མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ཀྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པའི་གནད་དོན་གསལ་བཤད་དགོས་པའི་སྐུལ་མ་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་དམིགས་བསལ་རྟོག་ཞིབ་སྡེ་ཚན་གསུམ་གྱིས། རྒྱ་ནག་གཞུང་ནས་འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་ཁོར་ཡུག་སྲུང་སྐྱོབ་པ་དགུའི་གནས་སྟངས་གསལ་བཤད་དགོས་པའི་སྐུལ་མ་བཏང་འདུག

Credit: © Reuters.

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་དམིགས་བསལ་རྟོག་ཞིབ་སྡེ་ཚན་དང་། ཆོས་དད་རང་དབང་གི་རྟོག་ཞིབ་སྡེ་ཚན། ཁོར་ཡུག་སྲུང་སྐྱོབ་ཀྱི་རྟོག་ཞིབ་སྡེ་ཚན་བཅས་རྒྱལ་ཚོགས་ཀྱི་དམིགས་བསལ་སྡེ་ཚན་གསུམ་གྱིས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ། རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དགུའི་ད་ལྟའི་གནས་སྟངས་དང་བཙོན་འཇུག་བྱེད་དོན་ཅི་ཡིན་སོགས་ཀྱི་རྒྱུ་མཚན་གསལ་བཤད་དགོས་པའི་སྐུལ་མ་བཏང་འདུག

དེ་འབྲེལ་གནས་ཚུལ་ནང་། རྒྱལ་ཚོགས་ཀྱི་ཚོགས་པ་དེ་དག་གིས། རྒྱ་ནག་གཞུང་ནས་བོད་མི་དགུ་ལ་དུས་ཐོག་སྨན་བཅོས་ལྟ་སྐྱོང་དང་ནང་མིར་ཐུག་འཕྲད་སོགས་བྱེད་དུ་འཇུག་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་དེ་དག་གི་གནས་ཚུལ་གསང་རྒྱ་བྱས་ནས་འཇོག་དོན་ནི། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གནས་ཚུལ་རྒྱལ་སྤྱིའི་དོ་སྣང་བྱེད་པར་བཀག་འགོག་བྱེད་ཐབས་ཤིག་ཡིན་པའི་འགྲེལ་བརྗོད་བྱས་འདུག

འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཀཱེ་མོའུ་ལཱར་ལགས་ཀྱིས། ང་ཚོས་རྒྱལ་ཚོགས་ཀྱི་དམིགས་བསལ་རྟོག་ཞིབ་ཚན་པས་རྒྱ་ནག་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཐོག་གདོང་ལེན་ཤུགས་ཆེན་བྱས་པར་དགའ་བསུ་ཞུ་ཡི་ཡོད། ཅེས་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མདུན་དུ་ཁོར་ཡུག་སྲུང་སྐྱོབ་གལ་ཆེན་དུ་རྩི་ཡི་ཡོད་ཟེར་བ་ཙམ་ལས། བོད་ཀྱི་ཁོར་ཡུག་གཏོར་བརླག་གཏོང་གི་ཡོད་པའི་གནས་སྟངས་སོགས་ཕྱི་གསལ་ནང་གསལ་བཟོ་དགོས་པ་མ་ཟད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པར་ཉེས་ཆད་གཅོད་རྒྱུ་མཚམས་འཇོག་དང་བོད་མི་ཁོར་ཡུག་སྲུང་སྐྱོབ་པ་རྣམས་ཀློད་གྲོལ་བཏང་བའི་ཐོག་ནས་རྒྱ་ནག་གིས་ཁོར་ཡུག་སྲུང་སྐྱོབ་གལ་ཆེར་བརྩི་ཡི་ཡོད་པའི་བདེན་དབང་ར་སྤྲོད་བྱ་དགོས་ཞེས་བརྗོད་འདུག

ཡང་མོའུ་ལཱར་ལགས་ཀྱིས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས། ཕྱི་ལོ་ ༢༠༢༤ ལོའི་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་རེས་འཁོར་སྙན་ཐོ་བསྐྱར་ཞིབ་ཚོགས་ཆེན་སྟེང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ནས་བོད་མི་ཁོར་ཡུག་སྲུང་སྐྱོབ་པ་དེ་དག་ལ་ཉེས་མེད་བཙོན་འཇུག་བྱས་པའི་གནད་དོན་སོགས་གླེང་སློང་དགོས་པའི་འབོད་སྐུལ་ཡང་བྱས་འདུག

རྒྱལ་ཚོགས་ཀྱི་དམིགས་བསལ་རྟོག་ཞིབ་སྡེ་ཚན་གྱིས་མིང་འདོན་བྱས་པའི་བོད་མི་ཁོར་ཡུག་སྲུང་སྐྱོབ་པ་དག་ནི། ཨ་ཉ་སེང་སྒྲ་ལགས་དང་སྐལ་བཟང་མཆོག་གླིང་།  རྡོ་རྗེ་འབྲུག་གྲ། དོན་རྒྱས། རིན་ཆེན་རྣམ་གྲོལ། ཚུལ་ཁྲིམས་མགོན་པོ། བྱང་ཆུབ་དངོས་གྲུབ། སོག་རུ་ཨ་བྷོ། རྣམ་སྲས་བཅས་ཡིན་པ་དང་། ཁོང་ཚོ་ཚང་མས་རྒྱ་ནག་གི་གཏེར་ཁ་སྔོག་འདོན་དང་ཡང་ན་རི་སྐྱེས་སེམས་ཅན་སོགས་ལ་གནོད་འཚེའི་བྱ་སྤྱོད་རིགས་ལ་ངོ་རྒོལ་བྱས་སྟབས་འཛིན་བཟུང་བྱས་ཡོད་པ་དང་། རིན་ཆེན་རྣམ་གྲོལ་དང་ཚུལ་ཁྲིམས་མགོན་པོ། དོན་རྒྱས་དང་བྱང་ཆུབ་དངོས་གྲུབ། སོག་རུ་ཨ་བྷོ་དང་རྣམ་སྲས་བཅས་ལ་ལོ་ ༡༡ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག འོན་ཀྱང་། རྒྱ་ནག་གཞུང་གིས་ཁོ་ཚོའི་གནས་སྟངས་སྐོར་གྱི་གནས་ཚུལ་གཅིག་ཀྱང་ཡོངས་བསྒྲགས་བྱེད་ཀྱི་མེད་པ་རེད།

ཉེ་བའི་ལོ་མང་རིང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་དང་འཛུགས་སྐྲུན། ཆུ་མཛོད་བརྒྱབ་པ། གྲོང་ཁྱེར་ཅན་དུ་བསྒྱུར་བ་སོགས་ཀྱི་མིང་ཐོག་ནས་བོད་ས་ཁྱོན་ཡོངས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོས་དང་བཟོ་མུས་ཡིན་པ་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་མང་པོ་ཞིག་གིས་ཀྱང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པའི་གནས་སྟངས་འོག་འཛིན་བཟུང་བྱས་དང་བྱེད་བཞིན་པ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese