མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔོན་པ་རུ་ཁག་ལ་སླར་ཡང་ཕྱི་ལོ་ ༢༠༢༣ ལོའི་དབྱར་སྐྱིད་གླུ་གཞས་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༤ འཁོར་བ་དང་བསྟུན་འདི་ལོའི་དབྱར་སྐྱིད་ཀྱི་གླུ་གཞས་སྒྱུ་རྩལ་འགྲན་བསྡུར་དེ་རྔོན་པ་རུ་ཁག་ལ་ཐོབ་སོང་།

བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༤ འཁོར་བ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣།༠༨།༡༡

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་བོད་ཀྱི་ཟློར་གར་ཚོགས་ཁང་དུ། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ ༦༤ འཁོར་བའི་དུས་དྲན་སྲུང་གཙི་དང་བསྟུན། ཟློས་གར་ཚོགས་པའི་རྔོན་པ་རུ་ཁག་དང་རྒྱ་ལུ་རུ་ཁག་དབར་དབྱར་སྐྱིད་ཀྱི་རྐང་བྲོ་གླུ་གཞས་དང་གཏམ་བརྗོད་ཀྱི་འགྲན་བསྡུར་ཁྲོད་ཁྱོན་བསྡོམས་ཀྱི་སྐར་གྲངས་ ༣༧༥ ལས་རུ་ཁག་གཅིག་ལ་སྐར་གྲངས་ ༣༠༡ དང་གཞན་དེར་སྐར་གྲངས་ ༢༨༧།༥༠ བཅས་ཆགས་ཏེ། ཕྱོགས་བསྡོམས་ཀྱི་རྒྱལ་ཁ་དེ་རྔོན་པ་རུ་ཁག་ལ་ཐོབ་སོང་།

དེ་རིང་གི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Shri Ajit Kumar) Nehria) མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོག་མཆོག་དང་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་ཁག དེ་བཞིན། བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་མི་ཟུར་བ་དང་འབྲེལ་ཡོད་རྣམ་པ་དང་གསར་འགོད་པ་བཅས་ཚང་འཛོམས་ཐོག ཟློས་གར་རིག་གཞུང་སྒྱུ་རྩལ་ཐོག་ཉམས་མྱོང་དང་ཆེད་མཁས་ཡིན་པའི་གཟུ་དཔང་བ་དགུའི་རྟོག་ཞིབ་འོག་མཛད་རིམ་དབུ་ཚུགས་སོང་།

སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་ཀྱིས། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༤ འཁོར་བའི་བརྒྱུད་རིམ་ངོ་སྤྲོད་གནང་ཞིང་། ད་སྔ་བར་བོད་ཀྱི་ཟློས་ཚོགས་པས་འཛམ་གླིང་རྒྱལ་ཁབ་ ༣༧ ཙམ་གྱི་ནང་བོད་ཀྱི་ངོ་བོ་མཚོན་པའི་རིག་གཞུང་སྒྱུ་རྩལ་འཁྲབ་སྟོན་གཟིགས་འབུལ་ཞུས་པ་བརྒྱུད། དུས་ནས་དུས་སུ་བོད་ནང་གི་བོད་མིའི་གནས་སྟངས་རྒྱལ་སྤྱིའི་སྟེང་དྲན་སྐུལ་བྱས་ཡོད་པ་དང་། བཙན་བྱོལ་དུ་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་ཡི་ཡོད་སྐོར་སོགས་བརྗོད་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣།༠༨།༡༡

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༤ འཁོར་གྱི་ཡོད་པ་དང་སྟབས་བསྟུན། བོད་ཀྱི་ཟློས་གར་ཚོགས་པའི་དབུ་བརྙེས་པ་ནས་ད་བར་མཛད་འགན་བཞེས་མཁན་གྱི་ཟློས་གར་འགན་འཛིན་གཙོ་བྱས་པའི་དགེ་སློབ་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་གལ་ཆེན་ཡིན་སྐོར་དང་འབྲེལ། མ་འོངས་པར་བོད་ཀྱི་རིག་གཞུང་ལས་ཟློས་གར་སྒྱུ་རྩལ་སྲུང་སྐྱོབ་བྱེད་པའི་འགན་དེ་ཟློས་གར་ཚོགས་པར་ཡོད་པ་དང་། བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་མི་ཟུར་བ་ཚོས་ག་དུས་ཡིན་ཡང་མ་འོངས་པར་ཟློས་གར་ཚོགས་པ་རྒྱུན་གནས་ཡོང་ཐབས་སུ་འགན་མཉམ་བཞེས་བྱས་པ་ཡིན་ན་ཐུགས་ཕན་གསོས་པ་དང་བོད་མིའི་སྒྲིག་འཛུགས་ངོས་ནས་ཟློས་གར་ཚོགས་པའི་ལས་དོན་ཅི་ཡོད་ཐོག་དུས་དང་རྣམ་པ་ཀུན་ཏུ་གང་ཡོང་ཅི་ཡོང་གནང་གི་ཡོད་སྐོར་དང་། ང་ཚོ་ལུས་པོའི་ཆ་ནས་རྒྱང་ཐག་རིང་དུ་འགྲོ་ཡི་ཡོད་ཀྱང་། སེམས་ནང་ནས་རང་ཉིད་བོད་པ་ཡིན་བསམ་པའི་ཀུན་སློང་གིས་བསླངས་ཏེ། ད་ལོ་གཅིག་པུར་ཆ་བཞག་ན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་མི་གཞོན་སྐྱེས་མང་པོ་ཞིག་དྷ་སར་ཕེབས་ནས་རང་རང་གི་སྐད་ཡིག་རིག་གཞུང་དང་བཅས་པར་དོ་སྣང་བྱས་པ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ཀྱི་རྒྱལ་སྤྱིའི་གཞོན་སྐྱེས་ཚོགས་འདུ་ཚོགས་ཏེ། དོན་གྱི་སྙིང་བོར་ད་ལྟའི་བཀའ་ཤག་གིས་རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས་ཟེར་བ་ལྟར། ད་ལྟ་ང་ཚོའི་མི་རབས་ཀྱིས་འགན་འཁུར་གྱིན་ཡོད་པ་དང་དེའི་སྔོན་ལ་མི་རབས་རྒན་པ་མང་ཞིག་གིས་འགན་འཁུར་བཞེས་ནས། བོད་མི་རིགས་ད་ལྟ་གནས་ཐུབ་ཡོད་པ་དང་། དེའི་སྒང་དུ་༧གོང་ས་མཆོག་གི་ཐུགས་རྗེ་བྱིན་རླབས་དང་བོད་ནང་དུ་བཞུགས་པའི་བོད་མི་ཚོའི་ལྷག་བསམ་ཟོལ་མེད་དང་སྙིང་སྟོབས་ཞུམ་པ་མེད་པའི་རྗེས་འབྲས་ལ་བརྟེན་ནས་ད་ལྟ་ང་ཚོ་གནས་ཐུབ་པ་དང་། གྲ་སྒྲིག་སྡུག་ས་ནས་བྱོས་ཟེར་བ་བཞིན། ང་ཚོའི་ལས་འགན་གྱི་ནང་ནས་ལས་འགན་ཆེ་ཤོས་ཤིག་ནི་མ་འོངས་པའི་མི་རབས་གཞོན་པ་ཚོས་བོད་སྤྱི་པའི་རྩ་དོན་གྱི་འགན་འཁུར་ཐུབ་པའི་གྲ་སྒྲིག་བྱ་རྒྱུ་དེ་ཡིན་སྐོར་སོགས་གསུངས་སོང་།

དེ་རིང་དབྱར་སྐྱིད་ཀྱི་གཞས་སྣ་སྒྱུ་རྩལ་འཁྲབ་སྟོན་གྱི་གཟུ་དཔང་དུ། རྩོམ་པ་པོ་ལྡུམ་ར་བསོད་ནམས་ལགས། ས་ར་བོད་ཀྱི་གཙུག་ལག་རབ་འབྱམས་པའི་རྩོམ་རིག་དགེ་རྒན་ཆེན་མོ་རྡོ་རྗེ་ཚེ་རིང་ལགས། བོད་ཀྱི་ཟློས་གར་ཟུར་པ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས། ཁ་རག་སྒྱུ་རྩལ་ཁང་གི་སྒྱུ་རྩལ་བ་ཁ་རག་སྤེན་པ་ལགས། དཔལ་རྫོང་སར་བཤད་གྲྭའི་མཐོ་སློབ་ཀྱི་རྩོམ་རིག་གཙུག་ལག་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དང་རྣམ་རྒྱལ་གྲྭ་ཚང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས། བོད་ཀྱི་ཟློས་གར་ཚོགས་པའི་ཟློས་དགེ་ཟུར་པ་བསྟན་འཛིན་ཆོས་ཉིད་ལགས། ས་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་ཆེན་མོ་གཙང་ཕྲུག་སྟོབས་ལགས། བཙན་བྱོལ་གྱི་(JJI)རོལ་ཚོགས་ཀྱི་བུ་རྒན་པ་འཇམ་དབྱངས་ལགས་བཅས་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Tsering Wangmo Satho awarded National Heritage Fellowship 2022. Photo: NEA
Mobile App

གཞས་མ་ཚེ་རིང་དབང་མོ་ལགས་སུ་ཨ་རིའི་ཆེས་མཐོའི་སྒྱུ་རྩལ་གཟེངས་བསྟོད་ཐོབ།

༢༠༢༢/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese