མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༢༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ།

༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།

དེ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། མཁན་པོ་མཁྱེན་རབ་བསྟན་འཛིན་ལགས་ངོས་ལ་ཡི་གེ་སློབ་མཁན་རེད། ཞེ་དྲགས་བཀའ་དྲིན་ཆེན་པོ་ཡིན། ངོས་ལ་བསླབ་བྱ་ཞེ་དྲགས་རྒྱག་གི་རེད། ངོས་ཀྱིས་འཚུབ་པོ་བྱེད་དུས་ཞེ་དྲགས་འཚུབ་པོ་མ་བྱེད་གསུང་གི་རེད། མཁན་པོ་དམ་པ་དཔེ་བཀའ་དྲིན་ཆེན་པོ་རེད།  ངོས་རང་ཆུང་དུས་ནས་འབྲེལ་བ་ཆགས་བསྡད་ཡོད་དུས། ཚེ་རབས་ནས་ཚེ་རབས་བར་དུ་འབྲེལ་བ་བྱེད་བསྡད་ཀྱི་རེད། མཁན་པོ་དམ་པའི་སྤུན་ཟླ་ཁྱོད་ཚོ་བློ་བདེ་བོ་བྱས་ནས་སྡོད། ང་ཚོ་ཚེ་རབས་ནས་ཚེ་རབས་ལས་བཟང་པོའི་འབྲེལ་བ་ཆགས་བསྡད་ཡོད་དུས། འབྲེལ་བ་ཚེ་རབས་ནས་ཚེ་རབས་བར་དུ་བསྡད་ཀྱི་རེད། ངོས་ཀྱིས་ནམ་རྒྱུན་ལྟར། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་བ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།། ཟེར་བའི་སྨོན་ལམ་རྒྱག་བཞིན་ཡོད་པ་རེད། སྐལ་བ་གྲངས་མེད་འདས་ཀྱང་ང་ཚོ་ངོ་ཤེས་བའི་འབྲེལ་བ་བསྡད་ཀྱི་རེད། ཁྱོད་ཚོ་བློ་བདེ་བོ་བྱས་ནས་སྡོད།

བོད་པ་གཞོན་སྐྱེས་ཚོ་ཆ་བཞག་ན། ང་ཚོ་བོད་མི་རིིགས་ཟེར་བ་དེ་ཆོས་དང་རིག་གཞུང་ཐོག་རྒྱ་ཆེན་པོ་དང་གཏིང་ཟབ་པོ་རེད། དེང་སང་ངོས་ལ་ཚན་རིག་པ་མང་པོ་ཐུག་གི་ཡོང་སྟེ་བསམ་བློའི་འགྲོ་སྟངས་སྐོར་ལ་འདྲི་མཁན་མང་པོ་ཡོང་གི་འདུག རྗེ་རིན་པོ་ཆེས། བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།།ཞེས་གསུངས་པ་ནང་བཞིན། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བསྟན་པ་རིན་ཆེན་མཆོག་གིས་ཁྱབ་ཡོད་པ་མ་རེད། རྒྱ་བོད་ཧོར་གསུམ་དུ་སངས་རྒྱས་ཀྱི་ཆོས་ཁྱབ་ཡོད་ཀྱང་། བར་སྐབས་ཉམས་བསྡད་ཡོད་པ་རེད། དེང་སང་རྒྱ་ནག་ཏུ་ཆ་བཞག་ན་བོད་ཀྱི་ནང་ཆོས་ལ་དོ་སྣང་ཇེ་ཆེར་འགྲོ་བསྡད་ཀྱི་འདུག རྒྱ་རིགས་ནང་དུ་ངོས་ལ་དད་པ་བྱས་ཏེ། བོད་ཀྱི་ནང་ཆོས་ལ་དད་མོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་དུས་ཚོད་ཞིག་ཏུ་སླེབས་བསྡད་ཡོད་པ་རེད། རྒྱ་གར་རང་དབང་ལུང་པའི་ནང་དུ་ངོས་རང་འཛམ་གླིང་གང་སར་ནས་ཡོང་མཁན་ལ་ཐུག་ཐུབ་ཀྱི་ཡོད་པ་རེད། ངོས་ཀྱི་པུས་མོ་ཏོག་ཙམ་མ་བདེ་བ་ཡོད། པུས་མོ་མ་བདེ་བ་དེ་སྐྱོན་གང་ཡང་མི་འདུག རྐུབ་བཀྱགས་སྟེང་དུ་བསྡད་ནས་ཁ་བདེ་ཆོད་ཡོད་པ་རེད། ང་ཚོ་བོད་པས་བསྲེགས་གཤག་མེ་འབར་ཟེར་གྱི་ཡོད། གོམ་པ་ཞེ་དྲགས་སྤོ་མ་ཐུབ་པར་ཁ་ནས་མེ་འབར་བཞིན་བཤད་བསྡད་ཀྱི་རེད། མཁན་པོ་དམ་པ་མཁྱེན་རབ་བསྟན་འཛིན་གྱིས་ངོས་ལ་བོད་ཡིག་བསླབ་པ་སོགས་ཀྱིས་གསོ་སྐྱོང་བྱས་པ་རེད། ད་ལྟ་བར་དུ་ངོས་ཀྱིས་མི་གོ་ཆོད་པར་བྱས་བསྡད་ཡོད་པ་མ་ཟད། ངོས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གི་ཚབ་བྱས་བསྡད་ཡོད་པ་རེད། འཛམ་བུ་གླིང་དུ་བོད་ཀྱི་ཆོས་ལ་དོ་སྣང་གསར་བ་ཞིག་སླེབས་ཏེ། ནུབ་ཕྱོགས་རྒྱལ་ཁབ་ནང་དུ་བོད་ཀྱི་ནང་ཆོས་དང་ལྟ་གྲུབ་སྐོར་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག  ཅེས་གསུངས་སོང་།

ཡང་༧མགོན་པོ་གང་ཉིད་མཆོག་གིས། ངོས་རང་ལ་ཆ་བཞག་ན་མཁན་པོ་མཁྱེན་རབ་བསྟན་འཛིན་གྱིས་གསོ་སྐྱོང་བྱས་ནས་ཞེ་དྲགས་བཀའ་དྲིན་ཆེན་པོ་ཡིན། གཙོ་ཆེ་ཤོས་རྟ་བྲག་རིན་པོ་ཆེ་རེད། དེ་ནས་གླིང་རིན་པོ་ཆེ་རེད། ཞོགས་པ་དང་དགོང་མོའི་ཆུ་ཚོད་གཅིག་འཆར་ཅན་ལྟར་ངོས་ཀྱིས་དཔེ་ཆ་བློ་འཛིན་རྒྱུགས་སྤྲོད་བྱེད་པ་དང་། བསྐྱར་སྦྱོང་བྱེད་པར་ཞེ་དྲགས་བཀའ་དྲིན་ཆེན་པོ་ཡིན། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་དུ་ངོས་ཀྱིས་གསུང་ཆོས་མང་པོ་ཞུས་པ་རེད། ལམ་རིམ་དང་བློ་སྦྱོང་གི་སྐོར་ཤུགས་ཆེན་ཞུས་ཡོད། གཞན་ཡང་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་མཚོན་པའི་བླ་མ་བཅུ་ཕྲག་གཉིས་གསུམ་གྱི་དྲུང་ནས་གསུང་ཆོས་མང་པོ་ཞུས་པ་རེད། དེང་སང་ངོས་ཀྱིས་ནང་ཆོས་སྐོར་ལ་དོ་སྣང་ཡོད་མཁན་ཚོར་ལྟ་གྲུབ་ཐོག་བཤད་ཀྱང་གང་ལ་གང་འཚམ་བཤད་རྒྱུ་ཡོད་བསྡད་པ་ཞིག་རེད། ལྟ་གྲུབ་ཚུར་བསྡུས་ནས་སེམས་འདུལ་བའི་རིམ་པ་གཙོ་བོ་བྱས་ཏེ། ལམ་རིམ་དང་བློ་སྦྱོང་སྐོར་ཆ་བཞག་པ་ཡིན་ན་ངོས་རང་གིས་ཉམས་ལེན་བྱེད་བཞིན་ཡོད་ལ་བཤད་རྒྱུ་ཡོད་པ་ཞིག་ཀྱང་ཆགས་བསྡད་ཡོད། སངས་རྒྱས་ཀྱི་བསྟན་པ་ལ་ལུང་རྟོགས་ཀྱི་བདེན་པ་གཉིས་ཡོད། བདེན་པ་གཉིས་དེ་དཔྱད་པ་དང་སྒྲུབ་པ་སྒོམ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱི་ཡོད་པ་རེད། ལུང་གི་བདེན་པ་ངོས་རང་གིས་སློབ་སྦྱོང་བྱས་པ་དང་གཞན་ལ་བཤད་ཀྱི་ཡོད། རྟོགས་པའི་བདེན་པ་ངོས་རང་གིས་ཉམས་ལེན་བྱས་ཏེ། ཉིན་རེ་བཞིན་གཙོ་ཆེ་ཤོས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལྟ་བ་བསམ་བློ་གཏོང་བཞིན་ཡོད་པ་རེད། ངོས་རང་གི་རྒྱུད་ལ་རྟོགས་པ་གང་ལ་གང་འཚམ་ཞིག་ཡོད་པ་ཆགས་བསྡད་ཡོད། བྱང་ཆུབ་ཀྱི་སེམས་ཤུགས་ཆེན་པོ་འདུག སྟོང་ཉིད་ཀྱི་ལྟ་བའང་ཤུགས་ཆེན་པོ་འདུག ངོས་རང་གིས་སྦྱོར་ལམ་ཐོབ་པར་རེ་བ་རྒྱག་བཞིན་ཡོད། མི་ཚེ་འདིའི་ནང་དུ་གོམ་པ་སྤོས་ཏེ། མཐོང་ལམ་དང་། ས་དང་པོ། གཉིས་པ། གསུམ་པ། བཞི་པ། སོགས་ས་ཆུ་རིམ་གྱིས་བགྲོད་ནས་རྣམ་རྒྱལ་རྒྱལ་བའི་གོ་འཕངས་ཐོབ་པར་ཕལ་ཆེར་ཡིད་ཆེས་ཡོད་ལ། ངོས་ཀྱིས་འབད་བརྩོན་དེ་ལྟར་བྱེད་བཞིན་ཡོད། ཚང་མས་ཀྱང་སྔོན་ལ་སློབ་གཉེར་བྱེད་དགོས་པ་དང་། སློབ་གཉེར་བྱས་པའི་དོན་དག་རྣམས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་འབྲེལ་ནས་ཉམས་ལེན་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

༧མགོན་པོ་གང་ཉིད་མཆོག་གིས། ཁྱེད་ཚོ་གཞོན་སྐྱེས་རྣམས་ཀྱིས་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་དང་། ཐར་བའི་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་གང་ཐུབ་ཀྱིས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། སེམས་ལ་ཞི་བདེ་ཡོང་བའི་རྐྱེན་བྱས་ནས་གཟུགས་པོའི་འཕྲོད་བསྟེན་ལ་ཆ་བཞག་ཀྱང་། སེམས་འཁྲུག་པ་མེད་པར་ག་དུས་ཡིན་ཡང་སེམས་ཞི་ལྷོད་དུ་བསྡད་ཀྱི་ཡོད་པ་རེད། བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་ནི་ཚེ་སྒྲུབ་ཀྱི་མཆོག་ཀྱང་རེད་འདུག ཁྱེད་ཚོ་གཞོན་སྐྱེས་ཚོ་སེམས་བཟང་པོ་བྱོས་དང་ཚེ་རིང་པོར་གནས་ཀྱི་རེད། གལ་ཆེན་པོ་རེད་དེ་ལྟར་བྱོས། མཁན་རིན་པོ་ཆེ་མཁྱེན་རབ་བསྟན་འཛིན་ཞེ་དྲགས་བཀའ་དྲིན་ཆེན་པོ་ཡིན། བོད་ཀྱི་ཆོས་དང་རིག་གཞུང་ཟེར་བ་དེ་འཛམ་བུ་གླིང་དུ་ཕན་ཐོགས་དང་དགོས་མཁོ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། དེང་སང་རྒྱ་ནག་ནང་དུ་ཤུགས་ཆེ་རུ་འགྲོ་བཞིན་འདུག་ལ། ནང་ཆོས་དང་འབྲེལ་མེད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་གཞི་ནས་དོ་སྣང་གསར་བ་སླེབས་བཞིན་འདུག ཕྱོགས་གཅིག་ནས་བསམ་བློ་བཏང་ན་ང་ཚོ་རང་གི་ལུང་པ་བྲལ་ཏེ་རྒྱ་གར་དུ་སྐྱབས་བཅོལ་བ་ཆགས་ཀྱང་། བསྟན་པ་སྤྱི་ལ་ཞབས་འདེགས་ཞུ་བའི་གོ་སྐབས་བཟང་དུ་ཕྱིན་འདུག ངོས་རང་ལ་མཚོན་ན་ལོ་ ༨༨ སླེབས་ཡོད་པ་རེད། ད་དུང་གཟུགས་པོ་བདེ་ཐག་ཆོད་ཡོད། ངོས་ཀྱི་རྨི་ལམ་བལྟས་པ་ཡིན་ན་ཕལ་ཆེར་ལོ་བརྒྱ་དང་བཅུ་གྲངས་ཤིག་བསྡད་རྒྱུ་ཡིན་པ་ཡོང་གི་འདུག ངོས་ཀྱི་མི་ཚེ་ནང་དུ་འཛམ་བུ་གླིང་སྟེང་དུ་དངོས་གནས་དྲང་གནས་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་བྱེད་རྒྱུ་དང་ཆབས་ཅིག མི་མང་པོའི་སེམས་རྒྱུད་ལྷོད་ལྷོད་ཆགས་པར་ཞབས་འདེགས་བསྒྲུབ་བསམ་པ་ཡོད། ཁྱེད་ཚོས་ཀྱང་བློ་བདེ་བོ་དང་སེམས་སྐྱིད་པོ་བྱས་ནས་སྡོད། ཅེས་གསུངས་སོང་།

༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།

དེ་བཞིན་༧གོང་ས་མཆོག་གིས། བོད་པའི་གཞོན་སྐྱེས་ཚོར་རྒྱ་གཞུང་གིས་བོད་པའི་ཆོས་དང་རིག་གཞུང་ལ་རྨོངས་དད་ཟེར་གྱི་ཡོད་པ་རེད། ང་ཚོའི་ཆོས་དེ་འདྲ་རེད་མི་འདུག  བོད་ཀྱི་སངས་རྒྱས་ཆོས་དེ་ཀླུ་སྒྲུབ་ཡབ་སྲས་སོགས་རིག་པའི་ལམ་ནས་གཏན་ལ་ཕབ་པ་ཞིག་རེད། དེང་སང་ཚན་རིག་པའི་ནང་དུ་དོ་སྣང་སླེབས་ཏེ་ངོས་རང་ལ་སྐད་ཆ་འདྲི་མཁན་མང་པོ་ཡོང་གི་འདུག གང་ལྟར་ང་ཚོ་བོད་ཀྱི་ནང་ཆོས་དེ་རྒྱ་མིའི་སྐད་དུ་བཤད་པའི་རྨོངས་དད་རྩ་བ་ཉིད་ནས་མ་རེད། སོ་སོས་སྦྱངས་ནས་མ་ཤེས་ན་གནས་ཚུལ་ཁ་ཁ་རེད་མ་གཏོགས། བོད་ཀྱི་ནང་ཆོས་རིག་པ་གཏིང་ཟབ་ཡོད་བསྡད་པའི་སློབ་སྦྱོང་ཞིག་རེད། ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད་ཀྱང་། རྒྱུ་མཚན་གྱི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་བོད་ཀྱི་ནང་ཆོས་ཆགས་འདུག ཁྱེད་ཚོ་གཞོན་སྐྱེས་ཚོས་དེ་སེམས་ལ་ཉར་བ་བྱས། བོད་ཀྱི་ནང་ཆོས་ཀྱི་ལྟ་གྲུབ་ཐོག་སློབ་སྦྱོང་བྱེད་ཐུབ་ན་ཡག་པོ་རེད། སྔོན་མ་ངོས་རང་མ་སུ་རི་ལ་ཡོད་སྐབས་ཆོས་དགེ་ཟེར་བ་དེ་འགྱུར་བ་བཏང་ནས་ལྟ་གྲུབ་ཀྱི་དགེ་རྒན་བཏགས་པ་ཡིན། ལྟ་གྲུབ་ཀྱི་དགེ་རྒན་ཟེར་དུས་དཔེ་ཆ་ལྟ་མཁན་གྱི་དགེ་རྒན་སླེབས་ཀྱི་ཡོད་པ་རེད། བོད་ཀྱི་ནང་ཆོས་དེ་ལྟ་གྲུབ་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་གལ་ཆེན་ཞེ་དྲགས་རེད།

ཁྱེད་ཚོས་ཀྱང་སངས་རྒྱས་ཀྱི་ཆོས་ཟེར་དུས་སྐྱབས་འགྲོ་གཅིག་པོ་སྐྱོར་རྒྱུ་དེ་མ་རེད། བསམ་བློ་འགྱུར་བ་གཏོང་བ་དེ་སྐྱབས་སུ་མཆིའི་ཐོག་ནས་རེ་བ་རྒྱག་མི་དགོས་པར། རིག་པ་ཡང་དག་གི་ཐོག་ནས་བསམ་བློ་བཏང་དུས་སེམས་ལ་འགྱུར་བ་ཐེབས་པ་རེད། ངོས་ཀྱིས་ཉིན་རེ་བཞིན་བསམ་བློ་གཏོང་དུས་སྐྱབས་སུ་མཆི་ཟེར་གྱི་མེད། དེ་ངོས་ཀྱི་ཉམས་མྱོང་ཡིན། དངོས་ཡོད་གནས་ཚུལ་དང་རྒྱུ་མཚན་ལ་བསམ་བློ་གཏོང་དུས་གཞི་ནས་སངས་རྒྱས་ཀྱི་ཆོས་ལ་དད་པ་ཐོབ་པ་ཞིག་ཡོང་བསྡད་ཀྱི་འདུག ཁྱེད་ཚོ་གཞོན་སྐྱེས་ཚོ་སློབ་སྦྱོང་བྱེད་རྒྱུ་དཔེ་གལ་ཆེན་པོ་རེད། ངོས་རང་ཆུང་དུས་སྐབས་སུ་མཁས་པ་དམ་པས་སློབ་ཁྲིད་ཏོག་ཙམ་གནང་བ་དང་། འཚུབ་པོ་ཏོག་ཙམ་བྱེད་དུས་སློབ་གསོ་ཡང་བསྐྱོན་པ་རེད། གང་ལྟར་ལོ་གཞོན་དུས་ནས་ནང་ཆོས་ཀྱི་ལྟ་གྲུབ་ཐོག་ལ་སློབ་སྦྱོང་བྱེད་ཐུབ་ན་ཕན་ཐོགས་ཡོང་གི་རེད། ཅེས་བཀའ་སློབ་བསྩལ་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩
The abbot of Namgyal Monastery Thomthog Rinpoche offering long life pills to His Holiness the Dalai Lama during the Long Life Prayer Offering at His Holiness’s residence in Dharamsala, HP, India on February 14, 2024, Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༤/༠༢/༡༥
༧གོང་ས་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་ལི་ཆིན་ཏི་མཆོག་ལ་འཚམས་འདྲི་མཛད། པར་དུས་བབ་ཀྱིས་བསྒྲིགས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད། 

༢༠༢༤/༠༡/༡༤
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༧༥ འཁོར་བའི་ཉིན་མོར་གསུང་འཕྲིན་བསྩལ།

༢༠༢༣/༡༢/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese