མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དཀར་མཛེས་ཁོངས་སུ་བོད་ཀྱི་སྐད་ཡིག་གི་སློབ་ཁྲིད་མེད་པ་བཟོས།

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་དཀར་མཛེས་ཁུལ་ཁོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཚང་མར་བོད་ཡིག་བསླབ་མཚམས་བཞག་སྟེ་རྒྱ་ཡིག་རྐྱང་པ་སློབ་ཁྲིད་བྱ་རྒྱུ་ཡིན་འདུག

བོད་ཁུལ་གྱི་བྱིས་པ་ས་ཡ་གཅིག་ཙམ་རྒྱ་ནག་གི་བཅའ་སྡོད་སློབ་གྲྭར་བཅུག བོད་ཀྱི་དུས་བབ་ཀྱི་པར།

འདི་ལོའི་ཟླ་ ༦ པའི་ནང་རྒྱ་ནག་གཞུང་གིས་བོད་དཀར་མཛེས་ཁུལ་དུ་བོད་ཡིག་སློབ་ཁྲིད་བྱེད་བཞིན་པའི་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་མཚམས་གཞག་དགོས་པའི་བརྡ་ཁྱབ་ཅིག་བཏང་ཡོད་པ་ལྟར། ཉེ་ལམ་ཕྱི་ཟླ་ ༩ ནང་སློབ་མགོ་གསར་པ་བཙུགས་པ་དང་བསྟུན།  དཀར་མཛེས་ཁུལ་སློབ་གསོའི་ལས་ཁུངས་ཟེར་བས། དཀར་མཛེས་ཁུལ་ཁོངས་ཀྱི་སློབ་གྲྭ་སོ་སོར་བརྡ་སྦྱོར་བཏང་ནས།  ཕྱི་ལོ་ ༢༠༢༤ ལོ་ནས་བཟུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཚང་མར་བོད་ཡིག་གི་སློབ་ཁྲིད་དང་བསླབ་གཞི་ཚང་མ་མཚམས་བཞག་ནས་རྒྱ་ཡིག་རྐྱང་བ་སློབ་ཁྲིད་བྱ་དགོས་པའི་བཙན་བཀའ་བཏང་ཡོད་འདུག

འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་འདི་གའི་གསར་འགོད་པར།  འདི་ལོར་རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་ཁོངས་ཀྱི་སློབ་ཆུང་དང་། དམའ་འབྲིང་། མཐོ་འབྲིང་གི་བོད་ཡིག་སློབ་ཁྲིད་དང་བསླབ་གཞི། ཡིག་རྒྱུགས་ཚང་མ་མེད་པ་བཟོས་ཏེ། སློབ་གྲྭ་ཆུང་འབྲིང་ཚང་མར་རྒྱ་ཡིག་རྐྱང་པའི་སློབ་ཁྲིད་བྱ་དགོས་པའི་བརྡ་ཁྱབ་འབྱོར་ཡོད་སྐོར་དང་།  དཀར་མཛེས་ཁུལ་གྱི་བོད་ཡིག་སློབ་གྲྭ་མང་པོར་བོད་ཡིག་སློབ་ཁྲིད་མེད་པར་བཟོས་རྗེས།  རྒྱ་ཡིག་ཤེས་མཁན་གྱི་བོད་རིགས་དགེ་རྒན་ཚང་མ་རྒྱ་ཡིག་གི་འཛིན་གྲྭ་ཁག་ཏུ་ལས་བགོས་བྱས་ཡོད་ཅིང་། རྒྱ་ཡིག་ཆུ་ཚད་ཞན་པ་ཚོས། རྔ་བ་ཁུལ་ཁོངས་ཀྱི་སློབ་གྲྭ་ཁག་གི་བོད་ཡིག་ཚན་ཁག་ཏུ་ལས་ཀ་འཚོལ་ཐབས་བྱེད་མུས་ཡིན་སྐོར། དེ་བཞིན་དཀར་མཛེས་ཁུལ་ཁོངས་ཀྱི་མཐོ་རིམ་མཐར་ཕྱིན་སློབ་མས་ཕྱི་ལོ་༢༠༢༣ ལོའི་ལོ་མཇུག་གི་ཡིག་རྒྱུགས་དེ་རྔ་བ་ཁུལ་གྱི་མི་རིགས་མཐོ་རིམ་སློབ་འབྲིང་ནས་གཏང་དགོས་པ་ལས་དཀར་མཛེས་ཁུལ་ཁོངས་སུ་གཏང་ཆོག་གི་མེད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

ཡང་ཁོང་གིས། དཀར་མཛེས་ཁུལ་དུ་བོད་ཡིག་མེད་པར་བཟོས་རྗེས། བོད་པའི་དགེ་རྒན་ཁ་ཤས་རྒྱ་ཡིག་སྡེ་ཁག་ཏུ་འཛུལ་ཞུགས་བྱས་ཏེ་ལས་ཀ་གཉེར་བ་དང་བོད་ཡིག་དགེ་རྒན་མང་ཆེ་བས་ཚོང་ལས་ཙག་ཙིག་རེ་གཉེར་ཐབས་བྱེད་མུས་ཡིན་སྐོར་སོགས་འགྲེལ་བརྗོད་གནང་སོང་།

རྒྱལ་སྤྱིའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་སྙན་ཐོ་ལྟར་ན། རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་བརྒྱ་ཆ་བདུན་ཅུ་ལྷག་དང་། བོད་པའི་སློབ་མ་བཞིའི་ནང་གི་སློབ་མ་གསུམ་བཙན་གྱིས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་འཇུག་གི་ཡོད་ཅིང་། ད་སྔ་བར་ལོ་ ༦ ནས་ ༡༨ བར་ཡིན་པའི་བོད་པའི་སློབ་མ་ཁྱོན་འབུམ་ ༨ ནས་ ༩ བར་དབང་སྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭའི་ནང་གཏན་སྡོད་བྱེད་མུས་ཡིན་པ་དང་། བྱིས་པ་ལོ་བཞི་དང་ལྔ་ཅན་ཡང་སློབ་གྲྭ་དེ་དག་གི་ནང་བཙན་གྱིས་འཇུག་གི་ཡོད་སྐོར་སོགས་གསལ་ཡོད་འདུག

གཞན་ཡང་། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༨ ཉིན་རྒྱ་ནག་གཞུང་གིས་མགོ་ལོག་དར་ལག་ནས་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་གཙོས་མགོ་ལོག་རྨ་ཆེན་རྫོང་ནས་སློབ་གྲྭ་གསུམ་དང་། དགའ་བདེ་ནས་སློབ་གྲྭ་གཅིག གཅིག་སྒྲིལ་གྱི་སློབ་གྲྭ་གཉིས་བཅས་ཁྱོན་བོད་མི་རང་གི་སྒེར་གཉེར་སློབ་གྲྭ་ ༧ སྒོ་བརྒྱབ་བཅུག་ཡོད་ཅིང་།  འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་སའི་སློབ་གྲྭ་དང་དགོན་སྡེ་ཁག་བཙན་གྱིས་སྒོ་བརྒྱབ་འཇུག་གི་ཡོད་པ་མ་ཟད། བོད་ནང་གི་རྩོམ་པ་པོ་དང་མཁས་དབང་མང་པོ་ཞིག་ལ་ནག་ཉེས་སྣ་ཚོགས་གཡོགས་ནས་འབུར་འཇོམས་གཏོང་གིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

མགོ་ལོག་དར་ལག་རྫོང་གི་བོད་མི་བརྒྱད་འཛིན་བཟུང་བྱས།

༢༠༢༣/༡༠/༢༧
བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས།
Mobile App

བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པར་གློ་བུར་དུ་རུབ་རྡུང་བྱས་འདུག

༢༠༢༣/༠༨/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese