མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ཧཱ་ཝེ་མངའ་སྡེ་མི་མང་ལ་ཐུགས་གསོ་མཛད།

བོད་ཀྱི་དུས་བབ།
༢༠༢༣/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་མངའ་སྡེ་ཧཱ་ཝེ་མི་མང་ལ་ཐུགས་གསོའི་གསུང་འཕྲིན་བསྩལ།

His Holiness the Dalai Lama at the University of Hawaii on April 15, 2012. Photo/JHook/Civil Beat

ཉེ་ལམ་ཨ་རིའི་ཧཱ་ཝའེ་མངའ་སྡེའི་ (Maui) མཚོ་གླིང་དུ་མེ་སྐྱོན་ཚབས་ཆེན་ཤོར་བའི་རྐྱེན་གྱིས་མི་མང་པོའི་ཚེ་སྲོག་ཤོར་བ་དང་། རྒྱུ་དངོས་སོགས་ལ་་གཏོར་སྐྱོན་ཐེབས་པར་བརྟེན། མངའ་སྡེ་དེའི་མི་མང་སྤྱི་དང་དམིགས་བསལ་གནོད་འཚེ་ཐེབས་པའི་ཤུལ་ལུས་ནང་མི་རྣམས་ལ། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་ཧཱ་ཝེ་མངའ་སྡེའི་སྲིད་སྐྱོང་རྗོ་ཤི་གྷི་རིན་ (Josh Green) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ནང་། ངོས་རང་ཨ་རིའི་ཧཱ་ཝེ་མངའ་སྡེ་དང་ (Maui) མཚོ་གླིང་དུ་ཐེངས་ཁ་ཤས་རིང་བསྐྱོད་པའི་བསྐལ་བ་བཟང་པོ་བྱུང་། ཧཱ་ཝེ་མི་མང་གིས་ངོས་ནས་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་གཏོང་བར་དགའ་མོས་བྱེད་བཞིན་པར་རྗེས་སུ་ཡི་རངས་ཡོད། ད་དུང་ཧཱ་ཝེ་མི་མང་དང་འབྲེལ་ལམ་བྱེད་སྐབས། མི་མང་གིས་རང་གི་རྒྱུན་སྲོལ་གོམས་གཤིས་དང་ཤུལ་བཞག་རིག་གནས་ལ་དད་གུས་གཏིང་ཟབ་བྱེད་བཞིན་པར་སེམས་འགུལ་ཐེབས་བྱུང་། དེར་བརྟེན། ད་རབ་མེ་སྐྱོན་ཚབས་ཆེན་ཤོར་ཏེ་ལོ་རྒྱུས་ལྡན་པའི་རྒྱལ་ས་གཏོར་སྐྱོན་ཕྱིན་པ་ཤེས་རྟོགས་བྱུང་བར་དམིགས་བསལ་གྱིས་བློ་ཕམ་ཆེན་པོ་བྱུང་། ངོས་ནས་ཁྱེད་དང་ཧཱ་ཝེ་མི་མང་རྐྱེན་ངན་དེ་ལས་གཡོལ་ཐུབ་པའི་སྨོན་ལམ་འདེབས་ཀྱི་ཡིན།

གཏོར་སྐྱོན་ཕྱིན་པའི་ཁང་པ་དག་བཟོ་བཅོས་བྱེད་མི་ཐུབ་པ་ཞིག་ཡིན་སྲིད་དུས། ཧཱ་ཝེ་མངའ་སྡེ་དང་སྤྱི་མཐུན་སྲིད་གཞུང་། དེ་བཞིན་ཚོགས་སྡེ་ཁག་གཞན་གྱིས་རྐྱེན་ངན་འདིའི་ཁྲོད་ནས་གནོད་འཚེ་ཕོག་མཁན་གྱི་མི་རྣམས་ལ་རོགས་རམ་དང་རྒྱབ་སྐྱོར་བྱ་དགོས་ངེས་རེད། ཅེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཝི་ཏི་ནམ་གྱི་དད་ལྡན་མཇལ་བཅར་བ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཐའེ་ཝན་གྱི་ཚན་རིག་པ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༤
His Holiness the Dalai Lama's brief talk to students from Harvard University at Leh Ladakh 2023/08/21
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཧ་ཝར་ཌི་སློབ་ཆེན་གྱི་སློབ་མ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༨/༢༡
༧གོང་ས་མཆོག གསུང་འཕྲིན།

རང་བྱུང་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པའི་འཛམ་གླིང་མི་མང་ལ་ཐུགས་གསོ་མཛད།

༢༠༢༣/༠༨/༡༡
His Holiness the Dalai Lama and Himachal Pradesh Chief Minister Sukhvinder Singh Sukhu together at celebrations marking His Holiness's 88th birthday at the Main Tibetan Temple courtyard in Dharamsala, HP, India on July 6, 2023. Photo by Tenzin Choejor
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་མི་མང་ལ་ཐུགས་གསོ་མཛད།

༢༠༢༣/༠༧/༡༢
བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ཀྱི་རྐང་སྤོལ་རུ་ཁག་ཁོ་ནི་ཧྥ་རྐང་སྤོལ་འགྲན་སྡུར་ནང་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

༢༠༢༣/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese