མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ཀྱི་དབང་བསྒྱུར་དུ་འཁྲིད་རིམ་སྙིང་བསྡུས་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁྲིམས་ཀྱི་དབང་བསྒྱུར་དུ་འཁྲིད་རིམ་སྙིང་བསྡུས་ཞེས་པའི་དཔེ་དེབ་འདི་མ་འོངས་བར་བཅའ་ཁྲིམས་ལ་སློབ་སྦྱོང་བྱེད་མཁན་དང་ཉམས་ཞིབ་བྱེད་མཁན་རྣམས་ལ་དཔྱད་གཞིའི་རྒྱུ་ཆར་ཕན་ཐོགས་ཡོད་སྐོར་སོགས་གསུངས་སོང་།

ཁྲིམས་ཀྱི་དབང་བསྒྱུར་དུ་འཁྲིད་རིམ་སྙིང་བསྡུས་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣། ༡༠། ༡༡

 དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ སྟེང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་ཀྱིས་བརྩམས་པའི་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་མི་རྣམས་༼ཁྲིམས་ཀྱི་དབང་བསྒྱུར་དུ་འཁྲིད་རིམ་སྙིང་བསྡུས༽ཞེས་པའི་དཔེ་དེབ་ཀྱི་དབུ་འབྱེད་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་། བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། བོད་མི་མང་སྤྱི་འཐུས་ཁག་ཅིག་གཙོས།  དྷ་ས་ཁུལ་གྱི་ཉམས་ཞིབ་པ་ཁག་ཅིག་བཅས་མཉམ་ཞུགས་གནང་འདུག

 རྩོམ་པ་པོ་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་ཀྱིས། དེབ་འདིའི་ནང་དུ་གཙོ་ཆེ་ཤོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་མི་རིགས་ཀྱི་འཛིན་སྐྱོང་བྱེད་ཕྱོགས་ཐད་དམངས་གཙོའི་ལམ་ལུགས་དང་། སྲིད་འཛིན་ལམ་ལུགས། གྲོས་ཚོགས་ལམ་ལུགས་སོགས་ཁྲིམས་ཀྱི་ལམ་ལུགས་ཇི་ཙམ་ལ་འཆར་གཞི་བཀོད་ཡོད་མེད་དང་། ལྷག་པར་དུ་བཙན་བྱོལ་གྱི་བཅའ་ཁྲིམས་རིན་པོ་ཆེའི་ལྟ་གྲུབ་ཀྱི་རྒྱབ་ལྗོངས་དང་། མང་གཙོའི་ཀ་བ་གསུམ་སོ་སོའི་འགན་དབང་། ཕན་ཚུན་སྟངས་འཛིན་བྱེད་ཕྱོགས། ལོ་ཚིགས་འདྲ་མིན་སྐབས་ཀྱི་བཀའ་སློབ་ཁག་གི་རྒྱབ་རྟེན་དུ། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་ཇི་མ་ཇི་བཞིན་གསེད་དཀྲོལ་གནང་ཡོད་པའི་སྐོེར་སོགས་གསལ་ཡོད། དེང་སང་ང་ཚོའི་སྤྱི་ཚོགས་ནང་དུ་༧གོང་ས་མཆོག་གིས་ཁྲིམས་དང་སྒྲིག་གཞིའི་རྒྱབ་ལྗོངས་ལ་བཀའ་སློབ་གང་དག་གནང་བའི་སྐོར་ལ་དོ་སྣང་བྱེད་མཁན་ཉུང་དུ་འགྲོ་བཞིན་འདུག དམངས་གཙོ་ཟེར་དུས་ཨ་རི་དང་རྒྱ་གར་སོགས་ཕྱི་རྒྱལ་གྱི་ལུང་པར་ལད་མོ་བྱས་ནས་འགྲོ་བཞིན་ཡོད་པ་ལས། ང་ཚོར་སྒྲིག་གཞི་ཐུན་མོང་མ་ཡིན་པ་ཞིག་ཡོད་པའི་གལ་གནད་ཤེས་རྟོགས་འབྱུང་མཁན་ཉུང་དུ་འགྲོ་བཞིན་ཡོད་པའི་སེམས་འཚབ་ཅིག་འདུག བཅའ་ཁྲིམས་ལ་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ན། ད་ལྟའི་བར་དུ་བཅའ་ཁྲིམས་ལ་ཡིག་ཚང་ཞིག་ཡོད་པ་མ་རེད། ང་རང་སྤྱི་འཐུས་ཤིག་བྱས་ཏེ་དེའི་ཐོག་ནས་དཀའ་ངལ་འཕྲད་མྱོང་ཡོད་དུས། གདན་ཐོག་གཅིག་ནས་སྤྱི་ཚོགས་ནང་དུ་བཅའ་ཁྲིམས་ལ་སློབ་སྦྱོང་བྱེད་པའི་གཞི་རྩ་ཞིག་ཆགས་པའི་དགོས་དམིགས་གཙོ་འདོན་བྱས་ཡོད། ཅེས་གསུངས་བྱུང་།

རྩོམ་པ་པོ་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣།༡༠། ༡༡

བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས་ཀྱིས། དེབ་འདིའི་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐོག་མར་ང་ཚོར་དམངས་གཙོའི་གསོལ་རས་གནང་བའི་དགོངས་པ་འཁྲུངས་སྟངས་དང་། བཅའ་ཁྲིམས་དང་རྩ་ཁྲིམས་ཐོག་ལམ་སྟོན་གནང་སྟངས། དེའི་ཐོག་མཛད་དཀའ་གང་དག་འཕྲད་པའི་སྐོར། དེང་རབས་དང་མཐུན་པའི་དམངས་གཙོ་ལམ་ལུགས་སུ་སླེབས་སྟངས་ཐོག་ཡིག་ཆ་རྣམས་བསྡུ་རུབ་བྱས་ཏེ་དཀའ་ལས་མང་པོ་བརྒྱབ་འདུག ང་ཚོས་སྒྲིག་འཛུགས་ནང་དུ་རྒྱུན་རིང་ལས་ཀ་བྱས་མྱོང་ཡོད་ཀྱང་། རྩོམ་པ་པོས་སྔོན་མ་མཐོང་མ་མྱོང་བའི་ཡིག་ཆ་མང་པོ་མཁོ་སྒྲུབ་བྱས་ཡོད་པ་མ་ཟད། ཡིག་ཆ་རྣམས་ཞིབ་ཚགས་ཀྱིས་གོང་བསྒྲིགས་ཏེ་ཡིག་ཆའི་ཐོག་ནས་ནང་དོན་གསལ་འདོན་བྱས་ཡོད་པས། མ་འོངས་བར་བཅའ་ཁྲིམས་ལ་སློབ་སྦྱོང་བྱེད་མཁན་དང་། ཉམས་ཞིབ་བྱེད་མཁན་རྣམས་ལ་ཡིག་ཆའི་རྒྱུ་ཆ་ཕན་ཐོགས་ཡོད་པ་ཞིག་ཆགས་འདུག ཅེས་གསུངས་བྱུང་།

 བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། རྩོམ་པ་པོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལོ་མང་པོའི་རིང་བོད་ཀྱི་སྤྱི་ཚོགས་ནང་དུ་ཁྲིམས་དང་སྒྲིག་གཞི་ལྡན་པའི་སྐུ་ལས་གནང་སྟངས་ཐོག་ཉམས་ཞིབ་ཆ་ཚང་བ་བྱས་པར་ལེགས་གསོལ་བསྔགས་བརྗོད་ཞུ་རུང་བ་ཞིག་རེད། དེང་སང་གི་སྤྱི་ཚོགས་ནང་དུ་མི་མང་ལ་དེབ་ཀློག་པའི་དོ་སྣང་ཡོད་མེད་མི་ཤེས་ལ། དོ་སྣང་ཡོད་ཀྱང་ཕལ་ཆེར་ཟ་ཕྱོགས་འཐུང་ཕྱོགས་ཙམ་ལ་འགྲོ་བཞིན་པ་རེད། དེབ་འདི་ལས་དཀའ་ཚགས་མང་པོ་བརྒྱུད་མི་དགོས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁྲིམས་སྒྲིག་གཞི་ཐོག་ལ་ཕྱག་ལས་ཇི་ཙམ་གནང་བའི་སྐོར་ལྟ་བདེ་བོ་ཆགས་ཡོད་པས། འདི་ནི་བྱ་བ་ཆེན་པོ་ཞིག་བསྒྲུབས་པ་རེད། ཅེས་གསུངས་སོང་།

 བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་ན་ཆུང་དུས་སུ། དེང་རབས་ཀྱི་སྤྱི་ཚོགས་འགྲོ་སྟངས་བཞིན་སློབ་སྦྱོང་གནང་མེད་དེ། དེའི་སྐབས་ཀྱི་བོད་པའི་སྤྱི་ཚོགས་ཀྱི་འགྲོ་ལུགས་ལ་བསྒྱུར་བཅོས་གཏང་དགོས་པར་དགོངས་ཀྱང། ཕྱི་ནང་གི་འགོག་རྐྱེན་མང་པོ་ཞིག་གིས་ལམ་ལྷོང་མ་བྱུང་བ་རེད། རྐྱེན་ངན་གྲོགས་ཤར་གྱིས་༧གོང་ས་མཆོག་རང་དབང་གི་ཁོར་ཡུག་ཡོད་པའི་རྒྱ་གར་ཏུ་བཙན་བྱོལ་དུ་འབྱོར་ཡང་། བསྒྱུར་བཅོས་གཏོང་བའི་དགོངས་གཞིའི་འགོག་རྐྱེན་ཆེ་ཤོས་ནི་མི་མང་གི་བསམ་བློའི་ཆུ་ཚད་དང་གནས་བབ་དེའི་ཐོག་ཏུ་མ་སླེབས་པ་དེ་ཡིན། ང་ཚོས་གངས་ཅན་སྐྱིད་གཤོངས་སུ་མི་ཚེ་བསྐྱལ་བསྡད་ཀྱང་། ཕྱི་ལོ་ ༡༩༦༠ རེ་གྲངས་ནང་གི་༧གོང་ས་མཆོག་གིས་བཀའ་སློབ་གནང་ཡོད་པ་མཇལ་ཐུབ་མེད། རྩོམ་པ་པོས་དཀའ་ལས་མང་པོ་བརྒྱབ་ཏེ་ཡོངས་སུ་ཕྱོགས་སྒྲིག་བྱས་འདུག འདི་ལ་དགེ་མཚན་ཆེན་པོ་འདུག   ཅེས་གསུངས་སོང་། 

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese