མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུ་མོ་ཞིག་རྒྱ་ནག་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་ཏུ་ཚུད།

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་རྔ་བ་ཁུལ་བཙན་ལྷ་རྫོང་ནས་ཡིན་པའི་བོད་མོ་སྒྲོལ་མ་སྐྱིད་ལགས་རྒྱ་ནག་རྒྱལ་ཡོངས་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ཏུ་འདེམས་ཐོན་བྱུང་འདུག་ལ་འདི་ལོའི་ལོ་མཇུག་ཏུ་ཨ་རིའི་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་དང་འགྲན་བསྡུར་བྱ་རྒྱུ་ཡིན་འདུག

རྒྱ་ནག་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་ནང་ཚུད་པའི་བོད་པའི་བུ་མོ་སྒྲོལ་མ་སྐྱིད་ལགས།

བོད་ནང་གི་ན་གཞོན་ཆེད་ལས་པ་མང་པོ་ཞིག་གིས་རྒྱ་ནག་དང་རྒྱལ་སྤྱིའི་སྡིངས་ཆ་མང་པོར་མཉམ་ཞུགས་བྱས་ཏེ། གྲུབ་འབྲས་མི་དམན་པ་ཞིག་བླངས་དང་ལེན་མུས་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བོད་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཟེར་བའི་བཙན་ལྷ་རྫོང་ནས་ཡིན་པའི་བུ་མོ་སྒྲོལ་མ་སྐྱིད་ལགས་རྒྱ་ནག་རྒྱལ་ཡོངས་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ཏུ་འདེམས་ཐོན་བྱུང་ཡོད་འདུག

དེའི་ཐད་སྒྲོལ་མ་སྐྱིད་ལགས་ཀྱིས་རྒྱ་ནག་གི་ཧྥོ་པ་(PHORPA) དུས་དེབ་ལ། ང་རང་བོད་ཀྱི་རྐང་སྤོལ་བ་ཞིག་ཡིན་པའི་ཆ་ནས། མི་མང་པོ་ཞིག་གིས་ངའི་ཆེད་ལས་འདིར་ཕ་མ་གཉིས་ཀྱི་ལྟ་ཚུལ་གང་འདྲ་ཡོད་མེད་ཀྱི་ཐད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། སྤྱིར་ངས་རྐང་སྤོལ་རྩེ་མགོ་འཛུགས་དུས་ནས་ཕ་མ་གཉིས་ཀྱི་རྒྱབ་སྐྱོར་ཧ་ཅང་ཡག་པོ་ཡོད་ལ། ང་རང་ལ་ཕ་མ་གཉིས་གཙོས་ནང་མི་ཚོས་རྒྱབ་སྐྱོར་བྱས་པ་བསོད་ནམས་ཆེན་པོ་ཡིན། གང་ཡིན་ཟེར་ན། དེས་ངའི་རྐང་སྤོལ་ཆེད་ལས་ལ་མུ་མཐུད་དོ་སྣང་བྱེད་པར་ཕན་ཐོགས་ཆེན་པོ་འདུག ཅེས་བརྗོད་འདུག

བོད་ཀྱི་བུ་མོ་སྒྲོལ་མ་སྐྱིད་ལགས་ནི་བོད་རྔ་བ་ཁུལ་བཙན་ལྷ་རྫོང་ནས་ཡིན་ཞིང་། རང་ལོ་ ༡༠ ཙམ་ནས་རྩེད་འཇོ་དང་འགྲོགས་ནས་རྐང་རྩེད་སྤོ་ལོ་རྩེད་མགོ་བཙུགས་ཏེ། ཁོང་མོའི་ཆུང་དུས་ཀྱི་རྐང་རྗེས་རེ་རེའི་ཁྲོད་ནས་རྐང་སྤོལ་ལ་བཅངས་པའི་བརྩེ་འདང་མ་ལྷོད་པར་འབད་འབུངས་བྱས་མཐར། ཕྱི་ལོ ༢༠༡༩ ལོར་སི་ཁྲོན་བུད་མེད་རྐང་སྤོལ་རུ་ཁག་ཏུ་ཚུད་འདུག

རྔ་བའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་བསྒྲགས་པའི་གནས་ཚུལ་ནང་། བོད་མོ་སྒྲོལ་མ་སྐྱིད་ལགས་ཀྱིས་སི་ཁྲོན་རྐང་སྤོལ་རུ་ཁག་ཏུ་རྩེད་འགྲན་བྱས་པའི་ཁྲོད། རྒྱ་ནག་གི་བུད་མེད་ཀྱི་རྐང་སྤོལ་འགྲན་ཚོགས་ཀ་པའི་རྩེད་འགྲན་གྱི་ཁྲོད་དུ་རྒྱལ་ཁ་བླངས་ཡོད་ལ། འདི་ལོའི་རྩེད་འགྲན་ཁྲོད་སྤོ་ལོ་གཉིས་བླུགས་ཡོད་པས། ཁོང་མོས་རྩེད་རིགས་ལ་དགའ་བའི་མི་བུ་མང་དག་ཅིག་གི་མིག་དབང་བཀུག་ཡོད་སྐོར་སོགས་གསལ་འདུག

ཕྱི་ལོ་ ༢༠༡༩ ལོར་སྒྲོལ་མ་སྐྱིད་ལགས་ལོ་བཅུ་དགུ་མན་གྱི་ཨེ་ཤ་ཡའི་བུད་མེད་རྐང་སྤོལ་རྩེད་འགྲན་ནང་ཞུགས། ༢༠༢༠ ལོར་ཁོང་མོས་སླར་ཡང་ལོ་བཅུ་དགུ་མན་གྱི་ཨེ་ཤ་ཡའི་བུད་མེད་རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་བྱས་ཏེ་ཁོང་མོའི་རུ་ཁག་ལ་རྒྱལ་ཁ་ཐོབ། ཕྱི་ལོ ༢༠༢༢ ལོར་རྒྱ་ནག་གི་བུད་མེད་རྐང་སྤོལ་འགྲན་ཚོགས་ (Chinese Women’s Super League ) ཀྱི་རྩེད་འགྲན་རིམ་པ་གསུམ་པ་དེ་སི་ཁྲོན་རུ་ཁག་དང་ཤན་ཞི་རུ་ཁག་གཉིས་བར་རྩེད་འགྲན་བྱེད་སྐབས། སྒྲོལ་མ་སྐྱིད་ལགས་ཀྱིས་སྤོ་ལོ་གཅིག་བླུགས་ཡོད་ཅིང་། དེ་ནི་རྒྱ་ནག་གི་བུད་མེད་རྐང་སྤོལ་འགྲན་ཚོགས་ཁྲོད་བོད་ཀྱི་བུད་མེད་ཅིག་གིས་སྤོ་ལོ་བླུགས་ཐེངས་དང་པོར་གྱུར་ཡོད་འདུག

བོད་མོ་སྒྲོལ་མ་སྐྱིད་ལགས་རྒྱལ་ཡོངས་རྐང་སྤོལ་རུ་ཁག་ཏུ་འདེམས་ཐོན་བྱུང་རྗེས། གཞིས་བྱེས་གཉིས་ཀྱི་བོད་པ་མང་པོ་ཞིག་གིས་ཁོང་མོའི་པར་སོགས་དྲ་ལམ་དུ་སྤེལ་ཏེ་བསྟོད་བསྔགས་དང་དགའ་བསུ་ཆེན་པོ་བྱེད་ཀྱི་འདུག་ལ།  འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༣ དང་  ༦ བཅས་ཉིན་གཉིས་ལ་ཨ་རིའི་བུད་མེད་རྐང་སྤོལ་རུ་ཁག་དང་རྒྱ་ནག་རྒྱལ་ཡོངས་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གཉིས་ཀྱི་བར་ཨ་རིའི་ཌི་ཨར་ཝི་ (DRV PNK ) དང་ཀྲོ་ཡ་ཊ(Toyota ) རྩེད་ཐང་གཉིས་སུ་རྩེད་འགྲན་བྱ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས། པར་འབྲེལ་ཡོད་ཀྱིས་འདི་གར་མཁོ་སྤྲོད་གནང་།་
Mobile App

རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས་ལ་ལོ་བཞིའི་ཁྲིམས་ཐག་བཅད།

༢༠༢༣/༠༣/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese