མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མང་གཙོའི་དུས་ཆེན་ཐེངས་ ༦༣ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

བོད་ཀྱི་དུས་བབ།
༢༠༢༣/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་གིས་བོད་རང་དབང་གི་དམིགས་ཡུལ་ད་དུང་མངོན་འགྱུར་བྱེད་ཐུབ་མེད་པས། ཚང་མས་རྡོག་གྲ་འགྲིག་པོའི་སྒོ་ནས་གོམ་པ་མདུན་སྤོ་བྱེད་ཐུབ་པ་དགོས་པའི་གཞེན་བསྐུལ་ཞུ་བཞིན་ཡོད་གསུངས་སོང་།

བོད་ཀྱི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༣ འཁོར་བའི་གཞུང་འབྲེལ་མཛད་སྒོ བོད་ཀྱི་དུས་བབ་ཀྱི་པར། ༢།༩།༢༠༢༣

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ སྟེང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བོད་ཀྱི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༣ འཁོར་བའི་གཞུང་འབྲེལ་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སུ་ཝེ་ཌན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་སྣེ་འཁྲིད་མཁན་ལྕམ་མར་གྷི་རེ་ཏཱ་ (Margarete Cederfelt) མཆོག་གི་སུ་ཝེ་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོ་བྱས་པའི་ལྷན་ཁང་ཁག་གི་དྲུང་ཆེ་རྣམས་དང་། བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཁག་གི་སྐུ་ཚབ་མི་སྣ་ཁག དེ་བཞིན་བཞུགས་སྒར་ཁུལ་གྱི་མི་མང་དང་སློབ་ཕྲུག་བཅས་འཛོམས་འདུག

མཛད་སྒོའི་སྟེང་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་ནས་འདི་ལོར་དགའ་ལྡན་ཕོ་བྲང་གི་ལེགས་གསོལ་བྱ་དགའ་ཐོབ་མཁན་སློབ་ཕྲུག་ ༡༠ དང་། རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་མཁན་སློབ་མ་ ༥ ། འབུམ་རམས་པའི་ཆེ་བསྟོད་བྱ་དགའ་ཐོབ་མཁན་ ༦ དང་། ཞབས་ལོ་ ༢༥ ཡན་འཁོར་བའི་ལས་བྱེད་གཅིག་བཅས་ལ་ཕྱག་འཁྱེར་དང་ལེགས་གསོལ་བྱ་དགའ་ཕུལ་སོང་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཀིརྟིའི་དྲུང་ཡིག་འབྲིང་བ་འཇིགས་མེད་ལགས་ཀྱིས་བརྩམས་པའི་ ཤར་སྟག་མོའི་བུ་ཞེས་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་དཔེ་དེབ་ཅིག་དབུ་འབྱེད་གནང་བ་དང་། སུ་ཝེ་ཌན་གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་དར་སྒྲོན་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་རྣམས་ལ་ཕྱག་རྟགས་དང་ལག་འཁྱེར་བཅས་ཕུལ་གྲུབ་མཚམས། བཀའ་ཤག་གི་གསུང་བཤད་སྒྲོག་སྦྱངས་གནང་སོང་།

དེ་ཡང་བོད་ཀྱི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ ༦༣ འཁོར་བའི་བཀའ་ཤག་གི་གཞུང་འབྲེལ་གསུང་འཕྲིན་ནང་། ཁྲིམས་ཀྱིས་དབང་བསྒྱུར་ནི་སྤྱི་སྙོམས་དྲང་བདེན་འགན་སྲུང་གི་རྩིག་རྨང་དུ་རྩི་བཞིན་པ་དང་། ཁྲིམས་ལུགས་དྲང་བདེན་ནི་མང་གཙོའི་རིན་ཐང་མངོན་འགྱུར་གྱི་མཁར་རྫོང་དུ་ལྟ་བཞིན་ཡོད། རྒྱལ་ཁབ་ཀྱི་བདག་དབང་མི་མང་ལ་ཡོད་པའི་མང་གཙོའི་ལྟ་གྲུབ་ལ་འདུན་མོས་ཡོད་མཁན་ཞིག་ཡིན་ཕྱིན། རྩ་དོན་དང་། སྤྱི་པའི་སྲིད་ཇུས་གཏན་འབེབས་དང་། ལག་བསྟར་གྱི་བརྒྱུད་རིམ་ཁྲོད་མི་མང་གི་ནུས་པ་མཉམ་སྤུངས་ནི་རྒྱལ་ཁབ་དེའི་དར་རྒཡུད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་བསྙོན་མེད་ཡིན། ང་ཚོར་སྤྱི་ཡོངས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཡོད་ནའང་། བོད་རང་དབང་གི་དམིགས་ཡུལ་ད་དུང་མངོན་འགྱུར་བྱེད་ཐུབ་མེད་པས། ཚང་རྡོགག་གྲ་འགྲིག་པོའི་སྒོ་ནས་གོམ་པ་མདུན་སྤོ་བྱེད་ཐུབ་པ་དགོས་པའི་གཞེན་བསྐུལ་ཞུ་བཞིན་ཡོད། ཅེས་དང་། དེ་རིང་གི་མང་གཙོའི་ཉིན་མོ་བརྒྱུད་ད་བར་བོད་མིར་ཤ་ཚའི་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཁག་དང་། ཚོགས་སྒེར་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་དོན་བདེན་པའི་འཐབ་རྩོད་དང་བོད་མིའི་སྤྱི་ཚོགས་བདེ་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་བའི་འབོད་སྐུལ་བཅས་ཞུས་གནང་སོང་།

སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ནང་། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༠ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་གནས་སྟངས་རྟོགས་ཞིབ་གནང་མཁན་དམིགས་བསལ་ཆེད་མཁས་པ་ལྕམ་མཱེ་རཱི་ལའུ་ལཱོར་ (Mary Lawlor) ལགས་དང་། ཞི་བའི་འདུ་འཛོམས་ཀྱི་རང་དབང་སྐོར་རྟོགས་ཞིབ་གནང་མཁན་དམིགས་བསལ་ཆེད་མཁས་པ་སྐུ་ཞབས་ཀེ་ལེ་མེན་ནེ་ཡ་ལེ་ཚོ་སི་ཝོ་ལུ་ (Cle’ment Nyaletsossi Voule) ལགས། ཉེན་ཁ་མེད་ཅིང་འཕྲོད་བསྟེན་ལྡན་པའི་ཁོར་ཡུག་ལོངས་སུ་སྤྱོད་རྒྱུའི་རང་དབང་སྐོར་རྟོགས་ཞིབ་གནང་མཁན་དམིགས་བསལ་ཆེད་མཁས་པ་ཌེ་ཝིཌ་བྷོ་ཡིཌ་ (David Boyd) ལགས་བཅས་གསུམ་ཐུན་མོང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་ནས་བོད་མི་ཁོར་ཡུག་སྲུང་སྐྱོབ་པ་དགུ་འཛིན་བཟུང་གིས་ལོ་མང་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་སྐོར་དྲི་རྩད་དང་། རྒྱ་གཞུང་གིས་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱ་རྩིས་ཡོད་ན་ཁོང་རྣམས་འཕྲལ་དུ་བཙོན་གྲོལ་གཏོང་དགོས་པའི་རེ་སྐུལ་གནང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བསྔགས་བརྗོད་ཞུ་རྒྱུ་དང་སྦྲགས། བོད་ནང་བོད་མི་ཚོས་སོ་སོའི་ཆོས་དང་། རིག་གཞུང་། སྐད་ཡིག འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་ལས་འགུལ་སྤེལ་རྒྱུར་རང་དབང་དང་ཐོབ་ཐང་སྤྲོད་དགོས་པའི་རྒྱལ་ཚོགས་དང་སྲིད་གཞུང་ཁག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་དང་སྐུལ་མ་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་ཁོང་གིས།  ཕྱི་ལོ་ ༢༠༢༠ ལོ་འགོ་ནས་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཡིས་རྐྱེན་པས་འཛམ་གླིང་ཡོངས་ལ་དཀའ་ངལ་འཕྲད་པ་ལྟར། རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་ལ་ཡང་ཁྲིམས་སྒྲིག་གི་ཆ་ནས་གྲོས་ཚོགས་ཚུགས་མ་ཐུབ་པ་སོགས་དཀའ་ངལ་ཆེན་པོ་བྱུང་ཡོད། ད་ཆ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པར་སྣོལ་འཇོག་གནང་བའི་གྲོས་ཆོད་ཨང་ ༢༠༢༣།༡༧།༥།༥ དགོངས་དོན་སྤྱི་འཐུས་ལྔ་ལས་གྲུབ་པའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཞིག་བསྐོ་གཞག་ཟིན་ཞིང་། གྲོས་ཆོད་གཞིར་བཟུང་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་འཆར་འབུལ་གྱི་ཟིན་བྲིས་བཅས་འཆར་ལོའི་ཕྱི་ཟླ་ ༢ པའི་ཟླ་མཇུག་ཏུ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོས་པ་ལྟར་ལས་དོན་ཞུ་མུས་ཡིན་པས་བརྒྱུད་རིམ་འདིའི་ཐོག་ནས་ཁྲིམས་སྒྲིག་དགོངས་དོན་ལས་དོན་ཞུ་ཕྱོགས་ཁ་གསལ་ཡོང་རྒྱུར་རེ་བ་འཆང་བཞིན་ཡོད། ཅེས་གསུངས་སོང་།

མཇུག་ཏུ། སྐུ་མགྲོན་གཙོ་བོ་སུ་ཝེ་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་གི་སྣེ་འཁྲིད་མཁན་ལྕམ་མར་གྷི་རེ་ཏཱ་ (Margarete Cederfelt) མཆོག་གིས། ང་ཚོ་གྲོས་ཚོགས་འཐུས་མི་བཅུ་གཅིག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་འདིར་ཡོང་ནས། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཁང་སོགས་སུ་གཟིགས་སྐོར་དུ་སོང་ནས། བོད་མིའི་སྐོར་ལ་རྒྱུས་ལོན་བྱེད་ཀྱིན་ཡོད་ལ། ང་ཚོས་བོད་དང་བོད་མིའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་བྱེད་བཞིན་ཡོད། ང་ཚོའི་སུ་ཝེ་ཌན་གྱི་གྲོས་ཚོགས་ནང་འདས་པའི་ལོ་བཅུ་ཕྲག་འགའི་གོང་ནས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོད་པ་དང་། ད་ལྟའང་ང་ཚོས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་གཉེར་གྱིན་ཡོད་པ་མ་ཟད། ང་ཚོས་གྲོས་ཚོགས་ཕན་ཚུན་གྱི་གནས་ཚུལ་ཤེས་རྟོགས་གོང་མཐོར་གཏང་རྒྱུ་གལ་ཆེན་ཡིན་ཞེས་དང་། བོད་ཀྱི་མང་གཙོ་དུས་ཆེན་ཐེངས་ ༦༣ པའི་ཉིན་མོ་དང་བསྟུན། ད་བར་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་བྱ་སྤྱོད་ཁག་ལ་ངོས་ལེན་མེད་པ་དང་བོད་དེ་བོད་མིར་བདག་པ་དང་། རྒྱ་ནག་གིས་བཙན་འཁྲིད་བྱས་པའི་བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་ཕྱིར་རང་ཁྱིམ་དུ་ལོག་གཏོང་དགོས་པ་མ་ཟད། བོད་པའི་བྱིས་པ་ཚོ་བོད་རང་གི་ཁྱད་ཆོས་ལྡན་པའི་འཚོ་བར་རོལ་བ་དང་སློབ་སྦྱོང་བྱེད་པའི་ཐོབ་ཐང་ཡོད་སྐོར་སོགས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese