མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏན་འབེབ་བརྒྱད་དང་འགལ་བར་བསྙད་དེ་བོད་རིགས་མགོ་འཁྲིད་ཅིག་ལ་ཞིབ་བཤེར།

བོད་ཀྱི་དུས་བབ།
༢༠༢༣/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ཟླ་གཅིག་ཙམ་ནང་བོད་རིགས་མགོ་ཁྲིད་གཉིས་གཙོ་བོར་གྱུར་བའི་བོད་ཁུལ་གྱི་མཐོ་རིམ་མགོ་འཁྲིད་ལྔ་ཡས་མས་ལ་ཁྲིམས་འགལ་ཉེས་མིང་འོག་གནས་དབྱུང་བཏང་སྟེ་ཁྲིམས་བཤེར་བྱེད་ཀྱི་ཡོད་ལུགས་ཕྱིར་བསྒྲགས་བྱས་སོང་།

རྒྱ་ནག་གཞུང་གི་དྲ་ངོས་ཀྱི་དེ་འབྲེལ་གསར་འགྱུར།

ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་སྒྲིག་ཁྲིམས་བཤེར་ཁང་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོང་གསེབ་དར་སྤེལ་ཚན་པའི་མགོ་ཁྲིད་ཚེ་རིང་ཐར་ཞེས་པའི་བོད་མི་ཞིག་གིས། ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་ལ་རྒྱབ་འགལ་བྱས་པ།  སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་སྤུ་ཙམ་ཡང་མེད་པ་པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ཟེར་བ་དང་འགལ་ཡོད་ལུགས་དང་། ཡུན་རིང་དུ་ལག་རྟགས་དང་སྐྱེས་དངུལ་བླངས་པ། སྤྱི་པའི་རྒྱུ་ནོར་ལྐོག་ཉར་བྱས་ལུགས་སོགས་བརྗོད་དེ། དམག་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་དང་། སྲིད་གཞུང་གི་གོ་གནས་ནས་གནས་དབྱུང་བཏང་སྟེ་ཞིབ་དཔྱོད་ཁང་ལ་རྩིས་སྤྲད་ཡོད་འདུག་ལ། སྒེར་གྱི་རྒྱུ་དངོས་གཞུང་གིས་འཕྲོག་ཡོད་འདུག

ཚེ་རིང་ཐར་གྱིས་དེ་སྔོན་མཚོ་སྔོན་འབའ་རྫོང་གི་ཁྲིམས་བཤེར་ལྟ་རྟོག་ཁང་གི་རྒྱུན་ལས་དང་། ཕིན་ཨིན་རྫོང་གི་འཆར་ལྡན་བུ་སྐྱེས་ཁང་གི་འགན་འཛིན། ཡ་རྫི་རྫོང་གི་རྫོང་དཔོན་གཞོན་པ། མཚོ་ཤར་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་དང་། མི་རིགས་ཆོས་ལུགས་ལས་དོན་གྱི་མགོ་ཁྲིད་གཞོན་པ་བཅས་བྱས་ཡོད་འདུག

ཡང་ཀན་སུའུ་ཞིང་ཆེན་ཆིན་ཡང་གྲོང་ཁྱེར་མི་མང་ཁྲིམས་ཁང་ཟེར་བས་གསལ་བསྒྲགས་བྱས་པ་ལྟར་ན། ཀན་སུའུ་ཞིང་ཆེན་མིན་རྫོང་གི་དམར་ཤོག་དྲུང་ཡིག་ཟུར་བ་ཀོ་ཧྲི་ཅེ་(郭世杰)ཟེར་བ་ཞིག་གིས་རྒྱ་སྐོར་ཁྲི་ ༩༠༠༠ ལྷག་ལྐོག་ཟ་བྱས་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ། སྒེར་གྱི་རྒྱུ་དངོས་ཡོད་ཚད་གཞུང་གིས་འཕྲོག་ནས་མུ་མཐུད་ཁྲིམས་འདེད་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

བོད་རང་སྐྱོང་ལྗོངས་ཆུ་བེད་ལས་ཁུངས་ཀྱི་མགོ་འཁྲིད་ཟླ་བ་བཀྲ་ཤིས་ཞེས་པ་ཞིག་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་ལུགས་བརྗོད་དེ་ཞིབ་བཤེར་བྱེད་བཞིན་ཡོད་འདུག དེ་བཞིན་བོད་རང་སྐྱོང་ལྗོངས་དམར་ཤོག་སྐོར་ཞིབ་ཚོགས་ཆུང་གི་ཐིང་རིམ་པ་གཞོན་པའི་སྐོར་ཞིབ་ཆེད་བསྐོས་པ་ཟུར་པ་ལུའོ་ཧུང་ཞེས་པ་ཞིག་གིས་ཀྱང་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་ལུགས་བརྗོད་དེ། དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་དང་ལས་གནས་ནས་གནས་དབྱུང་བཏང་སྟེ་ཁྲིམས་བཤེར་བྱེད་བཞིན་ཡོད་ལུགས་བསྒྲགས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༩ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese