མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ལོ་རྒྱུས་ནང་ལོ་ངོ་བརྒྱ་ལྷག་རིང་བྱུང་མྱོང་མེད་པའི་མེ་སྐྱོན་བྱུང་།

བོད་ཀྱི་དུས་བབ།
༢༠༢༣/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ལོ་རྒྱུས་ནང་ལོ་ངོ་བརྒྱ་ལྷག་རིང་བྱུང་མྱོང་མེད་པའི་མེ་སྐྱོན་བྱུང་སྟེ་མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཆེན་ཐེབས་ཡོད་འདུག

PHOTO: TY O’NEIL/AP PHOTO

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། བདུན་ཕྲག་སྔོན་མའི་ནང་ཨ་རིའི་མངའ་སྡེ་ཧཱ་ཝེའི་མཱོ་འུ་(maui) གླིང་ཕྲན་གྱི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་ཤོར་བའི་དོན་རྐྱེན་དང་འབྲེལ། དེ་རིང་མཱོ་འུ་གླིང་ཕྲན་གྱི་ཛ་དྲག་མྱུར་སྐྱོབ་དོ་དམ་ཚན་ཁག་གི་སྤྱི་ཁྱབ་འགན་འཛིན་ཧཱར་མན་ཨན་ཌ་ཡ་ (Herman Andaya) ལགས་རང་ཉིད་ཀྱི་ལུས་ཁམས་བདེ་མིན་གྱི་རྒྱུ་མཚན་འོག་ལས་གནས་ནས་དགོངས་པ་ཞུས་ཡོད་པ་རེད།

མཱོ་འུ་གླིང་ཕྲན་མི་མང་གིས། གལ་སྲིད་ཛ་དྲག་མྱུར་སྐྱོབ་དོ་དམ་ཚན་ཁག་གིས་མྱུར་སྐྱོབ་ཀྱི་ལས་དོན་དམ་ཚགས་གནང་ཡོད་ཚེ། མི་སེར་མང་པོ་སྲོག་ཉེན་ལས་སྐྱོབ་ཐུབ་ཡོད་སྐོར་བརྗོད་ཡོད་པ་དང་། ཉེ་ལམ་མེ་སྐྱོན་དོན་རྐྱེན་དེའི་ཁྲོད་མི་མང་ ༡༡༡ རྐྱེན་འདས་དང་མི་གྲངས་ ༡༠༠༠ ལྷག་བོར་བརླག་ཏུ་ཕྱིན་ཏེ་ད་ལྟའང་རྙེད་སོན་བྱུང་མེད་པ་རེད།

མཱོ་འུ་གླིང་ཕྲན་ཛ་དྲག་མྱུར་སྐྱོབ་དོ་དམ་ཚན་ཁག་གི་སྤྱི་ཁྱབ་འགན་འཛིན་གྱིས་གོ་གནས་ནས་དགོངས་པ་ཞུ་དོན་ནི། ཉེ་སྔོན་མེ་སྐྱོན་དོན་རྐྱེན་བྱུང་སྐབས། ས་གནས་ཛ་དྲག་ལས་ཁུངས་ཀྱིས་ཉེན་བརྡ་མ་བཏང་བའི་གནད་དོན་ཐད་མང་ཚོགས་ཀྱིས་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པ་ལ་བརྟེན་ནས་བྱུང་ཞིང་། མཱོ་འུ་གླིང་ཕྲན་ཁྱོན་ཡོངས་སུ་ཉེན་བརྡའི་གློག་དུང་  ༨༠ ཡོད་ཅིང་ནམ་རྒྱུན་ཟླ་རེའི་ཟླ་མགོར་ཚོད་ལྟ་བྱས་ཏེ། ཉེན་ཁ་བྱུང་སྐབས་ཉེན་བརྡ་གཏོང་བར་གྲ་སྒྲིག་བྱེད་མུས་ཡིན་ཡང་། མེ་སྐྱོན་བྱུང་བའི་ཉིན་དེར་ཉེན་བརྡའི་དུང་སྒྲ་བསྒྲགས་མེད་པ་དང་། སྤྱི་ཁྱབ་འགན་འཛིན་ཧཱར་མན་ཨན་ཌ་ཡ་ཡིས། ཉིན་དེར་མེ་སྐྱོན་ཤོར་བའི་ཁར་རླུང་འཚུབ་ཧ་ཅང་ཆེ་བས། གལ་ཏེ་དུང་བརྡ་གྲགས་བཅུག་པ་ཡིན་ན་མི་མང་པོ་ཞིག་རི་སྒང་དུ་བྲོས་སྲིད་པས། མི་མང་གི་སྲོག་ལ་ཉེན་ཁ་དེ་ལས་ཆེ་བ་འབྱུང་སྲིད་སྟབས། ཉིན་དེར་ཉེན་བརྡ་བཏང་མེད་པའི་གསལ་བཤད་བྱས་ཡོད་པ་རེད།

ཡང་མཱོ་འུ་རྫོང་གླིང་ཕྲན་གྱི་(Lahaina) གྲོང་ཚོ་ནས་ཡིན་པའི་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷ་སི་མག་ཀལ་ཝེ་  (ngus McKelvey) ལགས་དང་ཧཱ་ཝེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Mazie Hirono) ལགས་གཉིས་ནས།  ཛ་དྲག་མྱུར་སྐྱོབ་རུ་ཁག་གི་འགན་འཛིན་ཧཱར་མན་ཨན་ཌ་ཡ་ལ་སྐྱོན་བརྗོད་བྱས་ཏེ། མང་ཚོགས་ཀྱིས་ཉེན་བརྡའི་དུང་སྒྲ་ཐོས་པ་ཙམ་གྱི་འགྲིག་གི་ཡོད་པ་དང་། མི་མང་ལ་མེ་སྐྱོན་ལས་གཡོལ་ཐབས་ཀྱི་རྣམ་རིག་ཡོད་པ་བཤད་མི་དགོས་པས། ཧཱར་མན་ཨན་ཌ་ཡ་ཡིས་མི་མང་ལ་མཐོང་ཆུང་བྱས་ཡོད་སྐོར་སོགས་བརྗོད་ཡོད་པ་རེད།

ད་ལན་ཧཱ་ཝེ་ནང་མེ་སྐྱོན་དོན་རྐྱེན་བྱུང་བ་དེ་ནི་ཨ་རིའི་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མེ་སྐྱོན་ཚབས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༨ ཉིན་ནས་ཉེ་བའི་བདུན་གཅིག་ཙམ་རིང་མེ་སྐྱོན་བྱུང་ཡོད་པ་དང་། མེ་སྐྱོན་ཁྲོད་ཁང་པ་ ༢༠༠༠ ལྷག་མེས་འཚིག་ཡོད་པ་སོགས་མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཆེན་ཐེབས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese