མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དངུལ་ཁང་གི་ལས་འཛིན་དཔོན་ལ་ཞིབ་བཤེར་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་དངུལ་ཁང་གི་སྔར་གྱི་ལས་འཛིན་དཔོན་ལིའུ་ལེན་ཀི་ (Liu Liange)ཟེར་བ་དེས་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་བུ་ལོན་གཡར་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཏེ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

Liu Liange was the chairman of the Bank of China since 2019 until he resigned from his post in mid March this year

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༦ ཉིན། རྒྱ་ནག་གི་དངུལ་ཁང་ (Bank of China) གི་སྔར་གྱི་ལས་འཛིན་དཔོན་ལིའུ་ལེན་ཀི་ (Liu Liange) ཡིས་ལྐོག་རྔན་བླངས་པ་དང་། ཁྲིམས་འགལ་གྱི་བུ་ལོན་གཡར་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཏེ་ཞིབ་བཤེར་བྱེད་བཞིན་ཡོད་འདུག་ལ། འདས་པའི་ལོ་ལྔ་ཙམ་ནང་རྒྱ་ནག་དངུལ་ཁང་གི་འགན་འཛིན་དང་ལས་འཛིན་དཔོན་མང་པོ་འཕོ་འགྱུར་བཏང་སྟེ་འཛིན་སྐྱོང་དོ་དམ་ཐོག་གཡོ་སྐྱོམ་མང་པོ་བྱུང་ཡོད་འདུག

རྒྱ་ནག་གི་དངུལ་ཁང་ནི་འདས་པའི་མི་ལོ་ ༡༠ ལྷག་ནང་རྒྱུད་གཅིག་ལམ་གཅིག་གི་ཕྱི་འབྲེལ་ཐབས་ཇུས་ཁྲོད་འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་ ༦༣ ནང་འཛུགས་སྐྲུན་མ་འཇོག་དང་དངུལ་གཏོང་ལེན་བྱེད་མཁན་དང་ལག་བསྟར་བ། ཁེ་ཕན་ལེན་མཁན་བཅས་ཆགས་བསྡད་ཡོད་པ་རེད། དེ་དང་ཆབས་ཅིག་འདས་པའི་ལོ་ཤས་ནང་རྒྱ་ནག་དངུལ་ཁང་གི་འཛིན་སྐྱོང་དང་དོ་དམ་ཐད་གཡོ་སྐྱོམ་ཡང་ཡང་བྱུང་འདུག འདས་པའི་ལོ་ངོ་ ༥ ལྷག་གི་ནང་རྒྱ་ནག་དངུལ་ཁང་གི་འགན་འཛིན་ཐེངས་གསུམ་ལ་བརྗེས་པ་དང་། ལས་འཛིན་དཔོན་ཐེངས་བཞི་ལ་བརྗེ་ལེན་བྱས་ཡོད་འདུག དངུལ་ཁང་དེ་ཕྱི་ལོ་ ༡༩༡༢ ལོར་རྒྱ་ནག་ཧྲང་ཧེ་རུ་གསར་འཛུགས་བྱས་ཏེ། ཐོག་མར་སྤྱི་ཚོགས་ཀྱི་འགན་འཁུར་བླངས་ཏེ་དུས་རབས་གསར་པའི་གོ་ལ་ཧྲིལ་པོའི་ཆེས་རྒྱུག་ཆེ་ཤོས་ཀྱི་དངུལ་ཁང་དུ་འཛུགས་སྐྲུན་བྱེད་ཐབས་བྱས། ད་ལྟའི་ཆར་གོ་ལ་ཧྲིལ་པོར་ཆེས་རྒྱུག་ཤོས་ཀྱི་དེང་རབས་མཉམ་འབྲེལ་ཚོང་གཉེར་ཁང་ཞིག་ཏུ་བསྐྲུན་ཐབས་ཀྱི་དམིགས་ཡུལ་བཟུང་ཡོད་པ་སོགས་དངུལ་ཁང་གི་ཐབས་ཇུས་ལའང་འགྱུར་ལྡོག་ཐེངས་གསུམ་བྱུང་ཡོད་འདུག

འདས་པའི་ལོ་ཤས་ནང་རྒྱ་ནག་ནང་དངུལ་ཁང་དང་འབྲེལ་བའི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཁག་ཅིག་ནི། འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་མི་དམངས་དངུལ་ཁང་གི་འགན་འཛིན་གཞོན་པ་ཧྥན་ཡི་ཧྥེ་ཡིས་ལྐོག་རྔན་བླངས་བའི་དོགས་གཞིའི་འོག་ལས་གནས་དང་དམར་ཤོག་ཚོགས་པ་ནས་ཕྱིར་ཕུད་བཏང་ཡོད་པ་དང་། དེ་བཞིན་འདས་ལོའི་ཕྱི་ཟླ་ ༡ ནང་རྒྱ་ནག་མི་སྲོག་འགན་ལེན་ཚད་ཡོད་ཚོང་གཉེར་ཁང་ (China Life Insurance Company Limited) གི་འགན་འཛིན་ཝང་བྷིན་ (Wang Bin) ཟེར་བ་ཞིག་གིས་ཨ་སྒོར་ས་ཡ་ ༤༥ ལྷག་ལྐོག་ཟ་དང་ཨ་སྒོར་ས་ཡ་ ༧ སྦེད་སྐུང་བྱས་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།

ལིའུ་ལིན་ཀི་ནི་རྒྱ་ནག་བྱང་ཤར་ཁུལ་གྱི་མངའ་སྡེ་ཅི་ལིན་ (Jilin) ནས་ཡིན་ཞིང་། ཕྱི་ལོ་ ༡༩༨༥ ལོར་ཅི་ལིན་དངུལ་རྩིས་དང་ཚོང་ལས་ཀྱི་མཐོ་སློབ་ (Jilin Finance and Trade College) ནས་དངུལ་རྩིས་ཐོག་ལ་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༨༧ ལོར་དཔལ་འབྱོར་རིག་པའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན་རྗེས། རྒྱ་ནག་མི་དམངས་དངུལ་ཁང་ (People’s Bank of China) དུ་ལོ་ངོ་ ༢༠ རིང་འགན་འཛིན་དང་། འགན་འཛིན་གཞོན་པ། ལས་འཛིན་དཔོན་སོགས་ལས་གནས་མི་འདྲ་བ་མང་པོ་གཉེར་ཡོད་འདུག ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གི་དངུལ་ཁང་གི་འགན་འཛིན་གཞོན་པ་བྱས། དེ་ནས་ཕྱི་ལོ་ ༢༠༡༩ ནས་ ༢༠༢༣ བར་རྒྱ་ནག་དངུལ་ཁང་གི་ལས་འཛིན་དཔོན་གྱི་འགན་ཁུར་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ལས་གནས་ནས་རྩ་དགོངས་ཞུ་དགོས་བྱུང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Chinese President Xi Jinping formally removed Defense Minister Li Shangfu [left] and former Foreign Minister Qin Gang [right] from the State Council.
Mobile App

ལོ་ ༡༩ ལྷག་རིང་བོད་ནང་མགོ་འཁྲིད་བྱས་པའི་རྒྱ་རྒན་ཞིག་ལ་ལོ་ ༡༤ ཡི་ཁྲིམས་ཐག་བཅད། 

༢༠༢༤/༠༡/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese