མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ལྷན་ཚོགས་སུ་བོད་དོན་གསུང་བཤད་གནང་།  

བོད་ཀྱི་དུས་བབ།
༢༠༢༣/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་འཚོགས་པའི་རྒྱལ་ཁབ་ ༣༠ ཙམ་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ལྷན་ཚོགས་སུ་མཉམ་ཞུགས་གནང་སྟེ་བོད་དོན་གསུང་བཤད་གནང་འདུག

Deputy Speaker Dolma Tsering Teykhang Attends IPAC Prague Summit 2023

 ཟླ་འདིའི་ཕྱི་ཚེས་ ༡ ནས་ཉིན་གྲངས་གཉིས་རིང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པི་རག་ཏུ་རྟེན་གཞི་བྱས་པའི་ཅེག་གྲོས་ཚོགས་གོང་འོག་གཉིས་སུ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་(Inter-Parliamentary Alliance on China (IPAC)ལྷན་ཚོགས་འཚོགས་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་མཉམ་ཞུགས་གནང་ཡོད་པ་མ་ཟད། ཁུལ་དེའི་གནད་ཡོད་མི་སྣ་རྣམས་ལ་མཇལ་ཕྲད་གནང་སྟེ་བོད་དོན་ཞུ་སྐུལ་གནང་ཡོད་འདུག

ཐེངས་འདིའི་ལྷན་ཚོགས་སྟེང་རྒྱལ་ཁབ་མི་འདྲ་བ་ ༣༠ ཙམ་གྱི་གྲོས་ཚོགས་འཐུས་མི་གྲངས ༥༠ ལྷག་མཉམ་ཞུགས་གནང་སྟེ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་འདས་ལོའི་ནང་གི་ལས་དོན་ཐོག་གྲུབ་འབྲས་ཇི་བྱུང་དང་། གདོང་ལེན་ཇི་བྱས་ཐོག་བསམ་ཚུལ་བརྗེ་ལེན། དེ་བཞིན་རྒྱ་ནག་དམར་གཞུང་གིས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་ཇུས་ཐོག་ནས་རྒྱལ་སྤྱིའི་ནང་གི་ཁྲིམས་དང་ཞི་བདེ། བདེ་འཇགས། རང་དབང་། དམངས་གཙོ་བཅས་ལ་ཉེན་ཁ་འདྲ་མིན་བཟོས་དང་བཟོ་བཞིན་པར་གདོང་ལེན་བྱེད་ཕྱོགས་ཀྱི་ཐབས་ཇུས་ཐོག་བགྲོ་གླེང་གནང་ཡོད་འདུག

ཚོགས་གཞོན་མཆོག་ནས་ཅེག་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་པེ་རིམ་སིལ་ར་བྷ་སེ་( Premysl Rabas) ལགས་དང་། ཚོགས་མི་གྲོས་ཚོགས་འོག་མའི་འཐུས་མི་ཧ་ཡ་ཊོ་ཇོ་སིབ་ཨོ་ཀ་མུ་ར་(Hayato Josef Okamura)ལགས་སོགས་ལ་མཇལ་འཕྲད་གནང་། སྤྱི་འཐུས་ཀྱི་པར།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས། འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་ཀྱི་ལོ་རྒྱུས་སོགས་ལ་གོ་རྟོགས་མེད་པའི་ཐོག་ནས་རྒྱ་ནག་གཞུང་གི་ལོག་འགྲེལ་ལ་ཡིད་ཆེས་བྱས་པ་དེས། རྒྱ་ནག་གཞུང་གིས་དངོས་ཡོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཏེ། རྒྱ་ནག་གཞུང་གིས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་ཁོངས་སུ་ཧམ་བཟུང་དང་བཙན་འཛུལ་བྱེད་པར་ནུས་ཤུགས་སྤྲོད་ཀྱི་ཡོད་སྐོར་དང་། རྒྱལ་སྤྱིའི་མགོ་ཁྲིད་རྣམས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་ཤེས་དགོས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་། ཤུགས་རྐྱེན་ཐོག་ཚན་རིག་དང་མཐུན་པའི་ཉམས་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་འདུག་ལ། དེ་བཞིན་ཁོང་མོས། འཛམ་གླིང་ཞི་བདེ་དང་། རང་དབང་། ཁྲིམས་སྒྲིག་ཚད་ལྡན་སླད། རྒྱ་ནག་དམར་ཤོག་གཞུང་གི་མགོ་ཁྲིད་ཚོར་འགན་ཁུར་གྱི་འདུ་ཤེས་གོང་མཐོར་གཏོང་བཅུག་དགོས། དེ་ནི་རྒྱ་ནག་གཞུང་གི་བཙན་གནོན་འོག་ལུས་པའི་བཙོན་པ་གཅིག་པུའི་ཁེ་ཕན་ཞིག་གཏན་ནས་མིན་པར། རྒྱ་རིགས་དང་། རྒྱ་ནག་གི་ཁེ་ཕན་ཡིན་སྐོར་སོགས་གསུངས་འདུག 

ཚོགས་གཞོན་མཆོག་གིས་ཚོགས་འདུ་ཡི་ཞོར་དུ། ཅེག་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་པེ་རིམ་སིལ་ར་བྷ་སེ་( Premysl Rabas) ལགས་དང་། ཚོགས་མི་གྲོས་ཚོགས་འོག་མའི་འཐུས་མི་ཧ་ཡ་ཊོ་ཇོ་སིབ་ཨོ་ཀ་མུ་ར་(Hayato Josef Okamura)ལགས། དྲུང་ཆེ་གྲོས་ཚོགས་གོང་མའི་འཐུས་མི་ཀེ་ཊི་རི་ནཱ་ ཇེ་ཁུ་སི་ ( Katerina Jacques)ལགས། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མར་ཊིན་ བྷུར་སིག་(Mr. Martin Bursik)ལགས། བོད་དོན་རྒྱབ་སྐྱོར་བ་ཨི་ཌི་ཊ་ཀེ་ལེག་ཀེ་རོ་ཝ(Edita Kleckerova )ལགས། བོད་དོན་རྒྱབ་སྐྱོར་བ་གྷ་བྷེ་རི་ལ་གྷ་ཛ་ཌི་ཀོ་ཝ་( Gabriela ) ལགས་བཅས་དང་མཇལ་ཕྲད་གནང་སྟེ། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་གླེང་སློང་གནང་ཡོད་འདུག 

གསར་འགོད་པ་དཔལ་ལྡན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བཏུས། 

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་བླང་དོར་བཀའ་སློབ་བསྩལ། པར་བོད་ཀྱི་དུས་བབ། ༢༠༢༣།༡༠།༢༦
Mobile App

དབུ་དགེ་དམ་པའི་དམིགས་ཡུལ་ནང་བཞིན་སློབ་གཉེར་བ་རྣམས་ཀྱིས་སློབ་སྦྱོང་བྱས་པའི་དོན་དག་འགྲུབ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས།

༢༠༢༣/༡༠/༢༦
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

༢༠༢༣/༠༩/༢༧
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་ཁེ་ན་ཌའི་
Mobile App

ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་གསར་པར་འཚམས་འདྲི་ཞུས།

༢༠༢༣/༠༧/༢༩
Mobile App

གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིལ་སོང་།

༢༠༢༣/༠༣/༢༥
སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་གཏོང་ནས་བླངས།
Mobile App

ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ལ་རྒྱབ་སྐྱོར་ཐོབ་མ་སོང་།

༢༠༢༣/༠༣/༢༣
བོད་མིའི་སྒྲིག་འཛུགས་ཀྱི་ཐད་གཏོང་དྲ་ངོས་ནས་འདྲ་བཤུས་བྱས།
Mobile App

རྩིས་ལོའི་ནང་སྔོན་རྩིས་འཆར་འབུལ་ཧིན་སྒོར་ས་ཡ་ ༣༠༣༤།༠༡ བཀའ་འཁྲོལ་ཞུས་འདུག

༢༠༢༣/༠༣/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese