མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཚོགས་ཆེན་ཐེངས་གཉིས་པ་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གནས་སྟངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་མི་མང་ལ་ངོ་སྤྲོད་བྱེད་ཐུབ་ཚེ་འཛིན་སྐྱོང་བཀའ་ཤག་གིས་མ་འོངས་པའི་ལས་དོན་བང་བསྒྲིག་པར་ཁྱད་པར་ཆེན་པོ་བཟོ་པའི་རེ་བ་ཡོད་སྐོར་གསུངས་སོང་།

གངས་སྐྱིད་དུ་བསྡུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཁག་གི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་བཀའ་ཤག་ལྷན་རྒྱས་ཕེབས་པ། ༢༠༢༣།༠༨།༣༡ དུས་བབ་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༣༡ ནས་ཉིན་གཉིས་རིང་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་གསོལ་ཚིགས་ཁང་གི་ཐོག་ཁར་ཡོད་པའི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༣ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཚོགས་ཆེན་ཐེངས་གཉིས་པ་མགོ་འཛུགས་གནང་སོང་། ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་བཀའ་བློན་རྣམ་པ་གསུམ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཁག་ ༢༠ ལྷག་གི་སྐུ་ཚབ་མི་སྣ་ ༣༠ ལྷག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པ་སོགས་མི་གྲངས་ ༤༠ ལྷག་མཉམ་ཞུགས་གནང་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཚོགས་ཆེན་དང་པོ་དེ་ཕྱི་ལོ་ ༢༠༠༥ ལོར་འཚོགས་ཡོད་འདུག

ཐེངས་འདིའི་རོགས་ཚོགས་ཚོགས་ཆེན་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་སྒྲིག་འཛུགས་བཙན་བྱོལ་དུ་བཙུགས་པ་ནས་ད་ལྟ་བར་དུ་རོགས་ཚོགས་མང་པོ་ཞིག་གི་རྒྱབ་སྐྱོར་ལ་བརྟེན་ནས་འཚོ་བསྡད་ཡོད་པ་རེད། བོད་རྒྱའི་དཀའ་ངལ་སེལ་བར་བོད་ནང་གི་བོད་མི་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་བཙན་བྱོལ་ནང་གི་བོད་མི་ཚོས་རེ་བ་ཞིག་བྱེད་བཞིན་ཡོད། བོད་ནང་གི་བོད་མི་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དབུ་འཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་། རྒྱལ་སྤྱིའི་ཐོག་བོད་དོན་གོ་རྟོགས་སྤེལ་ཕྱོགས་ལ་བརྟེན་ནས་སྙིང་སྟོབས་བསྐྱེད་ཀྱི་ཡོད། ང་ཚོས་བོད་ཕྱི་ནང་གཉིས་ཀའི་སྙིང་སྟོབས་སྤེལ་པར་ལས་ཀ་བྱས་ཡོད་དུས། ལས་དོན་དང་ལས་གཞི་མང་པོ་ཞིག་བང་སྒྲིག་གི་ཡོད། ལས་གཞི་གང་ཞིག་འགྲུབ་པར་དཔལ་འབྱོར་གྱི་རྒྱབ་རྟེན་མེད་པར་ཡོང་གི་མི་འདུག འདས་པའི་ལོ་ ༦༤ རིང་དུ་གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། རྒྱལ་སྤྱིའི་སྤྱི་ཚོགས། རྒྱ་གར་གཞུང་བཅས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ད་ལྟ་བར་ང་ཚོ་ཡག་ཐག་ཆོད་འགྲོ་ཐུབ་པ་བྱུང་ཡོད། ཡིན་ནའང་འཛམ་བུ་གླིང་གི་གནས་སྟངས་ལ་འགྱུར་བ་མང་པོ་ཞིག་འགྲོ་བཞིན་ཡོད་ལ། ང་ཚོའི་སྤྱི་ཚོགས་ནང་དུའང་འགྱུར་བ་འགྲོ་མུས་རེད། བཀའ་ཤག་སྐབས་ ༡༦ པ་སླེབས་ནས་ལོ་གཉིས་རིང་གཞིས་ཆགས་ཁག་ཚང་མར་བསྐོར་བ་བརྒྱབ་སྟེ། མི་མང་གི་དགོས་མཁོ་གང་ཡིན་པ་དེར་ལྟ་བའི་གོ་སྐབས་བྱུང་ཡོད། མི་མང་ལ་ཐུག་འཕྲད་བྱས་པ་ཙམ་མ་ཡིན་པར་དཀའ་ངལ་གང་བཤད་པ་དེ་དངོས་ཡོད་ཡིན་མིན་ཞིབ་འཇུག་བྱས་ཡོད། དེ་ལྟར་བྱས་པ་ཙམ་གྱིས་མི་མང་གི་དགོས་མཁོ་ཆ་ཚང་ཡར་སྒྲུག་ཐུབ་ཡོད་པ་མ་རེད། ད་དུང་མི་མང་གི་དགོས་མཁོ་གསར་པ་ཡོང་སྲིད་པ་ཡིན་དུས། ང་ཚོའི་མ་འོངས་པའི་ལས་ཀ་བྱེད་སྟངས་དང་། འཆར་གཞི་སྒྲིག་སྟངས་ཐོག་ད་ལྟ་ནས་བསམ་བློ་གཏིང་ཟབ་མ་བཏང་ཚེ། དེ་སྔ་ང་ཚོར་གང་ཟག་སྒེར་དང་སྒྲིག་འཛུགས་ཁག་གི་ངོས་ནས་རོགས་པ་བྱེད་མུས་ཡོད་ཀྱང་། ད་ལྟའི་ཆར་རོགས་ཚོགས་ཕྲན་བུ་ཕྲན་བུ་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ཤིག་མཐོང་བཞིན་འདུག དེ་ནི་ཕྱོགས་གཅིག་ནས་སྒྲིག་འཛུགས་སོ་སོའི་ཚོགས་མི་མང་ཉུང་གི་ཐོག་ནས་རྒྱུན་གནས་ཐུབ་མིན་གྱི་གནས་སྟངས་ལ་རག་ལས་པ་དང་། ཕྱོགས་གཞན་ཞིག་ནས་འཛམ་བུ་གླིང་དུ་འགྱུར་བ་མང་པོ་ཞིག་འགྲོ་བཞིན་ཡོད་པས། ཚོགས་པ་སོ་སོའི་དགོས་པ་དང་དམིགས་ཡུལ་ཡང་འགྱུར་བ་འགྲོ་བའི་ཉེན་ཁ་ཡོད་བསྡད་པ་རེད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། ང་ཚོས་རོགས་ཚོགས་ཁག་གི་རྒྱབ་སྐྱོར་ལ་བརྟེན་ནས་འཚོ་ཐུབ་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། རོགས་ཚོགས་ཁག་མུ་མཐུད་དུ་གནས་པར་ཚོགས་པ་སོ་སོའི་དགོས་མཁོ་དང་། དམིགས་ཡུལ། ནུས་པ་བཅས་ཤེས་རྟོགས་བྱུང་བ་ཡིན་ན། ཁོང་ཚོའི་དགོས་དམིགས་ལ་བསྟུན་ནས་ང་ཚོས་འགྱུར་བ་གཏོང་ཐུབ་མིན་ཤེས་དགོས་ཀྱི་འདུག ང་ཚོའི་དགོས་མཁོ་ཆེ་ཤོས་དེ་ལྕགས་སོགས་ཉོ་བར་རོགས་པ་བྱེད་མཁན་ཉུང་ཉུང་རེད། དེ་བཞིན་ལམ་དང་ཁང་པའི་འཛུགས་སྐྲུན་གྱི་ལས་གཞིའི་ཐོག་ཨ་རིའི་གཞུང་ངོས་ནས་རོགས་དངུལ་ཐོན་ཐུབ་ཀྱི་ཡོད་པ་མ་རེད། དེ་མཚུངས་རྒྱུན་གྲོན་ལ་མཚོན་ན་ཨ་རི་གཞུང་ནས་ལོ་གཅིག་རིང་ཨ་སྒོར་ས་ཡ་ ༡༠ ཙམ་གཏོང་བཞིན་ཡོད་པ་འཛིན་སྐྱོང་ལ་འགྲོ་སོང་གཏོང་བཞིན་ཡོད་པ་དེས། ད་ལྟ་བར་དུ་ང་ཚོར་འགྲིག་བསྡད་ཡོད་ལ། མ་འོངས་པའི་ལོ་ཁ་ཤས་ནང་དུའང་དཀའ་ངལ་མི་འཕྲད་ཀྱང་། ཕུགས་རྒྱང་རིང་བོར་གཞུང་ཁག་ནས་ལོ་ག་ཚད་རོགས་པ་བྱེད་དགོས་པའི་སྐད་ཆ་ཡོང་གི་ཡོད་པ་རེད། ཨ་རིའི་རོགས་ཚོགས་ཀྱི་མིང་ཡང་བོད་མིའི་རང་ཁ་རང་གསོ་བྱེད་ཐུབ་པ་དང་། གནས་སྟངས་སྡུག་པོའི་འོག་ཏུ་གདོང་ལེན་བྱེད་ཐུབ་པའི་ཆེད་དུ་རེད། ཁོང་ཚོས་ཀྱང་ང་ཚོའི་གནས་སྟངས་ཡར་རྒྱས་ག་ཚད་འགྲོ་མིན་ཐད་ཞིབ་ཚགས་ཀྱིས་ལྟ་བཞིན་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ལ་མཚོན་ན་གང་ཟག་སྒེར་དང་ཁྱིམ་ཚང་གི་གནས་སྟངས་ཐོག་ནས་ཡར་རྒྱས་འགྲོ་བཞིན་ཡོད་ཅིང་། སྒྲིག་འཛུགས་སྤྱིའི་མཐུན་རྐྱེན་འཐུས་ཤོར་རམ་འདོད་པ་ལྟར་ཡོང་མ་ཐུབ་པ་ཆགས་ཡོད། ཕྱི་ལོ་ ༢༠༢༣ ནས་ ༢༠༢༤ལོར་གྲོས་ཚོགས་སུ་ལས་གཞི་ཁག་ལ་བཀའ་འཁྲོལ་ཞུས་ཏེ། ནང་སྲིད་ལས་ཁུངས་ཀྱི་ཚོགས་ཁང་དང་ཁང་པའི་འཛུགས་སྐྲུན་འགྲོ་བཞིན་པ་ད་ལོ་མང་ཤོས་ཆགས་ཡོད་རྒྱུ་རེད། ང་ཚོའི་གཏན་འཇགས་ཀྱི་རོགས་དངུལ་ཤེས་ཡོན་གྱི་ཐོག་ཏུ་དགོས་ཀྱི་འདུག་ལ། འཕྲོད་བསྟེན་གྱི་ཐོག་ཏུའང་མུ་མཐུད་དུ་དགོས་ཀྱི་ཡོད། ལྷན་ཁང་ཁག་ཅིག་གི་ལས་གཞི་དུས་ཚོད་ངེས་ཅན་ཞིག་ནང་དུ་ཚར་ཐུབ་པའི་གནས་སྟངས་ཤིག་དགོས་པ་མ་གཏོགས། རོགས་དངུལ་མཚམས་མ་ཆད་པར་དགོས་མཁོ་སྐོང་བར་རྫོགས་རྒྱུ་མེད་པའི་གནས་སྟངས་འོག་ནས་བསྡད་ཚེ་ང་ཚོའི་ཁུངས་འཁྱོལ་གྱི་མ་རེད། མ་འོངས་པར་ང་ཚོས་འཆར་གཞི་དང་ལྡན་པའི་ཐོག་ནས་ལས་གཞི་གང་ཞིག་བསྒྲུབ་པར་མཇུག་སྒྲིལ་བའི་མཐའ་ཡོད་དགོས། དེ་རིང་རོགས་ཚོགས་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཙམ་མིན་པར། རོགས་ཚོགས་སོ་སོས་ད་ལྟ་བར་དུ་ལས་ཀ་གང་བྱས་ཡོད་མེད་དང་། མ་འོངས་པར་འཆར་གཞི་ག་རེ་ཡོད་མེད། དེ་ལ་ནུས་པ་གང་ཡོད་མེད་ཤེས་ན་མ་འོངས་པར་ང་ཚོའི་འཆར་གཞི་སྒྲིག་སྟངས་དང་དངུལ་འཛིན་བཟོ་བར་ཞེ་བོ་ཕན་ཐོགས་ཀྱི་རེད། ད་ལྟའི་བཀའ་ཤག་གིས་ཁྱོན་ཡོངས་དང་རྒྱ་ཆེ་ས་ནས་བསམ་བློ་གཏོང་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ལ་ཡར་ཞུ་མཁན་ཡོད་ཚེ་ལྟ་དགོས་པ་དང་། ཞུ་མཁན་མ་བྱུང་ཚེ་ལྟ་མི་དགོས་ལྟར་མ་ཡིན་པར། སྤྱི་སྙོམས་དྲང་བདེན་དང་། ནུས་པ་མཉམ་སྤུངས། གོམ་པ་མདུན་སྤོས་ཀྱི་བསྒྲགས་ཚིག་ལ་གཞི་བཞག་ནས་ལས་ཀ་རྒྱ་ཆེ་བ་བྱེད་བཞིན་ཡོད།

གངས་སྐྱིད་གསོལ་ཚིགས་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཁག་གི་ཚོགས་ཆེན་ཐེངས་གཉིས་པ་བསྡུས། ༢༠༢༣།༠༨།༣༡ དུས་བབ་ཀྱི་པར།

བོད་མིའི་སྒྲིག་འཛུགས་ཀྱིས་དཔལ་འབྱོར་ལས་ཁུངས་བརྒྱུད་ནས་ཡོང་བའི་རོགས་དངུལ་མ་གཏོགས། ལྷན་ཁང་ཁག་ལ་རོགས་ཚོགས་གཞན་ནས་ཡོང་བཞིན་པའི་གནས་སྟངས་ཤེས་ཀྱི་ཡོད་པ་མ་རེད། བོད་མིའི་སྒྲིག་འཛུགས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གནས་སྟངས་མི་མང་དང་། བོད་མི་མང་སྤྱི་ལྷན་ཚོགས་སུ་ངོ་སྤྲོད་བྱེད་ཐུབ་པ་དང་། འདི་དག་ཤེས་པའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་གིས་མ་འོངས་པའི་ལས་དོན་བང་བསྒྲིག་པར་ཁྱད་པར་ཆེན་པོ་བཟོ་པའི་རེ་བ་ཡོད། དེ་རིང་འདིར་རོགས་ཚོགས་ཆ་ཚང་ཕེབས་ཐུབ་ཡོད་པ་མ་རེད། ཚོགས་ཆེན་འདི་ལྷན་ཁང་ཚང་མར་འབྲེལ་བ་ཡོད་ཙང་བཀའ་ཤག་ལྷན་རྒྱས་བཅར་ཡོད། ང་རང་དཔལ་འབྱོར་བཀའ་བློན་ཡིན་པས་ཆུ་ཚོད་གང་ཐུབ་གཏོང་རྒྱུ་ཡིན། རོགས་ཚོགས་ཁག་གི་བསམ་ཚུལ་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀ་བྱེད་ཕྱོགས་ཐོག་ནས་ག་རེ་ཡར་རྒྱས་གཏོང་དགོས་པ་དང་། ཁོང་ཚོས་དཀའ་ངལ་ག་རེ་མཐོང་གི་ཡོད་མེད། གདོང་ལེན་གང་དག་བྱེད་དགོས་པའི་ཕྱོགས་ཆ་ཚང་ལ་ཉན་ཐུབ་པ་ཡིན་ན། ང་ཚོ་ཚང་མས་གཅིག་ཕན་གཅིག་གྲོགས་ཀྱི་ལས་ཀ་བྱེད་ཐུབ་པའི་རེ་བ་རྒྱག་བཞིན་ཡོད། ཅེས་གསུངས་སོང་།

ཐེངས་འདིའི་རོགས་ཚོགས་ཚོགས་ཆེན་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཁང་གི་ལས་བྱེད་བསྟན་འཛིན་ནོར་བཟང་ལགས་ཀྱིས། ཚོགས་འདུའི་དམིགས་ཡུལ་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་མང་པོ་ཞིག་བང་བསྒྲིགས་ནས་ཡོད་པ་དེ་རོགས་ཚོགས་ཁག་ལ་གོ་བརྡ་ཡག་པོ་སྤྲོད་རྒྱུ་དེ་ཡིན། དེ་བཞིན་རོགས་ཚོགས་ཁག་གི་དམིགས་ཡུལ་གང་ཡིན་པ་དང་། མ་འོངས་པར་བོད་པའི་སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས་ཀྱི་བར་དུ་དམིགས་ཡུལ་ག་འདྲ་བསྒྲིག་གི་ཡོད་པ་ཤེས་དགོས་པ་རེད། རོགས་ཚོགས་དང་ང་ཚོས་གྲོས་བསྡུར་བྱས་ནས་མ་འོངས་པའི་ལས་གཞི་ཁག་ལ་འཆར་འགོད་བྱ་རྒྱུ་དེ་རེད། གལ་སྲིད་ལས་གཞི་ཁ་ཤས་ལ་རོགས་དངུལ་ཐོབ་ཁག་པོ་ཆགས་ཚེ། ང་ཚོའི་ངོས་ནས་འཆར་གཞི་གང་སྒྲིག་དགོས་མིན་བལྟ་རྒྱུ་རེད། གཙོ་བོ་མཉམ་རུབ་ཐོག་ས་ཆ་གཅིག་ལ་འཛོམས་ནས་མ་འོངས་པའི་ལས་དོན་བྱེད་ཕྱོགས་ལ་གྲོས་བསྡུར་བྱ་རྒྱུ་དེ་ཡིན་སྐོར་བརྗོད་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering during the meeting with executive members of Tibetan Association of NY & NJ.
Mobile App

སྲིད་སྐྱོང་མཆོག་ཨ་རིའི་ནེའུ་མེག་སི་ཁོ་རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༤/༡༢/༡༨
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་འཛུགས་སྐྲུན་ཆེེད་མཁས་པ་ཉི་མ་རྡོ་རྗེ་ལགས་སུ་འཚམས་འདྲི་གནང་བ། པར་དུས་བབ་ཀྱིས་བསྒྲིགས།
Mobile App

འཛུགས་སྐྲུན་ཆེད་མཁས་པ་ཉི་མ་རྡོ་རྗེ་ལགས་སུ་འཚམས་འདྲི་གནང་།

༢༠༢༤/༠༧/༠༤
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཀི་རན་རི་ཇི་ཇུ་ལགས།
Mobile App

སྲིད་སྐྱོང་མཆོག་གིས་སྐུ་ཞབས་རི་ཇི་ཇུ་ལགས་ལ་འཚམས་འདྲི་གནང་།

༢༠༢༤/༠༦/༡༣
Mobile App

ཉིན་གྲངས་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོག་མགོ་བཙུགས།

༢༠༢༤/༠༣/༡༢
རིག་གཞུང་སྲུང་སྐྱོབ་ལས་གཞིའི་འབྲེལ་ཡོད་ལས་བྱེད་རྣམས། དུས་བབ་ཀྱི་པར། ༢༠༢༣།༡༡།༠༣
Mobile App

བོད་ཀྱི་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་གཞི་དབུ་འབྱེད་གནང་སོང་།

༢༠༢༣/༡༡/༠༣
ཇི་ནེ་ཝ་བོད་དོན་གླེང་སྟེགས་ཐེངས་ ༥ པའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གསུང་བཤད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཇི་ནེ་ཝ་བོད་དོན་གླེང་སྟེགས་ཐོག་དབང་བསྒྱུར་འོག་གི་ཛ་དྲག་གནས་སྟངས་གླེང་སློང་གནང་བཞིན་འདུག

༢༠༢༣/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese