མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་མཐོང་ཐོས་མེད་པར་གྱུར།

བོད་ཀྱི་དུས་བབ།
༢༠༢༣/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཕྱི་ཟླ་ ༣ ནང་ཞི་ཅིན་ཕིན་གྱིས་བསྐོ་གཞག་བྱས་པའི་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲན་ཧྥོའུ་ཟེར་བ་མཐོང་ཐོས་མེད་པར་གྱུར་ཏེ་བདུན་ཕྲག་གཉིས་ཕྱིན་འདུག

Chinese Defense Minister Li Shangfu salutes the audience at the 20th Shangri-La Dialogue summit in Singapore, June 4, 2023. (AFP Photo)

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲན་ཧྥོའུ་ (Li Shangfu) ཟེར་བ་གར་སོང་ཆ་མེད་དུ་གྱུར་ནས་བདུན་ཕྲག་གཉིས་ལྷག་འགྲོ་ཡི་ཡོད་ཅིང་། དེ་ནི་ཉེ་ལམ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ནང་ཁུལ་གྱི་གོ་གནས་བརྗེ་བསྒྱུར་དང་འབྲེལ། རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་མགོ་འཁྲིད་ཁག་ཅིག་ལ་ལྐོག་ཟ་རུལ་སུངས་ཀྱི་ཞིབ་དཔྱོད་བྱས་པའི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་དབྱེ་ཞིབ་པས་རྗོད་ཀྱིན་འདུག

དེ་འབྲེལ་རྒྱ་གར་གྱི་ (wion) གསར་ཁང་གི་གནས་ཚུལ་ནང་། ཕྱི་ཟླ་ ༨ ཚེས་ ༢༩ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོགས་པའི་རྒྱ་ནག་དང་ཨ་ཧྥི་རི་ཁའི་ཞི་བདེ་དང་བདེ་འཇགས་གླེང་སྟེགས་སྐབས་གསུམ་པའི་སྟེང་ལི་ཧྲན་ཧྥོའུ་ཟེར་བ་ཁོས་གླེང་སྟེགས་དེའི་གཏམ་བཤད་གཙོ་བོ་སྤེལ་ཡོད་ཀྱང་། དེའི་རྗེས་ནས་ལི་ཧྲན་ཧྥོའུ་རྒྱལ་སྲུང་དང་འབྲེལ་བའི་གཞུང་འབྲེལ་གྱི་ཚོགས་འདུ་སོགས་སྤྱི་དམངས་ཀྱི་མཐོང་ས་ནས་མེད་པར་གྱུར་ཡོད་པ་མ་ཟད། ཉེ་ལམ་རྒྱ་ནག་གི་དཔོན་རིགས་ཁག་ཅིག་གི་གོ་གནས་མེད་པར་བཟོས་པ་དང་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དང་འབྲེལ་ནས། ལི་ཧྲན་ཧྥོའུ་ཡི་ད་ལྟའི་གནས་སྟངས་ཐད་ཚོད་དཔག་འདྲ་མིན་བཤད་ཀྱི་ཡོད་འདུག

ཕྱི་ཟླ་ ༨ ཚེས་ ༡ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་བཅིངས་གྲོལ་དམག་གི་མེ་ཤུགས་འཕུར་མདའི་དམག་སྤྱི་ལི་ (Li Yuchao) དང་དམག་སྤྱི་གཞོན་པ་ཀྲང་ཀྲན་ཀྲོང་(Zhang Zhenzhong) དང་འབྲེལ་ཡོད་དཔོན་རིགས་ལིའུ་(Liu Guangbin) བཅས་ལ་ལྐོག་ས་རུལ་སུངས་ཀྱི་ཉེས་མིང་འོག་ནས་གོ་གནས་མེད་པར་བཟོས་ཏེ། ད་ལྟ་ད་དུང་ཡང་ཁོ་ཚོའི་གནས་སྟངས་གོ་མེད་ཚོར་མེད་དུ་གྱུར་ཡོད་པ་དང་། དབྱེ་ཞིབ་པ་ཁག་ཅིག་གིས་ལི་ཧྲན་ཧྥོའུ་མི་དམངས་ཀྱི་མདུན་སྔར་མི་མཐོང་བར་གྱུར་བའི་གནད་དོན་དེ།  བཅིངས་གྲོལ་དམག་གི་དམག་སྤྱི་དེ་དག་དང་འབྲེལ་བ་ཡོད་སྐོར་བརྗོད་འདུག རྒྱུ་མཚན་ནི་ལི་ཧྲན་ཧྥོའུ་ཕྱི་ལོ་ ༢༠༡༧ ནས་ ༢༠༢༢ བར་བཅིངས་གྲོལ་དམག་གི་གོ་མཚོན་མ་ལག་གཏོང་ལེན་དང་ཉར་ཚགས་སྡེ་ཚན་གྱི་མགོ་འཁྲིད་ཡིན་པས་ཡིན་པ་རེད། འོན་ཀྱང་། བཅིངས་གྲོལ་དམག་གི་དྲ་ཐོག་ཏུ་ལི་ཧྲན་ཧྥོའུ་ཡིས་གོ་མཚོན་མ་ལག་དང་འབྲེལ་ནས་ནག་ཉེས་བསགས་པའི་གནས་ཚུལ་གང་ཡང་སྤེལ་མི་འདུག

གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས། ཉེ་ལམ་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྟེང་ཞི་ཅིན་ཕིན་མཉམ་ཞུགས་མི་བྱེད་དོན་ནི། ད་ལྟ་ལི་ཧྲན་ཧྥོའི་མཐོང་ཐོས་མེད་པར་གྱུར་བའི་གནད་དོན་ལྟ་བུ་རྒྱ་ནག་གི་དཔོན་རིགས་ནང་ཁུལ་གྱི་ཆབ་སྲིད་ལ་རྙོག་དྲ་ཆེ་ཁར། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་རག་གི་མེད་པ་སོགས་རྒྱུ་རྐྱེན་འདྲ་མིན་ཞིག་གི་རྐྱེན་ཡིན་སྐོར་བརྗོད་འདུག

ལི་ཧྲན་ཧྥོའི་མཐོང་ཐོས་མེད་པར་གྱུར་བའི་གནད་དོན་དེ་ཐོག་མར་ཉི་ཧོང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་རཱམ་ཨེ་མཱ་ནོལ་ (Rahm Emanuel) གྱིས་ཊུ་ཝེ་དྲ་ཚིགས་སྟེང་སྤེལ་ཞིང་། ཁོས་ད་ལྟ་ཞི་ཅིན་ཕིན་གྱི་འཛིན་སྐྱོང་བློན་ཆེན་འཁོར་ཚོགས་ནང་ཐོག་མར་ཕྱི་སྲིད་བློན་ཆེན་ཆིན་གཱང་ནས་མགོ་བརྩམས་ཏེ། མེ་ཤུགས་འཕུར་མདའི་དམག་སྤྱི་ཆེན་མོ་གཉིས་དང་འབྲེལ་ཡོད་དཔོན་རིགས་གཅིག་དང་། ད་ལྟ་རྒྱལ་སྲུང་བློན་ཆེན་ལི་ཧྲན་ཧྥོའུ་བཅས་རིམ་བཞིན་གོ་མེད་ཚོར་མེད་དང་མཐོང་ཐོས་མེད་པར་འགྱུར་བཞིན་ཡོད་སྐོར་བརྗོད་འདུག་ལ། ཕྱི་སྲིད་བློན་ཆེན་ཟུར་པ་ཆིན་གཱང་དང་མེ་ཤུགས་འཕུར་མདའི་དམག་སྤྱི་ཆེན་མོ་ལི་ (Li Yuchao) དང་དམག་སྤྱི་གཞོན་པ་ཀྲང་ཀྲན་ཀྲོང་(Zhang Zhenzhong) བཅས་ནི་ཐད་ཀར་ཞི་ཅིན་ཕིན་གྱིས་བསྐོ་གཞག་བྱས་ཡོད་པ་དང་། ཉེ་ལམ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ནས་གོ་གནས་མེད་པར་བཟོས་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད།

ད་ལྟ་མཐོང་ཐོས་མེད་པར་གྱུར་ཏེ་བདུན་ཕྲག་གཉིས་ཙམ་འགྲོ་བཞིན་པའི་ལི་ཧྲན་ཧྥོའུ་ནི་ད་ལྟ་རང་ལོ་ ༦༤ ཡིན་ཞིང་། རྒྱ་ནག་སི་ཁྲོན་ཞིང་ཆེན་ཁྲི་ཏུའུ་ནས་ཡིན། འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་དུ་བསྐོ་གཞག་བྱས་ཡོད། ཁོས་འདས་པའི་ལོ་ངོ་ ༣༡ རིང་རྒྱ་ནག་གི་འཁོར་སྐར་ཞིབ་འཇུག་ལྟེ་གནས་ཁང་དུ་དང་གཞན་ཡང་དབུས་དམག་སྲིད་ལྷན་ཁང་། དེ་བཞིན་མི་དམངས་བཅིངས་གྲོལ་དམག་ཁོངས་སོགས་སུ་ལས་ཀ་བྱས་མྱོང་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་དཀར་ནག་གི་རྒྱལ་སྲུང་བློན་ཆེན་གཉིས་ཐུག་འཆར་འདུག

༢༠༢༣/༠༤/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese