མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་གྱི་དད་ལྡན་དོན་གཉེར་ཅན་ཁག་ཅིག་ལ་མཇལ་ཁ་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཆོས་ལུགས་གྲུབ་མཐའ་ཁག་གི་ལྟ་གྲུབ་ཀྱི་གལ་གནད་ཤེས་དགོས་པ་གལ་ཆེན་པོ་ཡིན་པ་དང་བོད་པས་ཚད་མ་རིག་པའི་འགྲོ་སྟངས་ཀྱི་ཐོག་རྟགས་གསལ་གྱིས་གནས་ཚུལ་ཞིབ་ཕྲ་བཤད་ཀྱི་ཡོད་པས་ཕན་ཐོགས་པོ་བྱུང་ཞེས་བཀའ་སློབ་བསྩལ།

༧གོང་ས་མཆོག་ནས་ལ་དྭགས་གླེ་རུ་ཐའེ་ཝན་གྱི་དད་ལྡན་དོན་གཉེར་ཅན་ཁག་ཅིག་ལ་མཇལ་ཁ་གནང་། ༢༠༢༣།༠༨།༠༢ དགའ་ལྡན་ཕོ་བྲང་གི་པར།

ཟླ་འདིའི་ཕྱི་ཚེས་ ༢ ཉིན་ལ་དྭགས་གླེ་ཞི་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཆོས་གྲོགས་ཚོ་ཐུག་པར་ཞེ་དྲགས་དགའ་བོ་བྱུང་། ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་ནང་པའི་ལུང་པ་རེད། སྔ་མོ་ངོས་རང་རྒྱ་ནག་ལ་ཕྱིན་སྐབས་ས་ཁུལ་མང་པོར་ནང་པའི་ལྷ་ཁང་འདུག ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མར་ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་རེ་ཡོད་པ་རེད་དེ། ཆོས་ལུགས་ཚང་མའི་བསླབ་བྱ་སེམས་བཟང་པོ་བྱ་དགོས་པ་དང་། གཞན་ལ་ཕན་ཐོགས་བྱ་དགོས་ཟེར་བ་དེ་ཆོས་ལུགས་ཚང་མར་གཅིག་པ་རེད། ལྟ་གྲུབ་སྟེང་དུ་མི་འདྲ་བ་དེ་ནང་པ་རང་ལ་ཆ་བཞག་པ་ཡིན་ནའང་། བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་བ་བཅས་ཡོད་པ་རེད་ལ། དབུ་མ་བ་ལ་ཆ་བཞག་པ་ཡིན་ནའང་། ཐལ་འགྱུར་པ་དང་རང་རྒྱུད་པ་ཟེར་ནས། གཞན་པ་ལའང་ལྟ་གྲུབ་ཀྱི་ཐོག་ནས་དབྱེ་བ་མང་པོ་འདུག ལྟ་གྲུབ་ཀྱི་ཐོག་ན་མི་འདྲ་བ་ཡོད་པ་དེ་དག་ལ་ཡག་པོ་སློབ་སྦྱོང་བྱས་པ་ཡིན་ན། དེ་དག་གི་གནད་འགག་དེ་དང་འདི་རེད་ཅེས་བཤད་ཐུབ་པ་ཞིག་རེད། གཞན་སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། དགེ་འདུན་ལ་སྐྱབས་སུ་མཆིའོ། ཞེས་སྐྱོར་བསྡད་པ་གཅིག་པོས་བློ་གྲོས་རྒྱ་ཆེན་པོ་ཆགས་ཀྱི་ཡོད་པ་མ་རེད། གྲུབ་མཐའ་ཆ་ཚང་ལ་བལྟ་དགོས་པ་རེད། བཅོམ་ལྡན་འདས་ཀྱིས་གསུངས་ཡོད་པའི་བཀའ་དེ་གཞན་དང་མ་འདྲ་བ་ཞིག་ཡོད་པ་བཤད་ཡོང་དུས་དད་པ་བརྟན་པོ་ཞིག་ཡོང་གི་འདུག ཅེས་གསུངས་འདུག

ཡང་མགོན་པོ་གང་ཉིད་མཆོག་ནས། ང་ཚོ་བོད་ལ་གཙོ་བོ་ཚད་མ་རིག་པའི་འགྲོ་སྟངས་ཀྱི་ཐོག་ནས་རྟགས་གསལ་གཏོང་པ་ཞིག་ཡོད་པ་དེ་ཡག་པོ་ཞེ་དྲགས་རེད། ཐག་ཆོད་པའི་ཐོག་ནས་དེ་ཡིན་ན་ཁྱབ་པར་ཐལ་ཟེར་ནས་རྟགས་གསལ་བཏང་ཡོང་དུས། གནས་ཚུལ་ཞིབ་ཅིང་ཕྲ་བོའི་ཐོག་ནས་བཤད་ཀྱི་ཡོད་པ་ཞེ་བོ་ཕན་ཐོགས་པོ་འདུག ནང་པའི་ལུང་པ་ཚང་མ་ཞེ་དྲགས་ཡག་པོ་རེད། རྟགས་གསལ་བཏང་ནས་འགྲོ་བ་དེ་བོད་ལ་ནལེནྡྲའི་འགྲོ་སྟངས་ཀྱི་ཐོག་ནས་འགྲོ་བཞིན་ཡོད་པ་ཞིག་རེད། སློབ་དཔོན་ཕྱྭ་བ་ཆོས་ཀྱི་སེང་གེས་སྲོལ་གཏོད་པ་ནས་བཟུང་། བོད་ཀྱི་གདན་ས་ཆེན་པོ་གསུམ་གཙོ་བོར་གྱུར་བའི་དགོན་སྡེ་ཁག་ཏུ་རྟགས་གསལ་གཏོང་བཞིན་ཡོད། ཕྱྭ་བ་ཆོས་ཀྱི་སེང་གེའི་རྟགས་གསལ་ལ་དོ་སྣང་ཞེ་དྲགས་ཡོད་པ་ཞིག་རེད་འདུག ཅེས་གསུངས།

དེ་བཞིན་༧མགོན་པོ་གང་ཉིད་མཆོག་ནས། ལོ་རྒྱུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དཀྱིལ་དུ་བཞུགས་ཤིང་། ཕྱོགས་གཅིག་ཏུ་ཀ་མ་ལ་ཤཱི་ལ་བཞུགས་པ་དང་། ཕྱོགས་གཞན་ཞིག་ཏུ་རྒྱ་ཡི་མཁན་པོ་རྣམས་བཞུགས་ནས་བགྲོ་གླེང་བྱེད་སྐབས། ཀ་མ་ལ་ཤཱི་ལ་ཕྱོགས་ཀྱི་རིག་པའི་དཔྱད་གླེང་བྱེད་སྐབས་རྟགས་གསལ་ཟོལ་བྱས་ནས་བཏང་ཡོང་གི་ཡོད་པ་རེད། རྒྱ་རིགས་ཀྱི་དགེ་སློང་རྣམས་ཀྱིས་སྒོམ་བརྒྱབ་ནས་བཞུགས་པ་མ་གཏོགས། རྟགས་གསལ་སྐོར་སློབ་སྦྱོང་ཞེ་དྲགས་ཡོད་པ་མ་རེད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཀ་མ་ལ་ཤཱི་ལར་ཞིབ་ཚགས་པོའི་སྒོ་ནས་དཔྱད་པ་གཏོང་རྒྱུ་ཡོད་པ་ཡག་པོ་ཞེ་དྲགས་འདུག་ཅེས་གསུངས་ཡོད་པ་རེད། རྒྱ་ཡི་མཁན་པོ་ཚོས་སྒོམ་རྒྱག་རྒྱུ་མ་གཏོགས། རིག་པའི་དཔྱད་པ་གཏོང་རྒྱུ་དེ་ཙམ་མེད་པ་ཡིན་དུས། རྒྱ་ཡི་མཁན་པོ་ཚོ་རྒྱ་ནག་ཏུ་ལོག་ན་འགྲིག་གི་འདུག་གསུངས་པ་རེད། ང་ཚོས་ཁྱབ་དང་མ་ཁྱབ་ཅེས་རིག་པས་དཔྱད་པ་གཏང་ནས་འགྲོ་བ་དེ་ཞེ་བོ་ཕན་ཐོགས་པོ་རེད། དཔེར་ན་ངོས་རང་ལ་ཆ་བཞག་པ་ཡིན་ན། ཆུང་ཆུང་སྐབས་རྟགས་གསལ་གྱི་འགྲོ་སྟངས་བསླབས་ཡོད་པ་རེད། དེང་སང་ཚན་རིག་པ་རྣམས་དང་ཐུག་ནས་སྐད་ཆ་བཤད་དུས། ཆུང་ཆུང་སྐབས་བསྡུས་གྲྭ་བསླབས་ཡོད་པ་དེས་ཕན་ཐོགས་པོ་ཞེ་དྲགས་འདུག་ཅེས་བཀའ་སློབ་བསྩལ།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Nauru cuts diplomatic ties with Taiwan in favour of China.
Mobile App

ནཱ་རུ་རྒྱལ་ཁབ་ཀྱིས་ཐའེ་ཝན་དང་ཕྱི་འབྲེལ་བཅད།

༢༠༢༤/༠༡/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese