མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་ནས་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་ཨ་རིའི་ཇོར་ཇེ་ཡ་དང་ལོ་སི་ཨན་ཇི་ལི་སིའི་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བཀའ་ཤག་སྐབས་བཅུ་དྲུག་པའི་ཕྱག་ལས་དང་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐོག་གསུང་བཤད་གནང་འདུག

Sikyong Penpa Tsering addressing the Tibetan Community of Southern California. Photo:Tibet.net

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་ཇོར་ཇེ་ཡ་མངའ་སྡེའི་རྒྱལ་ས་ཨེཊ་ལན་ཊ་ (Atlanta) རུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ཉིན་དེའི་ཕྱི་དྲོར་སྲིད་སྐྱོང་མཆོག་གིས། ཨེཊ་ལན་ཊར་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་ཆོས་ཚོགས་སུ་མཆོད་མཇལ་དང་ས་གནས་བོད་མི་རྣམས་ལ་སྐབས་ ༡༦ བཀའ་ཤག་གི་སྲིད་ཇུས་ལངས་ཕྱོགས་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཇེ་ཆེར་འགྲོ་བཞིན་པ། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཐོག་འབད་བརྩོན་བྱ་དགོས་གལ་ཆེ་སྐོར་སོགས་ཀྱི་ཐོག་ལ་གསུང་བཤད་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨལ་བྷུ་ཀར་ཁིའི་ (Albuquerque) གནམ་ཐང་དུ་ཕེབས་འབྱོར་གནང་སྟེ། ཉིན་དེའི་ཕྱི་དྲོར་ས་གནས་མི་མང་ལ་བཀའ་སློབ་གསུང་བཤད་གནང་། ཕྱི་ཚེས་ ༡༢ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྷོ་ཁེ་ལི་ཕོར་ནི་ཡར་ཆེད་ཕེབས་ཀྱིས་ས་གནས་བོད་མི་རྣམས་ལ་བོད་དོན་འཐབ་རྩོད་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་སྐོར་གསུང་བཤད་གནང་ཡོད་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལྷོ་དབུས་ཨ་མི་རི་ཀའི་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༡༢ ཉིན་ཨ་རིའི་ལོ་སི་ཨན་ཇི་ལི་སི་ (Los Angeles) རུ་ཕེབས་ཏེ། ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་ཡོད་འདུག་ལ།  སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་གྲོས་ཆོད་དགོངས་དོན་ལྟར། དེ་སྔོན་དྭང་བླངས་དཔྱ་དངུལ་དུས་ཐོག་འབུལ་ཐུབ་མེད་པ་རྣམས་ལ་ཆག་ཡང་དང་། གསར་བཟོ་གནང་འདོད་ཡོད་རིགས་ལ་དེ་ལྟར་གསར་བཟོ་གནང་ཕྱོགས་སྟབས་བདེ་རུ་བཏང་ཡོད་སྐོར་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཞག་ཐོག་བཀའ་ཤག་སྐབས་བཅུ་དྲུག་པའི་ལངས་ཕྱོགས་དང་། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་དབུ་མའི་ལམ་གྱི་ཐབས་ཇུས་ལ་འགྱུར་བ་ཕྲན་བུ་བཏང་སྟེ་ལོ་རྒྱུས་ཐོག་བོད་དེ་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་ནན་བརྗོད་གནང་བཞིན་པའི་སྐོར། དེ་བཞིན་མ་འོངས་ལས་འཆར་སོགས་ལག་བསྟར་སྟབས་བདེ་ཡོང་སླད་བཙན་བྱོལ་བོད་མིའི་གྲངས་ཐོ་ཚད་ལྡན་བཟོ་ཐབས་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲོམ་གཞི་ཚད་ལྡན་བཟོ་སྒྲིག་གནང་བཞིན་པའི་སྐོར་འགྲེལ་བརྗོད་གནང་འདུག

ད་དུང་སྲིད་སྐྱོང་མཆོག་གིས། ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དུ་ཕྱིན་པའི་རྗེས་སུ་བོད་མིའི་དགོས་མཁོ་རྟོག་ཞིབ་སླད་བོད་མི་གནས་སྡོད་གཞིས་ཆགས་དང་ས་གནས་ཁག་ཏུ་གཟིགས་སྐོར་དུ་ཕེབས་ཡོད་སྐོར་དང་། ཉིན་ཤས་སྔོན་དུ་ལྷོ་དབུས་ཨ་མེ་རི་ཀར་གཞུང་འབྲེལ་འཚམས་གཟིགས་བསྐྱངས་ཏེ་གྲོས་ཚོགས་འཐུས་མི་དང་། གནད་ཡོད་མི་སྣ་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་སྲ་བརྟན་དང་ཞུ་གཏུག་གནང་ཡོད་སྐོར། རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་ལྡོག་སྐོར་དང་དེའི་ཁྲོད་ནས་བོད་དོན་ཆེད་གོ་སྐབས་སྟངས་འཛིན་གནང་ཕྱོགས་སྐོར་གསུང་བཤད་གནང་ཡོད་འདུག

Sikyong addressed the Tibetan community and engaged in a Q&A session.Photo:Tibet.net

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྷོ་ཨ་རིའི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་མགོ་འཛུགས་ཏེ། བ་རཱ་ཛིལ་ནང་གི་སའོ་པོ་ལོ་གཙུག་ལག་སླེབ་གཉེར་ཁང་དང་། ཀོ་ལམ་བྷི་ཡ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་། འཕྲུལ་རིག་གི་གཙུག་ལག་སློབ་གཉེར་ཁང་སོགས་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་ ༨ ཀྱི་ནང་གསུང་བཤད་གནང་ཡོད་པ་དང་། བ་རཱ་ཛིལ་སའོ་པོ་ལོའི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། གྲོས་ཚོགས་འཐུས་མི། དེ་བཞིན་བ་རཱ་ཛིལ་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་། བོད་དོན་རྒྱབ་སྐྱོར་བ་སོགས་ལ་མཇལ་འཕྲད་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་འདུག གཞན་ཡང་། བ་རཱ་ཛིལ་གྱི་ས་ཧུ་པ་ཧུ་ལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཞོན། གྲོས་ཚོགས་འཐུས་མི། གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་ཚོགས་ཆུང་གི་ཚོགས་མི་སོགས་ལ་མཇལ་འཕྲད་གནང་སྟེ། བོད་ཀྱི་ཆོས་དང་རིག་གཞུང་གི་དོན་སྙིང་ངོ་སྤྲོད་དང་། བོད་ནི་ཆབ་སྲིད་ཁོ་ན་མ་ཡིན་པར་འཛམ་བུ་གླིང་གི་ཁོར་ཡུག་ལ་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག

ད་དུང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀོ་ལམ་བྷི་ཡའི་བསམ་མཛོད་བསྟི་གནས་ཁང་དང་། ས་གནས་ཀྱི་གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་བ་སོགས་ལ་མཇལ་འཕྲད་ཀྱིས། བོད་དོན་དྲིལ་བསྒྲགས་གནང་བ་མ་ཟད། བ་རཱ་ཛིལ་དང་མེཀ་སི་ཀོ། དེ་བཞིན་ཀོ་ལམ་བྷི་ཡའི་ས་གནས་བོད་མི་རྣམས་ལ་མཇལ་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་སོགས་ངོ་སྤྲོད་གནང་འདུག་ལ། ཀོ་ལམ་བྷི་ཡའི་ས་གནས་ཀྱི་གསར་ཁང་ (Caracol Radio La W) དང་། (El Spectador)། བ་རཱ་ཛིལ་ནང་གི་གསར་ཁང་ (Indian Eye) སོགས་ཀྱི་བཅར་འདྲིར་དང་ལེན་གནང་སྟེ། བོད་མཐོ་སྒང་གི་གལ་གནད་སྐོར་འགྲེལ་བརྗོད་ཞིབ་ནན་གནང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering during the meeting with executive members of Tibetan Association of NY & NJ.
Mobile App

སྲིད་སྐྱོང་མཆོག་ཨ་རིའི་ནེའུ་མེག་སི་ཁོ་རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༤/༡༢/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཀི་རན་རི་ཇི་ཇུ་ལགས།
Mobile App

སྲིད་སྐྱོང་མཆོག་གིས་སྐུ་ཞབས་རི་ཇི་ཇུ་ལགས་ལ་འཚམས་འདྲི་གནང་།

༢༠༢༤/༠༦/༡༣
Mobile App

ཉིན་གྲངས་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོག་མགོ་བཙུགས།

༢༠༢༤/༠༣/༡༢
རིག་གཞུང་སྲུང་སྐྱོབ་ལས་གཞིའི་འབྲེལ་ཡོད་ལས་བྱེད་རྣམས། དུས་བབ་ཀྱི་པར། ༢༠༢༣།༡༡།༠༣
Mobile App

བོད་ཀྱི་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་གཞི་དབུ་འབྱེད་གནང་སོང་།

༢༠༢༣/༡༡/༠༣
སྲིད་སྐྱོང་མཆོག་ནས་ཀོ་ལིམ་བྷི་ཡ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་བཞིན་པ། སྲིད་སྐྱོང་ངོ་དེབ་ཀྱི་པར། ༢༠༢༣།༡༠།༠༣
Mobile App

སྲིད་སྐྱོང་མཆོག་གིས་བོད་ནང་གི་ཆོས་ལུགས་དད་མོས་སྐོར་ལ་བགྲོ་གླེང་ཤུགས་ཆེན་གནང་།

༢༠༢༣/༡༠/༠༩
སྲིད་སྐྱོང་མཆོག་གིས་གཏམ་བཤད་གནང་བཞིན་པ། ༢༠༢༣།༩།༥ དུས་བབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་ནས་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ཡོངས་སུ་རྫོགས་པར་གཟིགས་སྐོར་གནང་འགྲུབ་ཀྱི་འདུག

༢༠༢༣/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese