མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྐྱིད་རོང་ས་མཚམས་ནས་ཧི་མ་ལ་ཡར་འཛེགས་མཁན་ཨ་རིའི་མི་སེར་གཉིས་བོད་ནང་བསྐྱོད་རྒྱུ་བཀག་འགོག་བྱས་ཡོད་འདུག

བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཨ་རིའི་རི་འཛེགས་པ་རྩེ་ཕུད་ཀྱི་གྲས་སྐུ་ཞབས་ཁོན་ར་ཌི་ཨན་ཀར་ (Conrad Anker) ལགས་དང་། སྐུ་ཞབས་ཇིམ་མེ་ཆིན་ (Jimmy Chin)ལགས་གཉིས་བལ་ཡུལ་ནས་སྐྱིད་རོང་བརྒྱུད་བོད་ཀྱི་རི་བོ་ཧི་མ་ལ་ཡར་ལྟ་སྐོར་རྟོག་ཞིབ་བྱེད་པར་འགྲོ་རྩིས་བྱེད་སྐབས། རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཀྱིས་ཁོ་གཉིས་བོད་ནང་དུ་བསྐྱོད་པར་བཀག་སྡོམ་བྱས་ཡོད་པ་རེད།

དེ་འབྲེལ་ཧི་མ་ལ་ཡ་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། སྐུ་ཞབས་ཁོན་ར་ཌི་ཨན་ཀར་ལགས་ནི་ཧི་མ་ལ་ཡར་རྟོག་ཞིབ་ལྟ་སྐོར་དེའི་སྣེ་འཁྲིད་མཁན་ཡིན་པ་དང་། སྐྱིད་རོང་ས་མཚམས་རྒྱ་ནག་ལས་བྱེད་པས་བོད་ནང་བསྐྱོད་རྒྱུ་བཀག་སྡོམ་བྱས་པ་དང་ཕྱིར་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཊིར་ལོག་དགོས་བྱུང་ཡོད་པ་དང་། སྐུ་ཞབས་ཇིམ་མེ་ཆིན་ལགས་ནི་རི་འཛེགས་རུ་ཁག་དེའི་བརྙན་ལེན་ཕབ་བསྐྲུན་སྡེ་ཚན་གྱི་འགན་འཛིན་ཡིན་པ་དང་ཁོ་ལའང་ཐོངས་མཆན་སྤྲད་མེད་སྐོར་ཙམ་བརྗོད་པ་ལས། ཨ་རིའི་རི་འཛེགས་པ་གཉིས་ཐེངས་འདིར་བོད་ནང་བསྐྱོད་རྒྱུ་བཀག་སྡོམ་བྱེད་དོན་གཞན་ཅི་ཡིན་ཁ་གསལ་མི་འདུག རི་འཛེགས་རྟོག་ཞིབ་ཚན་པ་དེའི་ཁོངས་སུ་ཨ་རི་དང་བལ་ཡུལ། རྒྱ་རིགས་བཅས་ཀྱི་མི་ཡོད་ཅིང་། ཧི་མ་ལ་ཡར་འཛེགས་མཁན་ཨ་རིའི་སྐུ་ཞབས་ཇེམ་ཆིན་ལགས་དང་སྐུ་ཞབས་ཨན་ཁར་གཉིས་གཙོ་བྱས་པའི་ཨ་རིའི་རི་འཛེགས་མཁན་བཞི་ཁོ་ན་ཡིན་འདུག་ལ།

ཇིམ་མེ་ཆིན་ (Jimmy Chin) ནི་ཕྱི་ལོ་ ༡༩༧༣ ཟླ་ ༡༠ ཚེས་ ༡༢ ཉིན་མི་ནི་སོ་ཌ་རུ་སྐྱེས་ཤིང་། ཝེ་ལེན་ཌི་སློབ་གྲྭ་ (Wayland Academy) ནས་སློབ་སྦྱོང་བྱས། དེ་ནས་ཀར་ལེ་ཊོན་མཐོ་རིམ་སློབ་གཉེར་ཁང་དུ་སྒྱུ་རྩལ་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན། ཕ་མ་གཉིས་ཀྱི་ངོས་ལེན་མེད་ཀྱང་རི་འཛེགས་བྱས་པ་དང་། རིམ་པས་པར་པ་བྱས་ཏེ་ཨ་སྒོར་ ༥༠༠ ལ་པར་བཙོང་ཡོད་པ་རེད། སྐུ་ཞབས་ཇིམ་མེ་ཆིན་ནི་རེ་འཛེགས་ལུས་རྩལ་བ་དང་ཨ་རིའི་རྒྱལ་ཡོངས་སྐྱེས་ཁམས་ཀྱི་པར་བ། གཟེངས་སུ་ཐོན་པའི་གློག་བརྙན་འཁྲབ་འཁྲིད་པ་དང་ནེའུ་ཡོག་དུས་བབ་ཀྱི་ཆེས་བྲིན་རྒྱུག་ཆེ་བའི་བརྩམས་སྒྲུང་རྩོམ་པ་པོ་བཅས་ཡིན་འདུག

ཁོན་ར་ཌི་ཨན་ཀར་ (Conrad Anker) ནི་ཕྱི་ལོ་ ༡༩༦༢ ཟླ་ ༡༡ ཚེས་ ༢༧ ཉིན་སྐྱེས་ཤིང་། ཁོང་ནི་ཨ་རིའི་རི་ལ་འཛེགས་མཁན་དང་། རྩོམ་པ་པོ་ཡང་རེད་འདུག ཕྱིས་སུ་ཁོང་ནད་པ་ཆགས་པར་བརྟེན། རི་འཛེགས་བྱ་རྒྱུ་མཚམས་བཞག་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོར་ཁོར་ཡུག་བཟོ་བཀོད་ལེགས་ཤོས་ཀྱི་གཟེངས་རྟགས་ཐོབ་པ་དང་། ཕྱི་ལོ་ ༢༠༡༠ ལོར་འཛམ་གླིང་གི་རི་རྒྱུད་སྲུང་སྐྱོབ་བྱས་པའི་གཟེངས་རྟགས་དང་། ཕྱི་ལོ་ ༢༠༡༥ ལོར་ཇོར་ཇི་མེ་ལོ་རི་ (George Mallory) དྲན་རྟེན་ཐོག་རི་འཛེགས་ཀྱི་གཟེངས་རྟགས་སོགས་ཐོབ་ཡོད་པ་རེད། ཕྱི་ལོ་ ༡༩༩༩ ལོར་དབྱིན་ཇིའི་རི་འཛེགས་མཁན་གྲགས་ཅན་  (George Mallory) ལགས་ཀྱི་ཕུང་པོ་འཚོལ་ཞིབ་ཐུབ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese