མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འབྲས་ལྗོངས་མི་མང་ལ་ཐུགས་གསོའི་གསུང་འཕྲིན་བསྩལ། 

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འབྲས་ལྗོངས་མི་མང་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་ནས་ཆུ་ལོག་ཁྲོད་རྐྱེན་འདས་སུ་འགྱུར་མཁན་རྣམས་ལ་ཐུགས་སྨོན་དང་ཁོང་ཚོའི་ནང་མི་འབྲེལ་ཡོད་རྣམས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པི་རམ་སིང་རྟ་མང་སོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ ཞུས། ༢༠༢༣། ༩། ༢༡ དགའ་ལྡན་ཕོ་བྲང་གི་པར།

རྒྱ་གར་བྱང་ཤར་འབྲས་ལྗོངས་སུ་གློ་བུར་ཆུ་ལོག་གི་གནོད་སྐྱོན་བྱུང་སྟེ་མི་རྒྱུ་གཉིས་ལ་དཀའ་ངལ་ཆེན་པོ་བྱུང་དང་འབྱུང་མུས་ཡིན་པ་ལྟར། ཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པི་རམ་སིང་རྟ་མང་(Prem Singh Tamang) མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ་ཐུགས་སྨོན་སྐྱབས་འཇུག་གནང་ཡོད་པ་མ་ཟད། གནོད་ཐེབས་མི་མང་ལ་མཐུན་འགྱུར་རོགས་རམ་གནང་བཞིན་པར་བསྔགས་བརྗོད་མཛད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་། ངོས་ནས་ཆུ་ལོག་གི་ཁྲོད་རྐྱེན་འདས་སུ་འགྱུར་མཁན་གྱི་ཉེ་འབྲེལ་རྣམས་དང་གནོད་འཚེ་ཐེབས་མཁན་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་། ཁོང་ཅག་ལ་སྐྱབས་འཇུག་ཞུ་ཡི་ཡོད། ཅེས་དང་། ངོས་རང་གིས་མངའ་སྡེའི་གཞུང་དང་ཚོགས་སྡེ་ཚོས་སེམས་ཁུར་ཆེན་པོས་རང་བྱུང་གོད་ཆག་གིས་གནོད་འཚེ་ཐེབས་པའི་མི་རྣམས་ལ་མཐུན་འགྱུར་གནང་མུས་ཡིན་པར་བསྔགས་བརྗོད་ཡོད་ལ། ངོས་རང་གིས་འབྲས་ལྗོངས་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད། མི་མང་ལ་ངལ་སེལ་དང་མྱུར་སྐྱོབ་སླད་དགའ་ལྡན་ཕོ་བྲང་གི་ཐེབས་རྩ་ནས་ཞལ་འདེབས་ཤིག་དབུལ་རྒྱུ་མངགས་ཡོད། ཅེས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་མཚན་གུང་དུ་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་ལ་ཆེན་(Lachen valley) ལུང་གཤོངས་སུ་སྤྲིན་པ་བརྡོལ་བ་དང་ཊེ་སི་ཊ་(Teesta River) གཙང་པོ་རྒྱས་ནས་གློ་བུར་དུ་ཆུ་ལོག་རྒྱུག་སྟེ། ད་བར་ཉུང་མཐར་མི་གྲངས་ ༡༤ རྐྱེན་འདས་དང་། རྒྱ་གར་གྱི་དམག་མི་ ༢༢ ཚུད་པའི་མི་གྲངས་བརྒྱ་ལྷག་བོར་བརླག་ཏུ་གྱུར་ཡོད་འདུག་ལ། དེ་བཞིན་མི་གྲངས་ ༢༦ ལ་རྨས་སྐྱོན་ཐེབས་ནས་ད་ལྟ་སྨན་བཅོས་བྱེད་མུས་ཡིན་འདུག གཞན་ཡང་ཆུ་ལོག་དེས་འབྲས་ལྗོངས་བྱང་རྒྱུད་ཀྱི་གཞུང་ལམ་དང་། ནུབ་བྷེང་གྷལ་ནས་འབྲས་ལྗོངས་མཐུད་པའི་གཞུང་ལམ་དང་ཟམ་པ་མང་པོར་གཏོར་སྐྱོན་བཏང་ཡོད་འདུག

གཞན་ཡང་། སྤྱིར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཟླ་འདིའི་ཕྱི་ཚེས་ ༡༡ ནས་ཉིན་གཉིས་རིང་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་དཔལ་འབྱོར་རྩེད་ཐང་དུ། སློབ་དཔོན་ཐོགས་མེད་ཀྱི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་བཅས་ཀྱི་བཀའ་ཆོས་བསྩལ་རྒྱུ་དང་ཕྱི་ཚེས་ ༡༥ ཉིན་ནུབ་བྷང་གྷལ་མངའ་སྡེའི་སཱ་ལུ་གྷ་རཱ་སྲད་རྒྱུད་མ་དགོན་གྲྭ་ཚང་དུ། སེམས་བསྐྱེད་ཀྱི་བཀའ་ཆོས་གནང་གཏན་འཁེལ་ཡོད་ཀྱང་། ༧མགོན་པོ་གང་གི་མཛད་འཆར་ལ་འགྱུར་བ་ཅུང་ཙམ་ཐེབས་ནས། ཟླ་འདིའི་ཚེས་ ༡༧ ཉིན་གྱི་སྔ་དྲོར་སྒང་ཏོག་གི་དཔལ་འབྱོར་རྩེད་ཐང་དུ་བཀའ་ཆོས་དང་ཚེས་ ༡༨  ཉིན་གྱི་སྔ་དྲོར་བཀའ་དབང་བཀའ་དྲིན་བསྐྱང་རྒྱུ། ཕྱི་ཚེས་ ༢༡ ཉིན་གསང་ཆེན་དཔལ་ལྡན་སྲད་རྒྱད་གྲྭ་ཚང་དུ་སེམས་བསྐྱེད་ཀྱི་བཀའ་ཆོས་བསྩལ་གཏན་འཁེལ་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་གར་འབྲས་ལྗོངས་སུ་གངས་རུད་བརྒྱབ་སྟེ་མི་མང་པོར་ཤི་རྨས་བྱུང་། ༢༠༢༣།༠༤།༠༥ དྲ་ལམ་གྱི་པར།
Mobile App

འབྲས་ལྗོངས་སུ་གངས་རུད་བྱུང་སྟེ་མི་མང་པོར་ཤི་རྨས་བྱུང་འདུག

༢༠༢༣/༠༤/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese