྔར་ཡོད་རང་གནས་འཇོག་རྒྱུའི་ཁས་ལེན་བྱས་ཏེ། ཐོག་མར་བོད་མི་དང་བསྟུན་མཁས་བྱས་ཀྱང་རིམ་པས་རྒྱ་ནག་གིས་ཆིངས་ཡིག་གི་ནང་དོན་ལ་བརྩིས་མེད་རྡོག་རོལ་བཏང་ཡོད་སྐོར་གསུངས་འདུག  དེ་བཞིན་ཁོང་གིས་རྒྱ་དཀར་ནག་དང་། ཨ་རི་དང་རྒྱ་ནག་གི་འབྲེལ་བའི་འཕེལ་རིམ་ངོ་སྤྲོད་དང་། རྒྱལ་སྤྱིའི་ཁྲིམས་ཡིག་ཁག་བོད་ལ་གཅིག་མཚུངས་ལག་བསྟར་བྱས་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དེ་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་དགོས་སྐོར་སོགས་གསུངས་ཡོད་འདུག

རྒྱ་ནག་གཅིག་གི་སྲིད་ཇུས་ཀྱིས་ཐའེ་ཝན་ཕྱི་སྲིད་ཀྱི་གནོན་ཤུགས་སྐོར་ལ་ཧྥེ་ལེ་མེ་གཙུག་ལག་སློབ་གླིང་(FLAME University)་གི་ལྷོ་ཤར་ཨེ་ཤ་ཡའི་ཚན་པའི་སློབ་དཔོན་ཁྲི་ཧྥིན་ལིག་ (Roger Chi Feng Liu) ལགས་ཀྱིས། ཐའེ་ཝན་གྱི་རྩ་ཁྲིམས་སུ་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་ལེན་བྱས་པ་དེ་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅིང་། ཐའེ་ཝན་གཞུང་ནས་དེ་ལ་འགྱུར་བ་གཏོང་ཐུབ་ཚེ། དེས་རྒྱ་གཞུང་ལ་ཡ་ལན་ཆེན་པོ་ཞིག་སྤྲད་ཡོད་པ་རེད། རྒྱ་གར་གཞུང་གིས་ཨ་རུ་ན་ཅལ་སོགས་ཀྱི་རྩོད་རྙོག་ཡོད་པའི་ས་ཁུལ་ཁག་རྒྱ་གར་གྱི་ཁུངས་གཏོགས་ཡིན་པ་གསལ་སྟོན་བྱེད་བཞིན་ཡོད་ཀྱང་། ཐའེ་ཝན་གྱིས་དེའི་ཐད་ལ་ཡོངས་གྲགས་ཀྱི་གསལ་བཤད་ཅིའང་མེད་པ་རེད། དེ་ནི་རྒྱ་གར་གྱི་ཕྱོགས་འཛིན་དང་རྒྱ་ནག་གི་ཁ་གཏད་དུ་འགྱུར་རྒྱུ་ཡིན་པས་རྐྱེན་རེད། གནད་དོན་འདིའི་རིགས་ང་ཚོས་བསམ་ཤེས་བྱེད་དགོས་པ་ཞིག་ཡིན་མོད། གནད་དོན་དེ་དག་ཁ་གསལ་འབྱུང་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་བརྗོད་འདུག

ཞི་བ་ནཱ་དཱར་གཙུག་ལག་སློབ་གླིང་(Shiv Nadar University)་གི་སློབ་དཔོན་ཇཱ་བྷིན་ཇཱ་ཀོབ་(Jabin Jacob)་ལགས་ཀྱིས། རྒྱ་གཞུང་གིས་ཚོང་ལས་དང་ཆབ་སྲིད་ཀྱི་གནད་ཡོད་མི་སྣར་འབྲེལ་ལམ་རྒྱུན་སྐྱོང་བྱ་ཆེད་དུ་ཤུགས་རྒྱག་བཞིན་ཡོད་ཅིང་། དམིགས་བསལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཏུ་རྒྱ་ནག་གཅིག་གི་སྲིད་ཇུས་ཀྱི་ལས་དོན་བྱེད་ཕྱོགས་མངོན་གསལ་དུ་འདོན་པའི་འཆར་གཞི་འཐེན་བཞིན་ཡོད། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་པ་གཙོས་པའི་རྒྱ་རིགས་རྣམས་ཀྱིས་རྒྱ་ནག་གཅིག་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་པར་འབད་བརྩོན་བྱེད་མུས་ཡིན།  བྷང་ལ་དྷི་ཤི་ནང་དུ་མཚོན་པ་ཡིན་ན། རྒྱ་ནག་གཞུང་གི་མི་སྣ་ཁག་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ཏེ་རྒྱ་བསྐྱེད་ཡོད་པ་རེད་ཅེས་བརྗོད་འདུག

སྐབས་དེར་རྒྱ་གར་གཞུང་ཚབ་ཆེན་མོ་ཟུར་པ་ལཱ་ཁཱན་ལཱལ་མེ་ཧ་རོ་ཌི་རཱ་མཆོག་གིས། ད་ལྟའི་ཆར་རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པས། འཛམ་བུ་གླིང་གི་ཞི་བདེ་དང་བདེ་འཇགས་ཀྱི་ཐད་ཉེན་ཁར་གྱུར་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་རྗེས་རྒྱ་གར་གྱི་རྒྱལ་མཚམས་བདེ་འཇགས་ལའང་ཉེན་ཚབས་ཆེན་པོ་བཟོས་དང་བཟོ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering during the meeting with executive members of Tibetan Association of NY & NJ.
Mobile App

སྲིད་སྐྱོང་མཆོག་ཨ་རིའི་ནེའུ་མེག་སི་ཁོ་རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༤/༡༢/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཀི་རན་རི་ཇི་ཇུ་ལགས།
Mobile App

སྲིད་སྐྱོང་མཆོག་གིས་སྐུ་ཞབས་རི་ཇི་ཇུ་ལགས་ལ་འཚམས་འདྲི་གནང་།

༢༠༢༤/༠༦/༡༣
Mobile App

ཉིན་གྲངས་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོག་མགོ་བཙུགས།

༢༠༢༤/༠༣/༡༢
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ། ༢༠༡༤།༡།༡༠ པར་དྲ་ལམ་ནས་བླངས།
Mobile App

རྒྱ་ནག་གིས་ཚོགས་ཆེན་འཚོགས་ཀྱང་བོད་མིའི་འཚོ་བ་ལ་ཕན་ཐོགས་མི་འདུག

༢༠༢༤/༠༡/༡༡
རིག་གཞུང་སྲུང་སྐྱོབ་ལས་གཞིའི་འབྲེལ་ཡོད་ལས་བྱེད་རྣམས། དུས་བབ་ཀྱི་པར། ༢༠༢༣།༡༡།༠༣
Mobile App

བོད་ཀྱི་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་གཞི་དབུ་འབྱེད་གནང་སོང་།

༢༠༢༣/༡༡/༠༣
Sikyong addressed the Tibetan community and engaged in a Q&A session.Photo:Tibet.net
Mobile App

སྲིད་སྐྱོང་མཆོག་ནས་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༣/༡༠/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese