མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱིས་ཝི་ཝོ་ (Vivo) ཁ་པར་བཟོ་སྐྲུན་ཁང་གི་ལས་བྱེད་རྒྱ་མི་ཞིག་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དངུལ་རྩིས་ཞིབ་འཇུག་ཚན་པས་ཝི་ཝོ་ཁ་པར་བཟོ་སྐྲུན་ཁང་གི་ལས་བྱེད་རྒྱ་མི་ཞིག་གིས་ཁྲིམས་འགལ་གྱི་དངུལ་བརྗེ་ལེན་བྱས་པའི་ནག་ཉེས་འོག་འཛིན་བཟུང་བྱས་འདུག

India arrests Chinese employee of smartphone maker Vivo

ཉིན་ཤས་གོང་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་རླུང་འཕྲིན་དང་དྲ་ཐོག་གསར་ཁང་ (NewsClick) གི་རྩོམ་སྒྲིག་པ་སོགས་འཛིན་བཟུང་བྱས་ཡོད་པ་མ་ཟད། གསར་ཁང་དེ་ལ་རྒྱ་གར་ནང་གི་ཁ་པར་ཚོང་གཉེར་ཁང་ཆེ་ཤོས་གཉིས་པར་གྱུར་བའི་རྒྱ་ནག་གི་ཝི་ཝོ་ཁ་པར་བཟོ་སྐྲུན་ཁང་གིས་ཁྲིམས་འགལ་ལྐོག་དངུལ་སྤྲད་ཡོད་པའི་དོགས་གཞིའི་འོག་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་།  ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱ་གར་དངུལ་རྩིས་ཞིབ་འཇུག་ཚན་པས་ཝི་ཝོ་ཁ་པར་བཟོ་སྐྲུན་ཁང་གི་ལས་བྱེད་རྒྱ་མི་མིང་ལ་ཨན་ཌུའུ་ཁང་ (Andrew Kuang) ཟེར་བ་ཞིག་གིས་ཁྲིམས་འགལ་གྱི་དངུལ་བརྗེ་ལེན་བྱས་པའི་ནག་ཉེས་འོག་འཛིན་བཟུང་བྱས་ཡོད་འདུག

ཁ་སང་ཝི་ཝོ་ཁ་པར་བཟོ་སྐྲུན་ཁང་གིས། ལས་ཁུངས་ཀྱི་ལས་བྱེད་གཅིག་འཛིན་བཟུང་བྱས་ཡོད་པ་དང་། གནད་དོན་དེའི་ཐོག་ལ་སེམས་འཚབ་ཆེན་པོ་བྱུང་གི་ཡོད་སྐོར་དང་། ལས་ཁུངས་ཀྱི་ངོས་ནས་ཁྲིམས་འགལ་བྱ་སྤྱོད་གང་ཡང་སྤེལ་མེད་ལ། རྒྱ་གར་གྱི་ཁྲིམས་ལུགས་ལ་གུས་བརྩི་དང་ལག་བསྟར་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཡང་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚང་ཁང་གིས། རྒྱ་གར་གཞུང་གིས་རྒྱ་ནག་གི་ཚོང་ལས་སྒྲིག་འཛུགས་ལ་ཡང་ནས་ཡང་དུ་རྟོག་ཞིབ་བྱས་པ་དེས་ཚོང་གི་ལས་དོན་ལ་དཀའ་ངལ་འཕྲད་པ་དང་དོ་ཕོག་བྱུང་གི་ཡོད་སྐོར་བརྗོད་འདུག

བདུན་ཕྲག་སྔོན་མའི་ནང་རུའུ་ཊར་གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ཉེན་རྟོག་པས། ཝི་ཝོ་ཁ་པར་བཟོ་སྐྲུན་ལས་ཁུངས་དང་ཞའོ་མི་ཁ་པར་བཟོ་སྐྲུན་ལས་ཁུངས་གཉིས་ཀྱིས་རླུང་འཕྲིན་དང་དྲ་ཐོག་གི་གསར་ཁང་ (NewsClick) ལ་ཁྲིམས་འགལ་གྱི་དངུལ་གཏོང་ལེན་བྱས་ཡོད་པའི་སྐྱོན་འཛུགས་བྱས་འདུག དེ་འབྲེལ་ཞའོ་མི་ཁ་པར་བཟོ་སྐྲུན་ལས་ཁུངས་ཀྱི་མགྲིན་ཚབ་པས་སྐྱོན་འཛུགས་དེར་ངོས་ལེན་བྱས་མེད་པ་དང་། ཝི་ཝོ་ཁ་པར་བཟོ་སྐྲུན་ལས་ཁུངས་ཀྱི་མགྲིན་ཚབ་པས་ལན་འདེབས་གང་ཡང་སྤྲད་མི་འདུག

འདི་ལོར་རྒྱ་གར་གྱི་འཕྲུལ་རིག་བློན་ཆེན་ར་ཇི་ཧྥི་ (Rajeev Chandrashekhar) ལགས་ཀྱིས། རྒྱ་ནག་གི་ཚོས་ལས་ཁང་གིས་ཨ་སྒོར་ཐེར་འབུམ་ ༡།༡ མགོ་སྐོར་བཏང་ཡོད་པ་དང་། རྒྱ་གར་གཞུང་གིས་དངུལ་སྒོར་དེ་ནས་བརྒྱ་ཆ་ ༡༨ ཕྱིར་ལེན་ཐུབ་ཡོད་སྐོར་སོགས་བརྗོད་འདུག

འདས་ལོར་ཝི་ཝོ་ཁ་པར་བཟོ་སྐྲུན་ཁང་གིས་རྒྱ་གར་ནས་ཁྲིམས་འགལ་གྱི་དངུལ་གཏོང་ལེན་བྱས་པའི་ནག་ཉེས་འོག རྒྱ་གར་གྱི་ཉེན་རྟོག་པས་ལས་ཁུངས་སུ་བསྔོག་བཤེར་བྱས་ཏེ། ཨ་སྒོར་ས་ཡ་ ༦༠ བླངས་ཡོད་འདུག དེ་བཞིན། འདས་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་གི་ཁ་པར་བཟོ་སྐྲུན་ཁང་ཞའོ་མི་ (Xiaomi) ཡིས་ཨ་སྒོར་ས་ཡ་ ༧༠༠ ལྷག་ཁྲིམས་འགལ་གྱིས་དངུལ་གཏོང་ལེན་བྱས་པའི་དོགས་གཞིའི་འོག་སྔོག་བཤེར་བྱས་པ་དང་། ཨ་སྒོར་ས་ཡ་ ༦༧༠ བཀག་སྡོམ་བྱས་འདུག

ཉེ་ལམ་རྒྱ་གར་གཞུང་གིས་རྒྱ་ནག་གི་ཚོང་ལས་ཁང་དང་བཟོ་སྐྲུན་ཁང་མང་པོར་ཡང་ནས་ཡང་དུ་ཞིབ་འཇུག་དང་རྟོག་ཞིབ་སོགས་བྱས་ཏེ། རྒྱ་ནག་གི་ཁ་པར་བཟོ་སྐྲུན་ཁང་ཨོ་པོ་ (Oppo) དང་ཞའོ་མི་ (Xiaomi) སོགས་ཀྱིས་ཁྲིམས་འགལ་ཐོག་དངུལ་གཏོང་ལེན་བྱས་པའི་སྐྱོན་འཛུགས་བྱས་ཡོད་ཀྱང་།  ཁ་པར་བཟོ་སྐྲུན་ཁང་དེ་གཉིས་ཀྱིས་སྐྱོན་འཛུགས་ངོས་ལེན་བྱས་མེད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

NewsClick's founder Prabir Purkayastha was arrested on Tuesday evening
Mobile App

རྒྱ་གཞུང་གི་ཐེ་ཇུས་ཡོད་པའི་ཉེས་མིང་འོག་རྒྱ་གར་གྱི་གསར་ཁང་ཞིག་གི་རྩོམ་སྒྲིག་པ་སོགས་འཛིན་བཟུང་བྱས། 

༢༠༢༣/༡༠/༠༤
The G20 Summit 2023 is being held in New Delhi from September 9 to 10. Here is more about the first G20 Summit and the world leaders who will be attending or won’t be showing up this year. (Photo: PTI)
Mobile App

སང་ཉིན་ནས་རྒྱལ་ས་ལྡི་ལིར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ལྷན་ཚོགས་འཚོག་རྒྱུ་རེད།

༢༠༢༣/༠༩/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese