མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཆི་མེད་ལྷ་མོ་ལགས་ཀྱིས་ཐའེ་ཝན་དུ་ཨོ་སི་ལོ་རང་དབང་གླེང་སྟེགས་སྟེང་བོད་དོན་གཏམ་བཤད་སྤེལ།

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༨ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ཀྱིས་ཨོ་སི་ལོ་རང་དབང་གླེང་སྟེགས་ (Oslo Freedom Forum) སྟེང་བོད་དོན་དང་འབྲེལ་བའི་གཏམ་བཤད་སྤེལ་འདུག

oslo freedom forum in Taiwan

རང་དབང་གླེང་སྟེགས་དེའི་སྟེང་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ཀྱིས། ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་པས་ (Freedom House) བོད་དེ་འཛམ་གླིང་གི་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་སོགས་ཀྱི་ཐོག་ལ་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་སྐོར། བོད་ནི་ཨེ་ཤ་ཡའི་ཁུལ་གྱི་ཆུ་བོ་མང་པོ་ཞིག་གི་འབྱུང་ཁུངས་ཡིན་པར་བརྟེན། མི་གྲངས་ཐེར་འབུམ་ ༢ ལྷག་གི་འཐུང་ཆུ་དང་འཚོ་གནས་ལ་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཆུ་མཛོད་མང་པོ་འཛུགས་སྐྲུན་བྱས་ཏེ། འབྱུང་འགྱུར་མི་མང་དུང་ཕྱུར་མང་པོར་ཆུའི་དཀའ་ངལ་འཕྲད་ཉེན་ཡོད་སྐོར་སོགས་བརྗོད་འདུག

ཡང་ཁོང་མོས། ཕྱི་ལོ་ ༡༩༨༠ ལོའི་བར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནང་ཆོས་ཉམས་ལེན་བྱེད་མཁན་རྣམས་ཀྱིས་སེམས་ཅན་གྱི་པགས་རིགས་ལས་བཟོས་པའི་གྱོན་ཆས་མི་གྱོན་པའི་བཀའ་སློབ་གནང་བ་ལྟར། བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱིས་པགས་རིགས་གྱོན་གོས་རྣམས་མེར་བསྲེགས་ཏེ་གྱོན་མཚམས་བཞག་ཡོད་པ་དང་།  རྒྱ་ནག་གཞུང་གིས་བོད་ནང་དུ་ནང་ཆོས་ཉམས་ལེན་བྱེད་ཆོག་པའི་རྣམ་པ་ཞིག་སྟོན་གྱི་ཡོད་ཀྱང་། དོན་དངོས་སུ་ནང་ཆོས་ཉམས་ལེན་བྱེད་པར་དམ་དྲག་ཤུགས་ཆེན་བྱས་ཏེ། བོད་ཀྱི་དགོན་སྡེ་ཁག་མང་པོ་ཞིག་གཏོར་བཤིག་བཏང་ནས་ཡུལ་སྐོར་སྤྲོ་འཆམ་བྱེད་ཡུལ་དུ་སྒྱུར་བཞིན་ཡོད་སྐོར་སོགས་བརྗོད་འདུག

ཁོང་མོས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་དྲག་གནོན་དང་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། བོད་ནང་གི་བོད་མི་རྣམས་ཀྱི་དད་པ་གཡོ་བ་མེད་པ་དང་། སྙིང་སྟོབས་ཞུམ་པ་མེད་པར་བློ་སྟོབས་ཆེན་པོས་བོད་ཀྱི་སྐད་དང་རིག་གཞུང་ཉར་ཚགས་གང་ཐུབ་བྱེད་བཞིན་ཡོད་པ་དང་། བོད་དོན་འཐབ་རྩོད་བྱེད་བཞིན་ཡོད་པ་སོགས་ཀྱིས། རང་ཉིད་ཀྱིས་བོད་དོན་ཐོག་མུ་མཐུད་དུ་འཐབ་རྩོད་དང་ལས་འགུལ་སྤེལ་ཐུབ་རྒྱུའི་སེམས་ཤུགས་དང་འདུན་པ་ཡོང་གི་ཡོད་པ་དང་། ནམ་ཞིག་བོད་ལ་རང་དབང་ཐོབ་པར་ཡིད་ཆེས་ཡོད། ཅེས་བརྗོད་འདུག

The Oslo Freedom Forum (OFF) kicked off in Taipei on Wednesday under the theme ‘Celebrating Solidarity’. (Photo: CNA)

ཐེངས་འདིའི་ཨོ་སི་ལོ་རང་དབང་གླེང་སྟེགས་ (Oslo Freedom Forum) སུ་གཏམ་བཤད་པ་ ༡༡ ཡོད་པའི་ཁྲོད་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་དང་། རྒྱ་ནག་གི་གསར་འགོད་པ་བྷེ་ཐེ་ནི་ (Bethany Allen-Ebrahimian)། གློག་བརྙན་བཟོ་སྐྲུན་པ་དང་འཚེ་མེད་ཞི་བའི་འཐབ་རྩོད་པ་གྷུ་སི་ཏ་ཝོ་ (Gustavo Tovar-Arroyo)། ཧོང་ཀོང་གི་ལས་འགུལ་བ་ (Joey Siu)། དཀྱིལ་ཤར་ཨེ་ཤ་ཡའི་ཁོ་ཊར་ (Qatar) རྒྱལ་ཁབ་ནང་གི་ཡུལ་མི་གནས་སྤོའི་ལས་བྱེད་ཟུར་པ་དང་ཡུལ་མི་གནས་སྤོའི་ལས་ཀ་བྱེད་མཁན་གྱི་རང་དབང་འཐབ་རྩོད་པ་མལ་ཁོམ་ (Malcolm Bidali)། ཡུ་ཀེ་རེན་དང་ཡུ་རོབ་ནང་གི་བདེ་འཇགས་དང་མཉམ་འབྲེལ་ཚོགས་པ་ (OSCE) ཡི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཨོ་ལེཀ་སེན་དྷ་ར་ (Oleksandra Matviichuk)། སེ་རེ་ཡ་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཞུ་གཏུགས་བྱེད་མཁན་ཨོ་མར་ (Omar Alshogre)། ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་པེ་སི་ཊོར་ (Pastor Kim)། ཨིན་ཌོ་ནེ་ཤི་ཡའི་དགོད་བྲོ་གཏམ་གླེང་བ་སག་དྷི་ཡ་ (Sakdiyah Ma’ruf)། ལྷོ་ཨ་ཧྥེ་རི་ཁའི་ (Swazi) གདོད་མའི་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་པ་ཏ་ནེ་ལེ་ (Tanele Maseko)། ཐའེ་ཝན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་སྤྱི་ཁྱབ་དྲུང་ཆེ་ཝུའུ་ཨར་ (Wu’er Kaixi) བཅས་ཡིན་འདུག

འཆི་མེད་ལྷ་མོ་ལགས་ནི་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་ནང་གནས་བཞུགས་གནང་མཁན་བོད་དོན་ལས་འགུལ་བ་ཞིག་ཡིན་པ་དང་། ད་བར་ཊོ་རོན་ཊོ་གྲོང་ཁྱེར་གྱི་པཱག་ཌལ་ (Parkdale) ས་ཁུལ་གྱི་སྤྱི་ཚོགས་འཕྲོད་བསྟེན་དང་། དཔལ་འབྱོར་ཞབས་ཞུའི་ལས་དོན་ནང་ཞིབ་འཇུག་གནང་བ་དང། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པའི་རྒྱུན་ལས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས། ཊོ་རོན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་སོགས་ཀྱི་ལས་ཀ་གཉེར་ཡོད་པ་རེད། འདས་ལོའི་ཕྱི་ཟླ་ ༥ པའི་ནང་འཆི་མེད་ལྷ་མོ་ལགས་རྒྱལ་སྤྱིའི་སྟེང་གྲགས་ཆེ་བའི་ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་རང་དབང་གླེང་སྟེགས་སྟེང་། བོད་དོན་དང་འབྲེལ་བའི་གཏམ་བཤད་སྤེལ་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༨ ནང་འཆི་མེད་ལྷ་མོ་ལགས་སུ་རྒྱལ་སྤྱིའི་སློབ་མའི་མཐུན་ཚོགས་ཀྱི་གོ་སྒྲིག་བྱས་པའི་སྐབས་དང་པོའི་བོད་ཀྱི་ན་གཞོན་གཟེངས་རྟགས་ཐོབ། གཞན་ཡང་། ཁོང་མོས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་མང་པོ་ཞིག་གོ་སྒྲིག་དང་སྣེ་ཁྲིད་གནང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese