མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་ནས་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ཡོངས་སུ་རྫོགས་པར་གཟིགས་སྐོར་གནང་འགྲུབ་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གཅིག་ཀྱང་མ་ལྷག་པར་ཚང་མའི་ནང་གཟིགས་སྐོར་གནང་རྒྱུ་ཡིན་པའི་ཁས་ལེན་གནང་བ་ལྟར་གནངས་ཉིན་ནས་གཟིགས་སྐོར་ཡོངས་སུ་འགྲུབ་ཀྱི་འདུག

སྲིད་སྐྱོང་མཆོག་གིས་གཏམ་བཤད་གནང་བཞིན་པ། ༢༠༢༣།༩།༥ དུས་བབ་ཀྱི་པར།

ཁ་སང་ཕྱི་ཚེས་ ༤ ཉིན་ནས་བཟུང་ཉིན་གྲངས་ ༤ རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཞུགས་སྒར་དྷ་རམ་ས་ལ་ཉེ་ཁུལ་དུ་གཟིགས་སྐོར་གནང་བཞིན་ཡོད་པ་ལྟར། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གངས་སྐྱིད་དཔེ་སྟོན་སློབ་གྲྭ་དང་། དྷ་ཤོད་བོད་ཁྱིམ་སློབ་གྲྭ། དེ་བཞིན་ཤེས་རབ་དགའ་ཚལ་གླིང་དང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། སྒྲོལ་མ་གླིང་དང་། འཆི་མེད་དགའ་ཚལ་གླིང་། ཇོ་ནང་དགོན་པ། སྙིང་སྟོབས་གླིང་སོགས་སུ་རིམ་གྱིས་གཟིགས་སྐོར་གནང་གི་འདུག

དེ་རིང་སྔ་དྲོར་དྷ་ཤོད་བོད་ཁྱིམ་སློབ་གྲྭར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཁྱེད་རང་ཚོ་མང་ཆེ་བ་བྱང་ཤར་ཁུལ་ནས་རེད་འདུག ཁྱེད་ཚོ་སློབ་སྦྱོང་བྱ་ཆེད་དུ་ཐག་རིང་པོ་ནས་ཡོང་བ་རེད། དེར་བརྟེན། ཁྱེད་ཚོས་སློབ་སྦྱོང་ལ་ཧུར་ཐག་བྱ་དགོས་པ་དང་སྤྱོད་པའང་ཡག་པོ་དགོས་ཀྱི་ཡོད་རེད། སློབ་སྦྱོང་དང་སྤྱོད་པ་གཉིས་ཀ་ཡག་པོ་ཡོད་ན་མི་ལ་ཕན་ཐོགས་མང་བ་ཡོང་གི་རེད། ད་ལྟ་བོད་ཕྲུག་ཁྱིམ་སྡེའི་སྲིད་ཇུས་ལ་འགྱུར་བ་ཕྱིན་མེད་ན། དྷ་ཤོད་སློབ་གྲྭ་དེ་མ་འོངས་པར་ཕྱི་རྒྱལ་ལ་ཡོད་མཁན་གྱི་ཕྲུ་གུ་རྣམས་ཀྱིས་རྒྱ་གར་དུ་སློབ་སྦྱོང་བྱ་སའི་སློབ་གྲྭ་ཞིག་བཟོ་རྒྱུ་ཡིན་པའི་འཆར་གཞི་ཡོད་པ་དང་། རྒན་ལགས་རྣམས་ཀྱིས་ད་བར་དུ་བོད་ཁྱིམ་སློབ་གྲྭར་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་དྷ་ཤོད་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་གནང་བཞིན་པ། ༢༠༢༣།༩།༥ དུས་བབ་ཀྱི་པར།

མེེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཆེ་བའི་ཚོགས་ཁང་དུ་སྲིད་སྐྱོང་མཆོག་གིས། ངས་སྲིད་སྐྱོང་གི་འགན་འཁུར་ནས་ད་བར་ཤེས་རབ་དགའ་ཚལ་སློབ་གླིང་ལ་ཐེངས་གཉིས་བསླེབས་ཡོད། འོན་ཀྱང་སློབ་གྲྭ་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་ཐུབ་ཡོད་པ་མ་རེད། དེ་སྔ་ཡོང་བའི་སྐབས་སློབ་གྲྭ་དང་ལས་ཤག་སོགས་ཀྱི་གནས་སྟངས་སྐྱོ་བོ་མཐོང་སོང་། ད་ལན་ཉལ་ཁང་ལ་རྩི་བཏང་འདུག དེ་རིང་བློ་ཏོག་ཙམ་བདེ་པོ་བྱུང་ཞེས་སློབ་གྲྭ་དང་ལས་ཤག་སོགས་ལ་བདག་པོ་ལེགས་པོ་བརྒྱག་དགོས་སྐོར་སོགས་གསུངས་སོང།

དེ་ནས་དཔེ་སྟོན་སློབ་གྲྭའི་སློབ་མ་ཁག་ཅིག་གིས་སྲིད་སྐྱོང་མཆོག་ལ་ཕྱག་ལས་གནང་བའི་སྐབས་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་ཡོད་སྐོར་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས། ང་ཚོ་ལ་ལས་འགན་གཙོ་བོ་གཉིས་རེད། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་ས་ཤོར་ཡོད་པར་བརྟེན། ང་ཚོས་དུས་ཚོད་མང་བ་དེ་བོད་ལ་གང་འདྲ་ལོག་དགོས་ཀྱི་ཡོད་པའི་སྐོར་ལ་བསམ་བློ་གཏང་དགོས་ཀྱི་ཡོད་རེད། འོན་ཀྱང་ད་ལྟའི་ཆར་ང་ཚོས་དུས་ཚོད་མང་ཆེ་བ་བཙན་བྱོལ་བོད་མིའི་དཀའ་ངལ་སེལ་ཐབས་ལ་གཏོང་གི་ཡོད་རེད། དེར་བརྟེན་དོན་དངོས་སུ་ཆབ་སྲིད་སྒང་ལ་དུས་ཚོད་མང་བ་གཏང་དགོས་ཀྱང་། མི་མང་གི་བདེ་སྡུག་ལ་གཟིགས་ཞིབ་བྱ་རྒྱུར་དུས་ཚོད་མང་བ་གཏོང་གི་ཡོད་པའི་དཀའ་ངལ་འཕྲད་པ་དང་། འཛིན་སྐྱོང་དང་སྒྲིག་འཛུགས་ནང་འགྱུར་བ་གཏོང་གི་ཡིན་ལབ་ཚེ། རྒྱུ་མཚན་ཡོད་མེད་ལ་མི་ལྟ་བར་ལམ་སེང་དོགས་པ་དང་རྣམ་རྟོག་བྱས་ཡོང་གི་ཡོད་པའི་དཀའ་ངལ་ཕྲན་བུ་འཕྲད་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་དང་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ལྷན་དུ་པར། ༢༠༢༣།༩།༥ དུས་བབ་ཀྱི་པར།

སློབ་མ་ཁག་ཅིག་གིས་མགོ་ཁྲིད་ཀྱི་ཁྱད་ཆོས་ག་རེ་དགོས་སྐོར་དྲིས་པར་ཁོང་གིས། མགོ་ཁྲིད་ཟེར་མཁན་དེ་དྲང་པོ་དགོས་རེད་བསམ་གྱི་འདུག དྲང་པོ་མེད་ན་རྙོག་དྲ་མང་པོ་ཆགས་ཀྱི་རེད། ལྷག་པར་དུ་སྤྱི་པའི་ལས་ཀ་བྱེད་པའི་སྐབས་དྲང་པོ་དང་ལས་ཀ་གཙང་མ་བྱ་རྒྱུ་གལ་ཆེན་པོ་རེད། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། སྤྱི་པའི་ལས་ཀ་བྱེད་པའི་སྐབས་ལས་ཀ་འཇོན་དང་མ་འཇོན་ཡོང་གི་རེད། མི་འཇོན་པོ་ཞེ་དྲགས་ཡོད་ཀྱང་གནས་སྟངས་དང་ཆ་རྐྱེན་མ་ཚང་བ་ཡིན་ན། དོན་དག་འགྲུབ་རྒྱུ་ཡོད་མ་རེད། ལས་ཀ་འཇོན་དང་མི་འཇོན་དང་། ལས་དོན་འགྲུབ་དང་མི་འགྲུབ་ཟེར་བ་སྣ་ཚོགས་ཡོང་གི་རེད། གལ་ཆེ་བ་དེ་སྤྱི་པའི་འགན་འཁྱེར་ནས་དངུལ་དང་རྩིས་སོགས་གཙང་མ་དགོས་ཀྱི་ཡོད་སྐོར་དང་། མགོ་ཁྲིད་ལ་རིམ་པ་མང་པོ་ཡོད་པར་བརྟེན་སོ་སོའི་མགོ་ཁྲིད་ཀྱི་རིམ་པ་ལ་དཔག་པའི་ལས་འགན་འགྲུབ་དགོས་གལ་ཆེ་སྐོར་དང་། སྤྱི་པའི་ལས་ཀ་བྱེད་སྐབས་ལྷག་བསམ་རྣམ་དག་དགོས་པ་དང་། རྒྱ་ཆེ་ས་ནས་བསམ་བློ་བཏང་སྟེ་སྤྱི་པ་ལ་ཕན་པའི་བསམ་བློ་ཡོད་ཚེ་མགོ་ཁྲིད་ཚད་ལྡན་ཞིག་ཡིན་སྐོར་སོགས་བཀའ་སློབ་ལམ་སྟོན་གནང་སོང་ལ། དེ་རིང་ཉིན་རྒྱབ་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྒྲོལ་མ་གླིང་དང་། འཆི་མེད་དགའ་ཚལ་གླིང་། ཇོ་ནང་དགོན་པ། སྙིང་སྟོབས་གླིང་། ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་བཅས་གཟིགས་ཞིབ་གནང་སྟེ་སེར་སྐྱ་མང་ཚོགས་ལ་བཀའ་སློབ་གནང་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་སྲིད་སྐྱོང་མཆོག་གིས་དྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་། བོད་ཀྱི་ཟློས་གར་ཚོགས་པ། བྱམས་པ་གླིང་རྒས་གསོ་ཁང་། བཙུན་དགོན་དགེ་ལྡན་ཆོས་གླིང་བཅས་སུ་འཚམས་གཟིགས་གནང་ཡོད་པ་དང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་སྲིད་སྐྱོང་མཆོག་གིས། ང་ཚོས་ཁྱེད་ཚོའི་འགྲམ་ནས་སློབ་སྦྱོང་ལེན་རྒྱུ་ཡོད་ལ། ང་ཚོས་ཕྲན་བུ་ཤེས་པ་དེ་ཁྱེད་ཚོར་སློབ་དགོས་ཀྱི་ཡོད་རེད། མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་འགན་དེ་ཁྱེད་ཚོས་འཁུར་དགོས་པ་རེད། དེར་བརྟེན། ད་ལྟ་སློབ་གྲྭར་ཡོད་པའི་སྐབས། དོ་སྣང་ཕྲན་བུ་བྱས་ཏེ་བོད་ཀྱི་སྤྱི་ཡོངས་གནས་ཚུལ་ལ་རྒྱུས་ལོན་ཡག་པོ་བྱེད་ཚེ། རང་བཞིན་གྱིས་སེམས་ལ་སྤོབས་པ་ཡོང་གི་རེད། ཅེས་དང་། ས་ཁམས་ཆབ་སྲིད་ཐོག་བོད་ཀྱི་གལ་གནད་དང་། བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད། བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་ལོ་རྒྱུས་ལ་འཁྱོག་བཤད་ཇི་ཙམ་བྱས་ཀྱང་། དོན་དངོས་སུ་ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་གསལ་པོ་ཡིན་སྐོར་ངོ་སྤྲོད་དང་། བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། བོད་དང་རྒྱ་ནག་བར་གྱི་འབྲེལ་བ། བོད་དང་སོག་པོ་བར་གྱི་འབྲེལ་བ། བོད་དང་རྒྱ་གར་བར་གྱི་འབྲེལ་བ་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་དང་དཔེ་སྟོན་སློབ་གྲྭའི་དགེ་ལས་ལྷན་དུ་པར། ༢༠༢༣།༩།༥ དུས་བབ་ཀྱི་པར།

ཡང་སྲིད་སྐྱོང་གིས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། བོད་ནང་གི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པའི་སྐོར་དང་། བོད་ནང་གི་ཤེས་ཡོན་ཅན་དང་། ཁོར་ཡུག་སྲུང་སྐྱོབ་པ། ནང་ཆོས་ཀྱི་སློབ་དཔོན་སོགས་བཙན་གནོན་བྱེད་བཞིན་ཡོད་སྐོར་སོགས་རྒྱ་ནག་གཞུང་གིས་བོད་ཀྱི་ངོ་བོ་མེད་པ་བཟོ་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་སྐོར་སོགས་འགྲེལ་བརྗོད་གནང་བ་དང་། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་དམ་བཅས་པ་བཞིན་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཡོངས་རྫོགས་སུ་གཟིགས་སྐོར་དུ་ཕེབས་ཏེ་མི་མང་གི་དཀའ་ངལ་དང་དགོས་འདུན་གང་ཡིན་རྒྱུས་ལོན་བྱས་ཏེ། ད་ལྟ་ལས་གཞི་ལག་བསྟར་གནང་མགོ་བཙུགས་ཟིན་སྐོར་དང་། བོད་ཕྲུག་རྣམས་ནས་བོད་ཀྱི་གནས་ཚུལ་ཤེས་པའི་ཐོག་བོད་མིའི་མགྲིན་ཚབ་པ་གནང་དགོས་སྐོར་ལམ་སྟོན་གནང་སོང་།

སང་ཉིན་ཕྱི་ཚེས་ ༦ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ་དང་རྒྱུད་སྟོད་དགོན་པ། སཱ་ར་མཐོ་སློབ། ཅན་མུན་ཌ་ས་གནས་བོད་རིགས་ཚོང་པ་བཅས་ལ་མཇལ་འཕྲད་དང་གཟིགས་ཞིབ་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༧ ཉིན་དབུས་སྨན་རྩིས་ཁང་དང་ཞ་ལུ་དགོན་པ། ཤུག་གསེབ་དགོན་པ། འཇམ་དབྱངས་ཆོས་གླིང་། ཀརྨ་སྒྲུབ་བརྒྱུད་དར་རྒྱས་གླིང་དུ་འཚམས་གཟིགས་གནང་རྒྱུ་ཡིན་པ་མ་ཟད། དྷ་ས་ས་གནས་མང་ཚོགས་ལ་མཇལ་འཕྲད་ཀྱིས་ལམ་སྟོན་བཀའ་སློབ་གནང་རྒྱུ་ཡིན་འདུག་ལ། ད་ལན་གྱི་གཟིགས་སྐོར་འགྲུབ་ན་རྒྱ་གར་རྒྱལ་ཡོངས་ནང་གི་བོད་མིའི་གཞིས་ཆགས་ཁག་ཚང་མའི་ནང་གཟིགས་ཞིབ་དང་པོ་དེ་ཡོངས་སུ་གྲུབ་པ་ཡིིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering during the meeting with executive members of Tibetan Association of NY & NJ.
Mobile App

སྲིད་སྐྱོང་མཆོག་ཨ་རིའི་ནེའུ་མེག་སི་ཁོ་རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༤/༡༢/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཀི་རན་རི་ཇི་ཇུ་ལགས།
Mobile App

སྲིད་སྐྱོང་མཆོག་གིས་སྐུ་ཞབས་རི་ཇི་ཇུ་ལགས་ལ་འཚམས་འདྲི་གནང་།

༢༠༢༤/༠༦/༡༣
Mobile App

ཉིན་གྲངས་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོག་མགོ་བཙུགས།

༢༠༢༤/༠༣/༡༢
རིག་གཞུང་སྲུང་སྐྱོབ་ལས་གཞིའི་འབྲེལ་ཡོད་ལས་བྱེད་རྣམས། དུས་བབ་ཀྱི་པར། ༢༠༢༣།༡༡།༠༣
Mobile App

བོད་ཀྱི་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་གཞི་དབུ་འབྱེད་གནང་སོང་།

༢༠༢༣/༡༡/༠༣
Sikyong addressed the Tibetan community and engaged in a Q&A session.Photo:Tibet.net
Mobile App

སྲིད་སྐྱོང་མཆོག་ནས་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༣/༡༠/༡༦
སྲིད་སྐྱོང་མཆོག་ནས་ཀོ་ལིམ་བྷི་ཡ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་བཞིན་པ། སྲིད་སྐྱོང་ངོ་དེབ་ཀྱི་པར། ༢༠༢༣།༡༠།༠༣
Mobile App

སྲིད་སྐྱོང་མཆོག་གིས་བོད་ནང་གི་ཆོས་ལུགས་དད་མོས་སྐོར་ལ་བགྲོ་གླེང་ཤུགས་ཆེན་གནང་།

༢༠༢༣/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese