མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ནོ་སྦེལ་སྨན་གྱི་གཟེངས་རྟགས་ཐོབ་མཁན་གཉིས་ལ་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འདི་ལོའི་དངོས་ཁམས་རིག་པ་དང་སྨན་གྱི་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་ཧང་གྷ་རིའི་ཚན་རིག་པ་ཀཱ་ཊ་ལིན་ཀཱ་རི་ཀོ་ལགས་དང་ཨ་རིའི་ཌི་རེའོ་ཝི་སི་མན་ལགས་གཉིས་ལ་ཚན་རིག་གིས་ང་ཚོར་སྔར་ལས་ལྷག་པའི་ཞི་འཇགས་ཀྱི་གནས་ཤིག་བསྐྲུན་ཐུབ་པའི་དྲན་སྐུལ་བྱེད་བཞིན་ཡོད་ཅེས་འཚམས་འདྲི་མཛད་འདུག

༧གོང་ས་མཆོག་དང་ཕྱི་ལོ་ ༢༠༢༣ ལོའི་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཚན་རིག་པ་ཀཱ་ཊ་ལིན་ཀཱ་རི་ཀོ་(Katalin Karikó)། ཌི་རེའོ་ཝི་སི་མན་(Drew Weissman)། པར་དུས་བབ་ཀྱིས་བསྒྲིགས།

ཟླ་འདིའི་ཕྱི་ཚེས་ ༢ ཉིན་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་དངོས་ཁམས་སམ་སྨན་གྱི་གཟེངས་རྟགས་དེ་ཧང་གྷ་རིའི་ཚན་རིག་པ་ཀཱ་ཊ་ལིན་ཀཱ་རི་ཀོ་ལགས་དང་ཨ་རིའི་ཌི་རེའོ་ཝི་སི་མན་ལགས་གཉིས་ཀྱིས་ཏོག་དབྱིབས་གཉན་རིམས་ཆེད་དུ་འགོག་ཁབ་གསར་གཏོད་གནང་བར་ཆེ་བསྟོད་དུ། ཕྱི་ལོ་ ༢༠༢༣ ལོའི་ནོ་སྦེལ་དངོས་ཁམས་སམ་སྨན་གྱི་ནོ་སྦེལ་གཟེངས་རྟགས་སྤྲོད་གཏན་འཁེལ་བ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད།

དེ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འཕྲིན་ནང་དུ། ཁྱེད་གཉིས་ཀྱིས་འཕྲུལ་རིག་གི་ཡར་རྒྱས་ལས་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་གསར་གཏོད་བྱུང་ཡོད་ཅིང་། ཕྱག་ལས་དེ་ནི་ཚན་རིག་ཞིབ་འཇུག་གིས་དོན་དངོས་ཐོག་མིའི་རིགས་ཀྱི་བདེ་སྐྱིད་ཆེད་དུ་བྱས་རྗེས་འཇོག་པའི་དཔེ་མཚོན་བསྟན་ཡོད། ཏོག་དབྱིབས་གཉན་རིམས་མ་ཁྱབ་པའི་སྔོན་ནས་ཁྱེད་གཉིས་ཀྱིས་ཞིབ་འཇུག་བྱས་ཡོད་ལ། འཛམ་གླིང་དུ་ཚེ་སྲོག་འབོར་ཆེན་སྐྱོབ་ཐུབ་པ་བྱུང་ཡོད། ངོས་ཀྱིས་ཁྱེད་གཉིས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པ་དང་། གཞན་ཕན་གྱི་མི་ཚེ་དོན་དང་ལྡན་པ་བྱུང་ཡོད་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། དེང་སྐབས་ང་ཚོར་ཉིན་ལྟར་འཛམ་བུ་གླིང་འདི་ཕན་ཚུན་གཅིག་ལ་གཅིག་རྟེན་ཆགས་ཡོད་པ་དང་། ཚན་རིག་ལས་རིགས་ཀྱི་གལ་ཆེན་རང་བཞིན་གྱིས་ང་ཚོ་ཚང་མ་སྔར་ལས་ལྷག་པའི་ཞི་འཇགས་ཀྱི་གནས་ཤིག་བསྐྲུན་ཐུབ་པའི་དྲན་སྐུལ་བྱེད་བཞིན་ཡོད། ཅེས་གསུངས་འདུག

ནོ་སྦེལ་སྨན་གྱི་གཟེངས་རྟགས་ཐོབ་མཁན་རྣམ་གཉིས་ནས་ཕྱི་ལོ ༢༠༢༠ ལོའི་མགོར་འགོས་ཁྱབ་བྱུང་བའི་ཏོག་དབྱིབས་གཉན་རིམས་ལ་ཕན་ནུས་ལྡན་པའི་འགོག་ཁབ་ཀྱི་སྲུང་སྐྱོབ་བྱེད་པར་གལ་གནད་དུ་བཟུང་སྟེ། ཁོང་གཉིས་ཀྱིས་ཐོད་བརྒལ་གྱི་ཞིབ་འཇུག་རིམ་པ་བརྒྱུད། རིགས་རྫས་འཁོར་བསྐྱོད་ཀྱི་བརྒྱུད་རིམ་དང་གཟུགས་པོའི་འགོག་སྲུང་མ་ལག་བཅས་ཀྱི་བར་དུ་ཕན་ཚུན་ནུས་པ་ཐོན་པའི་ཞིབ་འཇུག་གི་གྲུབ་དོན་གསར་བའི་ཤེས་རྟོགས་བྱུང་བ་མ་ཟད།  མིའི་རིགས་ཀྱི་འཕྲོད་བསྟེན་ལ་སྔར་བྱུང་མྱོང་མེད་པའི་ཆེས་དཀའ་ངལ་ཆེ་བའི་རིམས་ནད་ཀྱི་དུས་སུ་འགོག་ཁབ་བཟོ་སྐྲུན་བྱས་པའི་བྱས་རྗེས་བཞག་ཡོད།

ཀཱ་ཊ་ལིན་ཀཱ་རི་ཀོ་(Katalin Karikó) ལགས་ནི་ཕྱི་ལོ་ ༡༩༥༥ ལོར་ཧང་གྷ་རི་རྒྱལ་ཁབ་ཀྱི་སི་ཛོལ་ནོ་ཀ་རུ་སྐྱེས་ཤིང་། ཕྱི་ལོ ༡༩༨༢ ལོར་སི་ཛེ་གྷ་ཌི་གཙུག་ལག་སློབ་གླིང་ནས་འབུམ་རམས་པའི་བསླབ་པ་མཐར་སོན་པ་དང་། ཕྱི་ལོ་ ༡༩༨༥ བར་དུ་ཧང་གྷ་རིའི་ཚན་རིག་སློབ་གཉེར་ཁང་དུ་ཞིབ་འཇུག་བྱས། ཕྱི་ལོ་ ༡༩༨༩ ནས་ཕྱི་ལོ་ ༢༠༡༣ བར་དུ་པེན་སེལ་ཝ་ནི་ཡ་གཙུག་ལག་སློབ་གླིང་(University of Pennsylvania) གི་སློབ་དཔོན་གཞོན་པའི་ལས་འགན་འཁུར། ཕྱི་ལོ་ ༢༠༢༡ ནས་བཟུང་ཁོ་མོས་སི་ཛི་གྷ་ཌི་གཙུག་ལག་སློབ་གླིང་(Szeged University ) དུ་སློབ་དཔོན་ཆེན་མོའི་ལས་འགན་འཁུར་བཞིན་ཡོད་འདུག

ཌི་རེའོ་ཝི་སི་མན་(Drew Weissman) ལགས་ནི་ཕྱི་ལོ་ ༡༩༥༩ ལོར་ཨ་རིའི་ལེ་ཞིན་ཅོན་(lexington)དུ་སྐྱེས། ཕྱི་ལོ་ ༡༩༨༧ ལོར་ཁོང་གིས་བྷོ་ཅི་ཌོན་གཙུག་ལག་སློབ་གླིང་དུ་འབུམ་རམས་པའི་ལག་འཁྱེར་བླངས། སྔ་རྗེས་སུ་ཧ་ཝིར་ཌི་སྨན་གྱི་སློབ་གྲྭ་(Harvard Medical School)དང་རྒྱལ་ཡོངས་འཕྲོད་བསྟེན་མཐོ་སློབ་(National Institutes of Health) དུ་སྨན་བཅོས་འོས་སྦྱོང་དང་ཆེད་ལས་ཞིབ་འཇུག་གི་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༩༧ ནས་པེན་སེལ་ཝ་ནི་ཡ་གཙུག་ལག་སློབ་གླིང་སྨན་གྱི་ཞིབ་འཇུག་རུ་ཁག་ཏུ་ལས་ཀ་བྱས། ཁོང་ནི་རོ་བྷར་ཁྱིམ་རྒྱུད་ཀྱི་འགོག་སྨན་ཞིབ་འཇུག་སློབ་དཔོན་དང་། རིགས་རྫས་ཉམས་ཞིབ་ཁང་གི་འགན་འཛིན་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩
The abbot of Namgyal Monastery Thomthog Rinpoche offering long life pills to His Holiness the Dalai Lama during the Long Life Prayer Offering at His Holiness’s residence in Dharamsala, HP, India on February 14, 2024, Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༤/༠༢/༡༥
༧གོང་ས་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པ་ལི་ཆིན་ཏི་མཆོག་ལ་འཚམས་འདྲི་མཛད། པར་དུས་བབ་ཀྱིས་བསྒྲིགས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད། 

༢༠༢༤/༠༡/༡༤
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༧༥ འཁོར་བའི་ཉིན་མོར་གསུང་འཕྲིན་བསྩལ།

༢༠༢༣/༡༢/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese