མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐོངས་མཆན་རག་ཟིན་ནའང་བོད་ནང་གཉེན་འཕྲད་དུ་འགྲོ་མཁན་ཁག་ཅིག་ལ་དཀའ་ངལ་འཕྲད་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་བོད་ཀྱི་ས་ཁུལ་མང་པོར་རང་སྐྱོང་ཁུལ་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་དུས་དྲན་ཟེར་བ་དང་བསྟུན་ཨ་རི་དང་ཡུ་རོབ་སོགས་ཀྱི་བོད་མི་མང་པོར་ཐོངས་མཆན་སྤྲད་ཀྱང་བོད་ནང་སོང་རྗེས་དཀའ་ངལ་འཕྲད་ཡོད་འདུག

Passengers line up at border checkpoints at Beijing Capital International Airport on January 8, 2022. Photo:Globa Times

ཉེ་ལམ་ཕྱི་ཟླ་ ༨ པའི་མགོ་ཙམ་ནས་རྒྱ་ནག་གཞུང་གིས། བོད་ཀྱི་ས་ཁུལ་མང་པོར་བོད་རིགས་རང་སྐྱོང་ཁུལ་ཟེར་བ་བཙུགས་ནས་ལོ་ངོ་ ༧༠ སོགས་འཁོར་བའི་དུས་དྲན་སྲུང་གཙི་དང་འབྲེལ། བོད་ནང་དམ་དྲག་ཤུགས་ཆེན་བྱས་ཡོད་པ་མ་ཟད། འདི་གའི་གསར་འགོད་པས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། སྐབས་དེར་རྒྱ་ནག་གཞུང་གིས་ཨ་རི་དང་ཡུ་རོབ་སོགས་ནས་བོད་མི་མང་པོ་ཞིག་ལ་ཕ་ཡུལ་དུ་ལོག་ཆོག་པའི་ཐོངས་མཆན་སྤྲད་འདུག་ཀྱང་། ཁོ་ཚོ་ཕ་ཡུལ་དུ་འབྱོར་རྗེས་དམ་དྲག་ཆེ་ཁར་འགྲོ་འདུག་ལ་རང་དབང་དེ་ཙམ་མེད་པ་རེད།

བོད་མི་ཞིག་གིས། ཉེ་ལམ་ཡུ་རོབ་དང་ཨ་རིའི་བོད་མི་མང་པོ་ཞིག་ལ་ཐོངས་མཆན་སྤྲད་དེ། ཕྱོགས་གཅིག་ནས་བོད་རིགས་རང་སྐྱོང་ཁུལ་ཟེར་བ་དབུ་བརྙེས་པའི་དུས་ཆེན་དང་བསྟུན་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལ་དམིགས་ཡོད་པ་དང་། གཉིས་ནས་དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་ཡི་ཡོད་སྟབས། ཕྱི་ཕྱོགས་སུ་ཡོད་པའི་བོད་མི་རྣམས་ཕྱིར་བོད་ནང་དུ་ལོག་བཅུག་སྟེ་དཔལ་འབྱོར་ཡོང་འབབ་ལ་དམིགས་ཡོད་སྐོར་སོགས་བརྗོད་བྱུང་ལ། རྒྱལ་སྤྱིའི་དབྱེ་ཞིབ་པ་མང་པོས་ཀྱང་། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་ནང་ཡུལ་སྐོར་ལ་ཡོང་མཁན་ཕྱི་མི་ཉུང་ཉུང་ཡིན་སྟབས། རྒྱ་ནག་ནང་ཡུལ་སྐོར་བར་ལྷ་བཞིན་བརྩི་བཀུར་བྱེད་ཀྱིན་ཡོད་སྐོར་བརྗོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ནམ་རྒྱུན་བོད་མི་མང་པོ་ཞིག་ལ་ཐོངས་མཆན་རག་གི་མེད་ཀྱང་། ད་ལོ་ཉུང་མཐར་ཡང་བོད་མི་བརྒྱ་སྐོར་འགའ་ལ་ཐོངས་མཆན་སྤྲད་ཡོད་པ་དང་། ཐོངས་མཆན་རག་པའི་བོད་མི་ཚོ་ཕྱིར་རང་ཡུལ་དུ་འབྱོར་རྗེས། ཞིང་ཆེན་གཞན་གྱི་ནང་དུ་ཡོད་པའི་རང་ཉིད་ཀྱི་གཉེན་ཉེ་སྤུན་མཆེད་སོགས་ལ་ཐུག་འཕྲད་བྱེད་པར་བསྐྱོད་ཆོག་གི་མེད་ཁར། ཁོ་ཚོ་ཕ་ཡུལ་དུ་འབྱོར་བ་དང་མི་ཚོགས་ཁྲོད་ནས་ཁ་བཏགས་སོགས་གཡོགས་ནས་སྣེ་ལེན་ཟབ་རྒྱས་བྱེད་ཆོག་གི་མེད་པ་དང་། བོད་མི་ཁག་ཅིག་ས་གནས་ཉེན་རྟོག་ཁང་དུ་བོས་ཏེ་ལག་ནས་ཕྱིའི་རྒྱལ་ཁབ་ཀྱི་ཐོབ་ཐང་ལག་འཁྱེར་ཡར་བསྡུ་ལེན་བྱེད་པ་སོགས་ཀྱི་འཇིགས་སྐུལ་ཡང་བྱེད་བཞིན་ཡོད་པ་རེད།

ཡང་མིང་བརྗོད་འདོད་མེད་ཅིང་ཉེ་ལམ་ཐོངས་མཆན་རག་པའི་བོད་མི་ཞིག་ལ་ཉིན་གཉིས་རིང་གནམ་ཐང་ནས་འདྲི་གཅོད་བྱས་རྗེས། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ལས་ཀ་བྱས་འདུག་ཟེར་ནས་ཕྱིར་ལོག་བཏང་ཡོད་པ་དང་། དེ་ནི་རྒྱ་ནག་གི་གནམ་ཐང་བདེ་འཇགས་ལྟ་སྲུང་ཚན་པས། བོད་མི་ཁོང་གི་རྒྱབ་ཁུག་ཙམ་དུ་མ་ཟད། ཁ་པར་སོགས་ལ་སྔོག་བཤེར་བྱས་ཏེ། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་འབྲེལ་བའི་པར་རིས་སོགས་ལག་སོན་བྱུང་བར་བརྟེན། བོད་ནང་གཉེན་ཉེ་ཐུག་འཕྲད་དུ་འགྲོ་མ་བཅུག་པར་ཕྱིར་ལོག་བཏང་ཡོད་པ་རེད། བོད་མི་རྣམས་རྒྱ་ནག་གི་གནམ་ཐང་དུ་འབྱོར་བ་དང་རྒྱལ་ཁབ་གཞན་གྱི་མི་སེར་ནང་བཞིན་བརྟག་དཔྱད་ས་ཚིགས་བརྒྱུད་དགོས་པ་སྨོས་ཅི་དགོས། འོན་ཀྱང་བོད་མི་ཚོ་བརྟག་དཔྱད་ཁང་གཞན་གྱི་ནང་འཁྲིད་དེ་ལག་གི་རྒྱབ་ཁུག་ནས་ནང་གི་ཅ་དངོས་རེ་རེ་བཞིན་བརྟག་དཔྱད་གཏོང་བ་དང་། ཐ་ན་ཁ་པར་སོགས་ཅ་དངོས་ཡོད་ཚད་ལ་བརྟག་དཔྱད་བྱས་རྗེས། མ་ཎི་རིལ་བུ་དང་རིན་ཆེན་རིལ་བུ་སོགས་འཁྱེར་ཆོག་གི་མེད་པ་རེད།

ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། སྤྱིར་རྒྱ་ནག་གཞུང་གི་ཐོངས་མཆན་ཞུ་བར་རྒྱལ་ཁབ་གཞན་གྱི་མི་སེར་ཚོར་ཉིན་གཅིག་གཉིས་ཙམ་ལས་འགོར་གྱི་མེད་ཀྱང་། བོད་མི་ཚོས་ཐོ་འགོད་བྱེད་པའི་བརྒྱུད་རིམ་ལ་བདུན་ཕྲག་གསུམ་ནས་བཞིའི་བར་འགོར་བ་མ་ཟད། ཐོ་འགོད་བྱས་རྗེས་ཟླ་གསུམ་ནས་བཞིའི་རྗེས་སུ་གཞི་ནས་ཐོངས་མཆན་རག་ཡོད་མེད་ཀྱི་བརྡ་ལན་སྤྲོད་ཀྱི་ཡོད་འདུག་ལ། ཐོངས་མཆན་ཞུ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་གཙོས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་བོད་རིགས་ཚོགས་པའི་ནང་ལས་ཀ་བྱེད་མྱོང་ཡོད་མེད་དང་། བཟའ་ཚང་ཡོད་མེད། ད་སྔ་བར་ས་ཆ་གང་ནས་གང་དང་ཚོགས་སྡེ་གང་དང་གང་དུ་ལས་ཀ་ཅི་བྱས་སོགས་ཚུད་པའི་དྲི་བ་ཁྱོན་ ༣༠ ཞིབ་འབྲི་བྱེད་ཀྱིན་ཡོད་འདུག  འདི་གའི་གསར་འགོད་པར་རྒྱ་ནག་གཞུང་གི་ཐོ་འགོད་ཀྱི་འགེང་ཤོག་ཅིག་འབྱོར་བའི་ནང་། བོད་ནང་གཉེན་འཕྲད་དུ་འགྲོ་མཁན་ཚོས་ཕྱིར་བོད་ནང་ལོག་པའི་ཐོངས་མཆན་ཞུ་བར། བོད་ནང་གི་སོ་སོའི་ཡུལ་ཚོའམ་གྲོང་ཚོ་དང་། ས་གནས་ཉེན་རྟོག་ལས་ཁུངས་དང་བདེ་འཇགས་ལས་ཁུངས། རྫོང་རིམ་པའི་འཐབ་ཕྱོགས་གཅིག་གྱུར་ཁང་བཅས་ཀྱི་ངོས་ལེན་ཡི་གེ་ཐོབ་རྗེས། གཞི་ནས་ཐོངས་མཆན་སྤྲོད་ཀྱི་ཡོད་འདུག

དབྱིན་ཡིག་གསར་འགྱུར། Tibetan facing trouble even after getting an entry visa

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese