མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་སྐབས་དགུ་པ་ཚོགས་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་སྐབས་དགུ་པ་དེ་ཉིན་གྲངས་གསུམ་རིང་འཚོག་མགོ་བརྩམས་སོང་།

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་སྐབས་དགུ་པ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣།༠༨།༢༢

དེ་རིང་ནས་ཉིན་གྲངས་གསུམ་རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དགུ་པ་དེ་དབུ་འཛུགས་ཞུས་སོང་བ་དང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་དམིགས་བསལ་སྐུ་མགྲོན་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་། རྒྱ་བལ་གཉིས་ནས་ཚོགས་བཅར་བ་ ༣༠ བཅས་འཛོམས་པའི་ཐོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། བོད་མི་ཚོས་ལོ་རྒྱུས་ཐོག་ནས་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་གཞིར་བཞག་ཐོག་བོད་པ་རང་གི་ལོ་རྒྱུས་དང་རིག་གཞུང་གི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ་རྒྱལ་སྤྱིའི་སྟེང་ངོས་འཛིན་ལྡན་པའི་དཔྱད་རྩོམ་འབྲི་རྒྱུ་གལ་ཆེན་ཡིན་པ་དང་། བོད་མི་རིགས་ཀྱི་འཐབ་རྩོད་རྒྱུན་སྐྱོང་དང་གྲུབ་འབྲས་ལྡན་པ་ཞིག་ཡོང་བར་དཔའ་བློ་ཁོག་ཁོ་ནའི་མི་འགྲིག་པར་ཤེས་ཅན་ལྡན་པའི་མི་རབས་དགོས་གལ་ཆེ་སྐོར་སོགས་གསུངས་སོང་།

དེ་རྗེས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་སྐད་ཡིག་རིག་གཞུང་དང་བཅས་པ་རྩ་མེད་གཏོང་ཐབས་བྱས་དང་བྱེད་མུས་ཡིན་སྟབས། བཙན་བྱོལ་བོད་མི་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་བདག་ཉར་བྱ་རྒྱུ་གལ་ཆེན་ཡིན་པ་དང་། ད་རེས་ཚོགས་འདུའི་ཐོག་གཞོན་སྐྱེས་མང་པོ་ཞིག་གིས། བོད་ཀྱི་ལོ་རྒྱུས་རྒྱལ་རབས་དང་སྐད་ཡིག་རིག་གཞུང་མཚོན་པའི་དཔྱད་རྩོམ་གང་མང་ཞིག་བྲིས་ཡོད་པར་ཡི་རངས་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་བད་ནང་དཔལ་ཡོན་དར་བའི་བརྒྱུད་རིམ་སོགས་ངོ་སྤྲོད་དང་སྦྲགས། དེང་སང་བོད་པའི་སྤྱི་ཚོགས་ནང་ཉམས་ཞིབ་པ་མང་པོ་མེད་པའི་གནས་སྟངས་དང་། བོད་ནང་གི་བོད་མི་ཚོར་ཉམས་ཞིབ་ཀྱི་རྒྱུ་ཆ་མང་བ་རག་གི་ཡོད་ཀྱང་། ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོ་བོད་ནང་ཞིབ་འཇུག་སླད་བསྐྱོད་ཁག་པོ་ཆགས་ཡོད་སྟབས།  བོད་ཀྱི་ཉམས་ཞིབ་པ་ཚོས་རང་རང་གི་ཤེས་པའི་གནས་ཚུལ་ཙམ་མ་ཡིན་པར་ཞིབ་འཇུག་གི་གྲུབ་དོན་གང་ཡོད་ཞིབ་སྡུར་བྱས་ཏེ། ཁ་གསལ་དོན་ཟབ་ཀྱི་དཔྱད་རྩོམ་འབྲི་གལ་ཆེ་བ། དེ་བཞིན། དེང་སྐབས་རྒྱ་གར་དང་ཕྱིའི་མི་རིགས་ནང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་དོ་སྣང་ཡོད་མཁན་རྣམས་དང་ལྷན་དུ་བགྲོ་གླེང་བྱས་ཏེ། བོད་ཀྱི་ལོ་རྒྱུས་སོགས་ལ་ངེས་ཤེས་རྙེད་ཐུབ་པ་ཞིག་བཟོ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དགུ་པའི་སྟེང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཉམས་ཞིབ་པ་ཚུད་པའི་རྒྱ་བལ་གཉིས་ནས་གཞོན་སྐྱེས་ཉམས་ཞིབ་པ་ ༣༠ ཡིས་རང་རང་གི་དཔྱད་རྩོམ་སྒྲོག་སྦྱངས་གནང་གི་ཡོད་ཅིང་། ཚོགས་འདུའི་སྟེང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རིག་གནས། ཆབ་སྲིད་སོགས་བརྗོད་གཞི་མི་འདྲ་བ་ ༣༡ ཙམ་འདུག

འབྲེལ་ཡོད་གསར་འགྱུར།

Uncategorized

བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་དབུ་འབྱེད་གནང་སོང་།

༢༠༢༤/༠༤/༡༨
Mobile App

བཙན་གནོན་འོག་གི་མི་རིགས་ཚང་མའི་ཚོར་བ་སྤུངས་བའི་དེབ་ཅིག་བཏོན།

༢༠༢༣/༡༠/༠༥
བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དབུ་འབྱེད་གནང་བཞིན་པ། 
ནོར་ཝེ་རླུང་འཕྲིན་ཁང་གི་པར།  ༡༤།༠༩།༢༠༢༣
Mobile App

གཞུང་ས་དགའ་ལྡན་ཕོ་བྲང་སྐབས་བོད་ཀྱི་ལོ་རྒྱུས་གནས་བབ་བསྐྱར་ཞིབ་འཆད་ཁྲིད་གནང་བཞིན་འདུག

༢༠༢༣/༠༩/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese