༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལི་བྷི་ཡའི་ཤར་ཕྱོགས་སུ་ཆུ་ལོག་གནོད་སྐྱོན་ཐེབས་ཏེ་མི་གྲངས་ ༥༠༠༠ ཡིས་ཚེ་སྲོག་ཤོར་བ་དང་མི་གྲངས་ཁྲི་གཅིག་བོར་བརླག་ཏུ་ཕྱིན་པར་བསྔོ་སྨོན་དང་ཐུགས་གསོའི་གསུང་འཕྲིན་བསྩལ་་འདུག
His Holiness the Dalai Lama listening to the performance by students and staff from the THF and CST Mussoorie during the long life prayer. Photo / Tenzin Choejor / OHHDL
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཨ་ཧྥེ་རི་ཁའི་བྱང་རྒྱུད་དུ་ཆགས་ པའི་ལི་བྷི་ཡ་(libya) རྒྱལ་ཁབ་ཀྱི་ཤར་ཕྱོགས་སུ་ཆུ་ལོག་གནོད་འཚེ་ཚབས་ཆེན་ཐེབས་པར་བརྟེན། དེ་རིང་༧གོང་ས་རྒྱལ་བ་རིིན་པོ་ཆེ་མཆོག་ནས་ལི་བྷི་ཡའི་མི་མང་ལ་ཐུགས་གསོའི་ཡོངས་ཁྱབ་གསུང་འཕྲིན་ཞིག་བསྩལ་བའི་ནང་། ངོས་རང་གིས་ཆུ་ལོག་གི་གོད་ཆག་དེ འི་ཁྲོད་ནས་རྐྱེན་འདས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་དང་། ཤུལ་ལུས་ནང་མི་གཙོས་ རང་བྱུང་གི་གནོད་འཚེ་ཐེ བས་པའི་མི་མང་ཡོངས་ལ་ཐུགས་གསོ་ ཞུ་ཡི་ཡོད། ཅེས་དང་། ལི་བྷི་ཡ་སྲིད་གཞུང་ དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི ས་མྱུར་སྐྱོབ་ཀྱི་ལས་དོན་ཧུར་ཐག་གནང་བཞིན་པ་དང་། གནོད་འཚེ་ཐེབས་པའི་མི་མང་ལ་ངལ་ སེལ་གྱི་རོགས་འདེགས་གནང་གི་ཡོད་ པ་ཤེས་བྱུང་། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱིས་ འགན་ཁུར་དང་རོགས་སྐྱོར་གནང་བ་དེ ས། རང་བྱུང་གོད་ཆག་གི་དཀའ་ངལ་འདི་ ཞི་འཇམ་དུ་གཏོང་བར་ཕན་ཐོགས་ཡོད་ པ་རེད། ཅེས་༧གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནས་ངལ་སེལ་ཞལ་འདེབས་དབུལ་རྒྱུ་ཡིན་པ་བཅས་གསུངས་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་མེ་ཌི་ཊེ་རིན་( Mediterranean Sea) རྒྱ་མཚོའི་ཁུལ་དུ་ཆགས་པའི་ ལི་བྷི་ཡ་རྒྱལ་ཁབ་ཀྱི་ཤར་ཕྱོགས་ སུ་ཡོད་པའི་ཌི་ནའི་རྫོང་ཁུལ་དུ་ ཆུ་མཛོད་གཉིས་དུས་གཅིག་ཏུ་ཐོར་ ཏེ། རྫོང་དེ་གཙོ་བོར་གྱུར་བའི་ཨལ་བྷེ ་ཌ་(Al-Bayda) དང་། ཨལ་མར་ཇི་(Al-Marj) ཏོབ་རུག་(Tobruk) ཨལ་བྷ་ཡ་ཌ་(Al-Bayada) བྷ་ཊལ་(Battah) སོགས་གཙོས་བྷང་ཧ་ཛི་(Benghazi) བགྲོད་པའི་ཤར་ཁུལ་གྱི་གཞུང་ལམ་ ཚང་མར་ཆུ་ལོག་གི་གནོད་འཚེ་ཐེབས་ ཡོད་པ་མ་ཟད། དེ་རིང་ཕྱི་ཚེས་ ༡༣ ཉུང་མཐར་མི་གྲངས ༥༠༠༠ རྐྱེན་འདས་དང་མི་གྲངས་༡༠༠༠༠ ལྷག་བོར་བརླག་ཏུ་ཕྱིན་ཡོད་འདུག
གསར་འགོད་པ། དཔལ་ལྡན།
རྩོམ་སྒྲིག་པ། པདྨ་མཚོ།