མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པས་བསྒྲགས་གཏམ་དོན་ཚན་ ༡༣ ཅན་ཞིག་སྤེལ།

བོད་ཀྱི་དུས་བབ།
༢༠༢༣/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པའི་ཐོག་བོད་ཡུ་སོག་གསུམ་གྱིས་མཉམ་འབྲེལ་གྱི་བསྒྲགས་གཏམ་གྲོས་ཆོད་དོན་ཚན་ ༡༣ ཅན་ཞིག་གཏན་འབེབས་བྱས་འདུག

རྒྱ་གར་རྒྱལ་ས་ལྡི་ལི་རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ་འཚོགས་བཞིན་པ། ༢༠༢༣།༨།༡༧ འབྲེལ་ཡོད་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༡༩ བར་ཉིན་གྲངས་བཞིའི་རིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱལ་སྤྱིའི་ཚོགས་འདུ་བསྟི་གནས་ཁང་དུ། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ་བསྐོང་འཚོག་བཞིན་ཡོད་པ་དང་། ཚོགས་ཆེན་ཐོག་ད་ལྟ་རྒྱ་ནག་གི་བཙན་ཤེད་དབང་སྒྱུར་འོག་ཚུད་པའི་བོད་དང་། ཡུ་གུར། ལྷོ་སོག་གསུམ་གྱི་འཐུས་མི་ལྷན་འཛོམས་ཐོག མི་རིགས་སོ་སོའི་གནས་བབ་དང་འཐབ་རྩོད་ཀྱི་ཁ་ཕྱོགས། མ་འོངས་པར་བཙན་འཛུལ་འོག་གི་མི་རིགས་གསུམ་གྱིས་དགྲ་བོ་རྒྱ་དམར་ལ་གདོང་ལེན་དང་རང་བཙན་གྱི་རྒྱལ་ཁབ་སླར་གསོ་བྱ་རྒྱུར་གོམ་སྟབས་མདུན་སྤོ་བྱེད་ཐབས་ཅི་ཡོད་སྐོར་ལ་གྲོས་བསྡུར་དང་ལས་འཆར་བསྒྲིགས་ཏེ་མཉམ་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་འདུག

ཁ་སང་ཕྱི་ཚེས་ ༡༧ ཉིན་བོད་ཡུ་སོག་གསུམ་གྱི་མཉམ་འབྲེལ་གྱི་གྲོས་ཆོད་དོན་ཚན་ ༡༣ གཏན་འབེབས་བྱས་པའི་དོན་ཚན་དང་པོ། རྒྱ་གཞུང་གི་བཙན་གནོན་འོག་ཡོད་པའི་མི་རིགས་རྣམས་ནས་མནའ་འབྲེལ་མཐུན་ཚོགས་ཤིག་གསར་འཛུགས་བྱེད་ཐུབ་པར་འབད་བརྩོན་བྱ་རྒྱུ་དང་། གཉིས་པ། བོད་ཡུ་སོག་གསུམ་མཉམ་འབྲེལ་ཐོག་དུས་ལྟར་རྒྱལ་སྤྱིའི་རང་བཞིན་གྱི་རང་བཙན་ཚོགས་ཆེན་ཞིག་འཚོགས་ཐུབ་པར་འབད་བརྩོན་ཞུ་རྒྱུ། གསུམ། ཐུན་མོང་གི་དྲ་རྒྱ་བེད་སྤྱོད་གཏོང་སའི་སྡིངས་ཆ་བསྐྲུན་ཐབས་བྱ་རྒྱུ། བཞི། ཚང་མས་མཉམ་རུབ་ཐོག་ལས་འགུལ་སྤེལ་བ་དང་རྒྱབ་སྐྱོར་བྱ་རྒྱུ། ལྔ། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཞུ་གཏུགས་ལས་འགུལ་སྤེལ་སྐབས། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་མི་རིགས་ཕན་ཚུན་གྱི་གནས་སྟངས་གླེང་སློང་བྱ་རྒྱུ། དྲུག བོད་ཡུ་སོག་གསུམ་གྱི་གཞོན་སྐྱེས་ནང་ཁུལ་འབྲེལ་ལམ་གོང་མཐོར་གཏོང་ཐབས་བྱ་རྒྱུ། བདུན། ལོ་རྒྱུས་ཐོག་རང་བཙན་ཅན་གྱི་རྒྱལ་ཁབ་ཡིན་པ་ངོས་འཛིན་གྱི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་རྒྱུ། བརྒྱད། རྒྱ་གཞུང་གི་ཆབ་སྲིད་ཀྱི་དུས་ཆེན་ཁག་ཏུ་མཉམ་འབྲེལ་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ། དགུ། རྒྱ་མིས་བཟོས་པའི་དངོས་ཡོད་ལོ་རྒྱུས་དང་མི་མཐུན་པའི་ས་ཁྲ་དང་། ས་མིང་། ཆུ་མིང་། རུས་མིང་སོགས་ལ་ངོས་ལེན་མི་བྱེད་པར། སོ་སོའི་རང་བཞིན་གང་ཡིན་པ་དེ་རང་འཇགས་བེད་སྤྱོད་གཏོང་རྒྱུ་དང་། ས་ཆའི་བདག་དབང་སྐོར་གྱི་དྲིལ་བསྒྲགས་ལོག་པ་ལ་ངོས་ལེན་མི་བྱ་རྒྱུ། བཅུ། སོ་སོའི་མི་རིགས་ཀྱི་མ་འོངས་མདུན་ལམ་ལ་རང་བཙན་ཁོ་ན་ལས་གཞན་རྒྱ་ནག་གི་བསླུ་བྲིད་འོག་མི་ཚུད་པ་བྱ་རྒྱུ་ནི་བདག་དབང་རྩོད་ལེན་བྱེད་པའི་མ་རྩ་ཡིན་པ་ངེས་ཤེས་དགོས་པའི་དྲན་སྐུལ་བྱ་རྒྱུ། བཅུ་གཅིག རྒྱལ་སྤྱིའི་ཐོག་བོད་ཡུ་སོག་གསུམ་གྱི་གནད་དོན་ཞུ་གཏུག་དང་གླེང་སློང་བྱེད་སྐབས། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་རྒྱལ་ཁབ་གསུམ་ལ་རང་བཙན་མེད་པའི་དཀའ་ངལ་ཡོད་པ་གསལ་སྟོན་བྱ་དགོས་རྒྱུ། བཅུ་གཉིས། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ (G20) རྒྱ་གར་དུ་འཚོག་འཆར་ཡོད་པ་ལྟར། སྐབས་དེར་བོད་ཡུ་སོག་གསུམ་ནས་མཉམ་འབྲེལ་གྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་ཤུགས་སྣོན་རྒྱག་རྒྱུ། བཅུ་གསུམ། ཚོགས་ཆེན་འདི་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ལ་བོད་རྒྱའི་དཀའ་རྙོག་སེལ་སླད་རྒྱ་ནག་གཞུང་ལ་བཟང་ཕྱོགས་ཀྱི་རེ་བ་རྒྱག་ས་མེད་པ་དང་། བོད་ཀྱི་བདེན་མཐའ་གསལ་ཆེད་རང་བཙན་གྱི་ལམ་བུར་སྐྱོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་བཅས་ཡིན་འདུག

ཡང་བསྒྲགས་གཏམ་དེའི་ནང་། དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༧ འཁོར་བའི་དུས་ཆེན་དང་སྟབས་བསྟུན་ནས། བོད་དང་ཡུ་གུར། ལྷོ་སོག་གསུམ་གྱི་འཐུས་མི་ཁག་ཅིག་ལྷན་འཛོམས་ཐོག ང་ཚོ་ཐུན་མོང་གི་དགྲ་བོ་བཙན་འཛུལ་བ་རྒྱ་དམར་གཞུང་གི་དབང་སྒྱུར་ལས་རང་དབང་རང་བཙན་གྱི་རྒྱལ་ཁབ་སླར་གསོའི་ཆེད། བོད་ཡུ་སོག་གསུམ་ནས་གནའ་མཐུན་གྱི་རྒྱལ་ཁབ་ཏུ་གཟི་བརྗིད་དང་སྤོབས་པའི་དར་ཆ་ས་ཆེན་འདིར་བསྒྲེང་རྒྱུའི་ཆོད་སེམས་བརྟན་པོ་བཅངས་ཡོད་སྐོར་བརྗོད་འདུག་ལ། དེ་རིང་གི་ཚོགས་ཐོག་ཏུ་བོད་ཡུ་སོག་གསུམ་གྱི་རང་བཙན་འཐབ་རྩོད་པ་རྣམས་འཛོམས་ཏེ། རྒྱ་ནག་གཞུང་གིས་བོད་ཡུ་སོག་གསུམ་ལ་བཙན་འཛུལ་དབང་སྒྱུར་བྱས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་། མི་མང་དམར་གསོད། དེ་བཞིན་ཆོས་རིག་གོམས་སྲོལ་རྩ་བརླག་གཏོང་ཐབས་དང་། མི་རིགས་རྩ་མེད་ཀྱི་བཙན་རྒྱལ་རིང་ལུགས་པའི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་རྒོལ་གཏམ་དྲག་པོ་གཏོང་གི་ཡོད་སྐོར་དང་། བོད་ཡུ་སོག་གསུམ་གྱི་འཐུས་མི་ལྷན་འཛོམས་ཐོག འཛམ་གླིང་འདིར་དྲང་བདེན་དང་རང་དབང་། འདྲ་མཉམ་གཙིགས་སུ་འཛིན་པའི་སྲིད་གཞུང་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག མི་མང་ཡོངས་ཀྱིས་རྒྱ་དམར་གཞུང་འདི་དུས་རབས་ཉེར་གཅིག་པའི་བཙན་འཛུལ་རིང་ལུགས་པར་ངོས་འཛིན་བྱ་དགོས་པའི་སྐུལ་འདེད་དང་། བོད་ཡུ་སོག་གསུམ་བཙན་ཤེད་ཀྱིས་དབང་སྒྱུར་བྱས་པ་དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ནག་ཉེས་ཤིག་དང་། ང་ཚོར་རང་དབང་རང་བཙན་གྱི་རྒྱལ་ཁབ་སླར་གསོའི་དགོས་འདུན་ལ་བརྩི་བཀུར་དང་ངོས་འཛིན་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད་སྐོར་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ལྡི་ལི་བསམ་ཡས་གླིང་དུ་ཆུས་ཁེངས་པ།
Mobile App

ཆུ་ལོག་གི་རྐྱེན་གྱིས་ལྡི་ལིའི་བོད་མི་ཁག་ཅིག་གནས་སྤོ་དགོས་བྱུང་།

༢༠༢༣/༠༧/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese