མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གཙང་ཆུའི་གལ་གནད་སྐོར་རྒྱལ་སྤྱིའི་ཆུའི་ཚོགས་ཆེན་སྟེང་གླེང་སློང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་སོགས་བརྒྱབ་སྟེ་བོད་མི་ས་ཡ་དྲུག་གི་ལྷག་གི་འཚོ་གནས་ལ་གནོད་སྐྱོན་བཟོ་མུས་ཡིན་ཁར། བོད་ཀྱི་ཆུ་བོའི་བཞུར་རྒྱུན་དུ་གནས་པའི་རྒྱལ་ཁབ་མང་པོར་ཆུའི་བདེ་འཇགས་དང་འབྲེལ་ནས་དཀའ་ངལ་དང་ཉེན་ཁ་ཆེ་སྐོར་བརྗོད་འདུག

ཉེ་ལམ་ཡུ་རོབ་རྒྱལ་ཁབ་སུ་ཝེ་ཌན་ནང་རྟེན་གཞི་བྱས་པའི་སི་ཊོག་ཧོམ་རྒྱལ་སྤྱིའི་ཆུའི་ལྟེ་གནས་ཁང་  (Stockholm International Water Institute) གིས་གཙོ་སྒྲུབ་བྱས་པའི་འཛམ་གླིང་གི་ཆུའི་ཚོགས་ཆེན་སྟེང་། ཨ་རིའི་ཕྱི་སྲིད་ལྷན་ཁང་དང་རྒྱལ་སྤྱིའི་ཆུ་དོ་དམ་ལྟེ་གནས་ཁང་གཉིས་ཟུང་འབྲེལ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཕྱེད་མཐུན་འགྱུར་བྱས་ཏེ། ཧི་མ་ལ་ཡའི་ཆུའི་བདེ་འཇགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་ཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ ཨུ་ཛི་ར་ཛེ་ཡ་ (Uzra Zeya) མཆོག་གིས་དྲ་ལམ་བརྒྱུད་གསུང་བཤད་གནང་སྐབས། འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་ཡུལ་མཐོ་སྒང་གི་ཁུལ་དུ། རྒྱ་ནག་གཞུང་གིས་ཆུ་མཛོད་དང་གློག་ཁང་སོགས་ཀྱི་འཛུགས་སྐྲུན་རྒྱ་སྐྱེད་གཏོང་མུས་ཡིན་པའི་གནས་སྟངས་འོག བོད་ཀྱི་ཆུ་བོ་ཆེན་པོ་དག་ལ་བརྟེན་པའི་ལྷོ་ཤར་ཨེ་ཤ་ཡའི་མི་འབོར་ཐེར་འབུམ་ ༡།༨ ལྷག་སྟེ། འཛམ་གླིང་གི་མི་འབོར་བརྒྱ་ཆ་ ༢༣ གྱི་འཚོ་གནས་ལ་གནོད་ཤུགས་སྤྲད་རྒྱུ་ཡིན་སྐོར་གསུངས་འདུག

ལྕམ་ཨུ་ཛི་ར་ཛེ་ཡ་ (Uzra Zeya) མཆོག་གིས་ཚོགས་ཆེན་དེའི་སྟེང་དུ་སྤེལ་བའི་གསུང་བཤད་ནང་། བོད་ཀྱི་ལྷོ་རྒྱུད་ཁུལ་དུ་ཆགས་པའི་ཧི་མ་ལ་ཡའི་རི་རྒྱུད་དག་ནི་འཛམ་གླིང་གི་འཁྱག་རོམ་གྱི་ཆུ་མཛོད་ཆེ་ཤོས་གྲས་ཤིག་ཡིན། འཛམ་གླིང་གི་སྣེ་གསུམ་པར་འབོད་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ལྷག་གི་འཁྱག་རིམ་ཡོད་པ་དང་། འཁྱག་རོམ་དེ་དག་ལས་ལྷོ་དང་ལྷོ་ཤར་ཨེ་ཤ་ཡའི་ཁུལ་དུ་གཙང་པོ་མང་དག་ཅིག་བཞུར་གྱིན་ཡོད་ཅིང་། དེ་དག་གི་ཁྲོད་དུ་སེང་གེ་གཙང་པོ་དང་ ཆུ་བོ་གངྒཱ། ཡར་ལུང་གཙང་པོ་དང་རྫ་ཆུ་སོགས་ཡོད་ལ། གཙང་པོ་དེ་དག་གིས་ལྷོ་ཤར་ཨེ་ཤ་ཡའི་ཁུལ་གྱི་མི་གྲངས་ཐེར་འབུམ་ ༡།༨ ལྷག་ལ་འཐུང་ཆུ་སྤྲོད་ཀྱིན་ཡོད།

འོན་ཀྱང་། ཧི་མ་ལ་ཡའི་ཁུལ་དུ་འཛུགས་སྐྲུན་རྒྱ་སྐྱེད་དང་རྒྱུ་རྐྱེན་གཞན་གང་མང་ཞིག་ལ་བརྟེན་ནས། གཙང་པོ་དེ་དག་ལ་བརྟེན་པའི་མི་རྣམས་ལ་ཉེན་ཁ་ཧ་ཅང་ཆེ། དཔེ་མཚོན་ཞིག་ནི། ཉེ་བའི་འགའི་གོང་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོ་མང་པོའི་ཆུ་ཁ་བསྒྱུར་བ་དང་ཆུ་མཛོད་སོགས་ཀྱི་ལས་གཞི་ཤུགས་ཆེན་སྤེལ་བ་མ་ཟད། རྒྱ་ནག་གཞུང་གིས་ཆེད་དུ་ཆུ་མཛོད་སོགས་ཀྱི་ལས་གཞི་སྤེལ་ཏེ། བོད་མི་ས་ཡ་དྲུག་ལྷག་གི་སྲོལ་རྒྱུན་གྱི་འཚོ་བར་དོ་ཕོག་བཟོས་ཡོད་ལ། ཆུ་མཛོད་སོགས་ཀྱི་ལས་གཞི་དེས་བོད་ཀྱི་གཙང་པོ་དག་གི་བཞུར་རྒྱུན་དུ་གནས་པའི་རྒྱལ་ཁབ་མང་པོ་ཞིག་ལ་ཆུའི་བདེ་འཇགས་ཀྱི་དཀའ་ངལ་ཙམ་དུ་མ་ཟད། ཁོར་ཡུག་དང་དཔལ་འབྱོར། སྤྱི་ཚོགས་ཁྱོན་ཡོངས་ལ་གནོད་ཤུགས་ཐེབས་ངེས་རེད། ཅེས་གསུངས་འདུག

ད་ལན་གྱི་འཛམ་གླིང་གི་ཆུའི་གལ་གནད་རང་བཞིན་གྱི་ཚོགས་ཆེན་དེའི་སྟེང་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་དང་རི་སྐྱོང་ལས་གཞིའི་འགན་འཛིན་ཚེ་ཆུང་སྒྲོལ་མ་ལགས་གཉིས་མཉམ་ཞུགས་བྱས་ཏེ་བོད་ཀྱི་གཙང་པོ་དག་གི་གཙོས་ཁོར་ཡུག་སྤྱིའི་ཐོག་གླེང་སློང་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese