མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐྱབས་རྗེ་ཀིརྟི་སྐུ་ཕྲེང་བཅུ་གཅིག་གི་འཁྲུངས་གཞིས་ཀྱི་ངག་རྒྱུན་ལོ་རྒྱུས་ཀྱི་ཕྱག་དེབ་གཉིས་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧སྐྱབས་རྗེ་ཀིརྟི་སྐུ་ཕྲེང་དང་པོ་ནས་བཅུ་གཅིག་བར་གྱི་འཁྲུངས་གཞིས་མི་འདྲ་བའི་ངག་རྒྱུན་ལོ་རྒྱུས་གསལ་བའི་ཕྱག་དེབ་སྟོད་སྨད་གཉིས་ཅན་ཞིག་དབུ་འབྱེད་གནང་སོང་།

༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་གི་འཁྲུངས་གཞིས་སོགས་ཀྱི་ངག་རྒྱུན་ལོ་རྒྱུས་དེབ་གཉིས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འབྱེད་གནང་། ༢༠༢༣།༠༨།༧ དུས་བབ་ཀྱི་པར།

དེ་རིང་ཕྱི་ཟླ་ ༨ ཚེས་ ༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩།༣༠ ཐོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། ༸སྐྱབས་རྗེ་ཀིརྟི་སྐུ་ཕྲེང་བཅུ་གཅིག་གི་འཁྲུངས་གཞིས་གཟའ་རུ་རོང་འབྲོག་ཐུན་མོང་གི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་འགྲེམས་སྤེལ་ཞུས་པའི་སྐུ་ཕྲེང་བཅུ་གཅིག་གི་འཁྲུངས་གཞིས་ཀྱི་ངག་རྒྱུན་ལོ་རྒྱུས་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཞེས་པའི་སྟོད་སྨད་གཉིས་ཅན་གྱི་ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་། མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས་དང་། བཀའ་ཟུར་འཕགས་པ་ཚེ་རིང་ལགས། བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་ལགས་བཅས་ཀྱི་དབུས། བོད་མི་མང་སྤྱི་འཐུས་དང་ལྷན་ཁང་ཁག་ཅིག་གི་དྲུང་ཆེ་རྣམ་པ། དེ་བཞིན་རྩོམ་པ་པོ་དང་། ཉམས་ཞིབ་པ། དྷ་ས་ཁུལ་གྱི་དོན་གཉེར་ཅན་གྱི་སེར་སྐྱ་མི་མང་ཁག་ཅིག་བཅས་འཛོམས་འདུག

འདི་གའི་གསར་འགོད་པས་ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་གནས་སློབ་དཔོན་ཆེན་མོ་རེ་མདོ་སེང་གེ་ལགས་སུ་ཕྱག་དེབ་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས། གནའ་སྔ་མོ་སྟོན་པའི་སྐབས་ཀྱི་དགྲ་བཅོམ་པ་ཉེ་བར་འཁོར་ནས་ད་ལྟའི་བར་དུ་འཁྲུངས་རབས་ ༥༥ བགྲངས་སྲོལ་གྱི་ལོ་རྒྱུས་ཤིག་ཡོད་པ་རེད། ང་ཚོའི་ལོ་རྒྱུས་དེ་དག་ངག་རྒྱུན་དུ་བཤད་པ་མིན་པར་འཁྲུངས་རབས་སུ་གསལ་བོ་རེད། ཐང་གའི་ཐོག་ནས་སྐུ་ཕྲེང་རིམ་བྱོན་བཞེངས་སྲོལ་ཡང་གནའ་སྔ་མོ་ནས་ཡོད་བསྡད་པ་ཞིག་རེད། ཐེངས་འདིའི་སྐུ་ཕྲེང་བཅུ་གཅིག་གི་འཁྲུངས་གཞིས་ཀྱི་ངག་རྒྱུན་ལོ་རྒྱུས་ནང་དུ། བླ་མ་སོ་སོའི་ལོ་རྒྱུས་གཅིག་པོ་མ་ཡིན་པར་བླ་མ་སོ་སོ་འཁྲུངས་སའི་སྤྱི་ཚོགས་ཀྱི་ཆབ་སྲིད་ལོ་རྒྱུས་དང་། ཆོས་ལུགས་ཀྱི་ལོ་རྒྱུས། སྤྱི་ཚོགས་ཀྱི་གནས་སྟངས། སྐབས་དེའི་མི་སོ་སོའི་འཚོ་བའི་གནས་སྟངས་དང་། དཔལ་འབྱོར་གྱི་གནས་སྟངས། སྤྱི་ཚོགས་ཡོངས་ཀྱི་སྒྲོམ་གཞི་ནས་བཟུང་ཞིབ་འཇུག་གཏིང་ཟབ་པོའི་ཐོག་ནས་བྲིས་ཡོད་པ་ཞིག་རེད། འདིའི་ནང་དུ་བླ་མའི་རྣམ་ཐར་ཕལ་བ་དང་། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཀྱི་གནས་སྟངས་གཙོ་བོའི་ཚུལ་དུ་བྲིས་ཡོང་དུས། བོད་ཁམས་སྤྱི་ཡོངས་ཀྱི་ལོ་རྒྱུས་དང་། ལྷག་པར་དུ་མདོ་སྨད་ལྷོ་བྱང་རྒྱུད་ཀྱི་ལོ་ངོ་ ༦༠༠ ལྷག་རིང་གི་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་ཧ་ཅང་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་རེད། དེ་ཡང་ང་ཚོའི་བསམ་ཚུལ་རྐྱང་པ་མ་ཡིན་པར་ལོ་རྒྱུས་ཕྱག་དེབ་འདི་བཀླག་པ་ཡིན་ན་གསལ་བོ་རེད། སྤྱིར་ང་ཚོར་ལོ་རྒྱུས་ཀྱི་ཕྱག་དེབ་མང་པོ་ཡོད་པའི་ནང་དུ། ལྷ་སྒྲུང་གི་ཟོལ་དང་ཆོས་ལུགས་ཁས་མི་ལེན་མཁན་གྱིས་བལྟས་པ་ཡིན་ན་ལམ་སང་ཁས་ལེན་མ་ཐུབ་དེ་འདྲ་ཡོང་གི་འདུག ཕྱག་དཔེ་འདི་ལྟ་བུར་མཚོན་པ་ཡིན་ན། ཞིབ་འཇུག་གི་རང་བཞིན་སྟེང་ནས་བྲིས་ཡོད་དུས། སྐུ་ཕྲེང་སོ་སོའི་འཁྲུངས་ཡུལ་གང་ཡིན་པ་དེའི་ཡུལ་ཁམས་ཡོངས་ཀྱི་ལོ་རྒྱུས། སྐུ་ཕྲེང་སོ་སོ་འཁྲུངས་སའི་ཁྱིམ་ཚང་དང་། གྲོང་པ་གང་ཡིན་པ་དེ་དང་དེ་འབྲེལ་གྱི་གནས་ཚུལ་ཧ་ཅང་ཞིབ་ཚགས་ཀྱིས་བྲིས་ཡོད་འདུག དེ་དག་ཀྱང་ཡིག་ཐོག་ཏུ་ཡོད་པ་དང་། རྣམ་ཐར་རྐྱང་པ་ཙམ་ལ་གཞི་བཅོལ་བ་མ་ཡིན་པར་ཡིག་ཐོག་ཏུ་མ་འཁོད་པའི་ས་གནས་དེ་གའི་མི་རྒན་པ་རྣམས་སུ་ངག་རྒྱུན་གྱི་ལོ་རྒྱུས་ཁུངས་ལྡན་རྩད་གཅོད་བྱས་པར་ཟུར་རྒྱན་གྱི་ཚུལ་དུ་བྱས་ཡོད་པས། དེབ་འདི་མ་འདྲ་བ་ཞིག་འདུག ལོ་རྒྱུས་ཞིབ་འཇུག་བྱེད་མཁན་ཞིག་ལ་མཚོན་པ་ཡིན་ནའང་ལོ་རྒྱུས་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་ཆགས་འདུག་བསམ་གྱི་འདུག ཅེས་བརྗོད་བྱུང་།

ཕྱག་དེབ་པར་སྐྲུན་དང་འབྲེལ་བའི་སྐོར་ལ་ཁོང་གིས། སྤྱིར་དེབ་གཅིག་པར་སྐྲུན་བྱེད་པར་དེབ་འབྲི་མྱོང་མཁན་ཞིག་ཡིན་ན་དཀའ་ངལ་ག་ཚོད་ཡོད་པ་ཧ་གོ་ཡི་རེད། ཤོག་བུ་རེ་འབྲི་བར་ཡི་གེ་རེ་རེ་བྱས་ནས་ཀླད་པ་འགུལ་སྐྱོད་བྱས་པ་ཙམ་མིན་པར། དེའི་རྒྱབ་ལྗོངས་སུ་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པའི་བསམ་བློ་མང་པོ་གཏོང་དགོས། དེབ་འདི་པར་སྐྲུན་གྱི་བརྒྱུད་རིམ་དུའང་དཀའ་ལས་ཞེ་དྲགས་བརྒྱབ་ཡོད་པ་རེད། དེབ་འདི་ཡང་བོད་ནས་མི་ཁ་ཤས་ཀྱིས་འགན་འཁུར་ནས་ལོ་མང་པོའི་རིང་ཞིབ་འཇུག་གིས་རྩོམ་སྒྲིག་གནང་བར་དཀའ་ལས་བརྒྱབ་པ་ཞིག་རེད། ཡིན་ནའང་བོད་ནང་དུ་པར་སྐྲུན་བྱེད་པར་དཀའ་ངལ་འཕྲད་ཡོད་རྐྱེན། ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་ལོ་ ༨༢ ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན། རིན་པོ་ཆེ་མཆོག་གི་འཁྲུངས་ཡུལ་མདོ་སྨད་མཛོད་དགེ་གཟའ་རོང་འབྲོག་མི་མང་གིས་རྒྱབ་སྐྱོར་ལ་བརྟེན་ནས་པར་སྐྲུན་བྱེད་ཐུབ་པ་བྱུང་བ་རེད། བོད་ཀྱི་བླ་མ་དང་སྐྱེས་ཆེན་རྣམས་ཀྱི་འཁྲུངས་གཞིས་ཀྱི་ལོ་རྒྱུས་སོགས་འདི་ལྟ་བུ་ཞིག་འབྲི་བའི་ཕྱག་ལས་གནང་ཐུབ་ཚེ། བོད་ཁམས་སྤྱི་ཡོངས་ཀྱི་ལོ་རྒྱུས་ཀྱང་ཡིག་ཐོག་ཏུ་གསལ་བོ་ཆགས་ཐུབ་པ་ཞིག་རེད། དེ་ནི་ལོ་རྒྱུས་ཕྱག་དཔེ་འདིའི་ཁྱད་ཆོས་གཙོ་བོར་མཐོང་གི་འདུག་ཅེས་བརྗོད་བྱུང་།

༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་གི་འཁྲུངས་གཞིས་སོགས་ཀྱི་ངག་རྒྱུན་ལོ་རྒྱུས་དེབ་གཉིས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འབྱེད་གནང་། ༢༠༢༣།༠༨།༧ དུས་བབ་ཀྱི་པར།

མཛད་སྒོའི་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ངག་རྒྱུན་ལོ་རྒྱུས་སྐོར་ནས་བཤད་ཡོང་དུས། བོད་པ་གཅིག་པོ་མིན་པར་འཛམ་གླིང་ས་ཕྱོགས་གང་སར་ཡི་གེ་མ་བྱུང་སྔོན་ལ་ངག་རྒྱུན་ལོ་རྒྱུས་རྐྱང་རེད། སངས་རྒྱས་བཅོམ་ལྡན་གྱི་རྣམ་ཐར་དང་། ཡི་ཤུ་མ་ཤི་ཀ་སོགས་ཀྱི་སྔོན་མའི་སྐྱེས་བུ་དམ་པ་རྣམས་ཀྱི་ལོ་རྒྱུས་དངོས་གནས་ཡིན་མིན་ཐད་རྩོད་པ་ཞེ་དྲགས་ཡོད་པ་རེད། དེའི་སྐབས་སུ་ཡི་གེ་མེད་པས་ཁུངས་སྐྱེལ་བྱེད་པར་རྙོག་དྲ་ཆེན་པོ་རེད། ཕྱི་ལོ་ ༡༩༤༠ ཙམ་ནས་བཟུང་ནུབ་ཕྱོགས་པའི་ནང་དུ་ངག་རྒྱུན་རྣམས་སྒྲ་འཇུག་བྱས་ཏེ་ཡིག་ཐོག་ཏུ་བཀོད་པ་རེད། དེ་དག་ལ་བསམ་བློ་བཏང་དུས་ང་ཚོ་སྐྱབས་བཅོལ་བ་ཡིན་ཡང་། ༧སྐུ་མདུན་གྱི་ཐུགས་རྗེ་བཀའ་དྲིན་ལ་བོད་ཀྱི་དཔེ་མཛོད་ཁང་བཙུགས་ནས་ལོ་ ༣༠ ལྷག་འགྲོ་བཞིན་འདུག ང་ཚོ་ཞེ་དྲགས་རྗེས་ལུས་ཐེབས་མི་འདུག ངའི་ཉམས་མྱོང་ཐོག་བཤད་ན་ངག་རྒྱུན་ལོ་རྒྱུས་ནང་དུ་མི་རབས་དེ་གའི་མྱོང་ཚོར་དང་། མཐོང་ཐོས་སོགས་ཕྱོགས་ཚང་མར་སྐད་ཆ་འདྲི་དགོས་ཀྱི་ཡོད་པ་རེད། ང་ཚོའི་ངག་རྒྱུན་ལོ་རྒྱུས་དེབ་ ༥༠ ཙམ་པར་སྐྲུན་བྱས་ཡོད་ཅིང་། དེ་དག་ཚང་མ་ལོ་རྒྱུས་ཤ་སྟག་ཆགས་ཀྱི་རེད་དམ་ཞེ་ན་དེ་དྲི་བ་རེད། ལོ་རྒྱུས་ཁུངས་ལྡན་ཆགས་དགོས་ན་ལོ་ཚིགས་དང་། ཚེས་གྲངས་སོགས་ཏག་ཏག་དགོས་པ་རེད་ཅེས་བརྗོད་སོང་།

དེ་བཞིན་བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས་ཀྱིས། ཀིརྟི་རིན་པོ་ཆེ་སྐུ་ཕྲེང་དང་པོ་ནི་རྗེ་ཙོང་ཁ་བ་རིན་པོ་ཆེའི་དངོས་སློབ་ཅིག་ཆགས་ཀྱི་འདུག་ཅིང་། སྐུ་ཕྲེང་དང་པོ་ནས་བཅུ་གཅིག་པོ་ཚང་མ་མདོ་སྨད་ཀྱི་ཡུལ་མ་འདྲ་བ་རེ་ནས་འཁྲུངས་བར་བཀའ་བཀོད་རྒྱུ་མཚན་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག སྤྱིར་སྐྱེས་བུ་དམ་པ་རྣམས་ཀྱིས་བསམ་བཞིན་དུ་སྲིད་པ་བཟུང་བ་དང་། སྐུ་ཕྲེང་རྗེས་མ་རྣམས་ཀྱིས་སྐུ་ཕྲེང་གོང་མའི་མཛད་པའི་འཕྲོ་བསྐྱངས་བར་ཕེབས་ཀྱི་ཡོད་པའང་ཤེས་ཀྱི་འདུག མདོ་སྨད་ཁུལ་ལ་མཚོན་པ་ཡིན་ན་ཕལ་ཆེར་ཆོས་བརྒྱུད་གཞན་པ་རྣམས་སྔོན་ལ་དར་ཡོད་འདུག རྗེ་རིན་པོ་ཆེས་རི་བོ་དགེ་ལུགས་པའི་སྲོལ་བཏད་རྗེས་ཁོང་གི་དངོས་སློབ་རྣམས་ཀྱིས་དར་སྤེལ་མཛད། མདོ་སྨད་རྒྱལ་རོང་ཁུལ་དུ་ཀིརྟི་སྐུ་ཕྲེང་དང་པོ་དང་ངག་དབང་གྲགས་པ་གཉིས་ཀྱི་འཕྲིན་ལས་ལ་བརྟེན་ནས་རི་བོ་དགེ་ལུགས་པའི་བསྟན་པ་སྤེལ་ཡོད་ཅིང་། དེ་ནས་རིམ་བཞིན་མདོ་སྨད་ཁུལ་དུ་ཡོངས་ཁྱབ་ཏུ་དར་སྤེལ་བྱུང་བ་ཞིག་ཡིན་འདུག་ཅེས་བརྗོད་སོང་།

མཇུག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ༧སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་གི་འཁྲུངས་གཞིས་ཀྱི་ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་གཉིས་ནང་དུ། དང་པོ་འཁྲུངས་གཞིས་དང་མཉམ་དུ་དེའི་ས་ཆའི་ཆགས་སྟངས་དང་། མིང་འདོགས་སྟངས། ལོ་རྒྱུས་ཀྱི་གནས་བབ་མང་པོ་ཞིག་བཀོད་འདུག དེ་བཞིན་རིན་པོ་ཆེའི་ཡབ་ཡུམ་གྱི་གདུང་རྒྱུད་ཆ་ཚང་རིམ་པ་བཞིན་བཀོད། དེ་ནས་རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས་སུ་བཀོད་ཡོད་པ་དང་། རིན་པོ་ཆེའི་གདུང་རྒྱུད་ཀྱི་སྐུ་ཚ་སོགས་ཞིབ་ཚགས་ཀྱིས་བྲིས་འདུག ང་རང་ལ་ཕན་ཐོགས་པོ་ཞེ་དྲགས་བྱུང་། བྱུང་རབས་ལ་ལྟ་མཁན་ཞིག་དང་ཞིབ་འཇུག་པ་ཞིག་ཡིན་ཚེ་ཞིབ་ཚགས་ཀྱིས་བལྟ་དགོས་སའང་མང་པོ་འདུག རྩོམ་སྒྲིག་པ་ཚོ་ཡིན་ནའང་ད་དུང་ཞིབ་འཇུག་བྱེད་དགོས་པ་མང་པོ་ཞིག་འདུག ཕྱག་དེབ་འདི་གཉིས་རྩོམ་འབྲི་བྱེད་པར་དུས་ཚོད་མང་པོ་དགོས་པར་བསམ་གྱི་འདུག འདིའི་ནང་དུ་བཀོད་པའི་གདུང་རྒྱུད་ཚང་མ་བརྩད་གཅོད་བྱེད་དུ་འགྲོ་དགོས་དུས་ལས་སླ་བོ་ཡོད་པ་མ་རེད། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་གི་བྱུང་རབས་དང་འབྲེལ་བའི་གནས་ཚུལ་ཆ་ཚང་བཤད་ཡོང་དུས། སྐུ་ཕྲེང་རེ་ལ་འཁྲུངས་ཡུལ་དང་། འཁྲུངས་གཞིས། གདུང་རྒྱུད་མི་འདྲ་བ་ཡོད་པས། དེའི་ནང་དུ་སློབ་སྦྱོང་བྱ་རྒྱུ་ཡོད་པ་མང་པོ་མཐོང་སོང་། ལྷག་པར་དུ་བྱུང་རབས་ཀྱི་ཐོག་ནས་དེ་གནད་འགག་ཆེན་པོ་ཞིག་ཏུ་མཐོང་སོང་། སྤྱིར་བཏང་བླ་མའི་མཛད་པ་རྣམ་ཐར་མང་པོ་ཞིག་ཡོང་གི་ཡོད་པ་རེད་དེ། བྱུང་རབས་དང་འབྲེལ་ནས་གདུང་རྒྱུད་སོགས་བཤད་ཡོང་སྐབས། ད་ལྟའི་དུས་སུ་གནད་འགག་ཆེན་པོ་ཞིག་ཏུ་མཐོང་གི་འདུག མདོ་དབུས་ཁམས་གསུམ་གྱི་སྐྱེས་ཆེན་ཚོའི་རྣམ་ཐར་དེབ་འདི་བཞིན་ཏུ་རྩོམ་ཐུབ་པ་ཡིན་ན། བོད་ཀྱི་ཆོས་འབྱུང་དང་རྒྱལ་རབས་ཐམས་ཅད་ཀྱི་སྙིང་པོ་བསྡུས་ནས་ལོ་རྒྱུས་ཀྱི་གནས་སྟངས་མང་པོ་ཤེས་ཐུབ་པ་འདུག ཕར་བལྟས་པ་ཙམ་གྱིས་དེབ་འདི་གཉིས་པོ་ལས་སླ་མདོག་ཏུ་མཐོང་ཡང་། འདིའི་ནང་དུ་ལོ་མང་པོའི་རིང་དཀའ་ངལ་བརྒྱབ་པའི་གནད་འགག་མཐོང་ཡོང་གི་འདུག ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering during the meeting with executive members of Tibetan Association of NY & NJ.
Mobile App

སྲིད་སྐྱོང་མཆོག་ཨ་རིའི་ནེའུ་མེག་སི་ཁོ་རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༤/༡༢/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཀི་རན་རི་ཇི་ཇུ་ལགས།
Mobile App

སྲིད་སྐྱོང་མཆོག་གིས་སྐུ་ཞབས་རི་ཇི་ཇུ་ལགས་ལ་འཚམས་འདྲི་གནང་།

༢༠༢༤/༠༦/༡༣
Uncategorized

བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་དབུ་འབྱེད་གནང་སོང་།

༢༠༢༤/༠༤/༡༨
Mobile App

ཉིན་གྲངས་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོག་མགོ་བཙུགས།

༢༠༢༤/༠༣/༡༢
རིག་གཞུང་སྲུང་སྐྱོབ་ལས་གཞིའི་འབྲེལ་ཡོད་ལས་བྱེད་རྣམས། དུས་བབ་ཀྱི་པར། ༢༠༢༣།༡༡།༠༣
Mobile App

བོད་ཀྱི་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་གཞི་དབུ་འབྱེད་གནང་སོང་།

༢༠༢༣/༡༡/༠༣
Sikyong addressed the Tibetan community and engaged in a Q&A session.Photo:Tibet.net
Mobile App

སྲིད་སྐྱོང་མཆོག་ནས་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༣/༡༠/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese