མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་གཞུང་གིས་བོད་དུ་སྐྱོད་སྐབས་ངེས་པར་དུ་རང་ཉིད་ཀྱི་བདེ་འཇགས་ལ་ཡིད་གཟབ་དགོས་པའི་ལམ་སྟོན་གནང་།

བོད་ཀྱི་དུས་བབ།
༢༠༢༣/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌ་གཞུང་གིས་ཡུལ་དེའི་མི་སེར་རྣམས་བོད་དང་ཤར་ཊུར་ཀི་སི་ཐན་སོགས་སུ་སྐྱོད་སྐབས་འགྲོ་མི་ཆོག་པའི་ས་ཆར་མི་འགྲོ་བ་དང་གང་བྱུང་འདྲ་པར་མི་ལེན་པ། ཁྲོམ་སྐོར་འདུ་འཛོམས་སོགས་ལ་མཉམ་ཞུགས་མི་བྱེད་པ་སོགས་རྒྱ་ནག་གཞུང་གི་བཙན་གནོན་ལས་རང་ཉིད་སྐྱོབ་ཐབས་དགོས་པའི་ལམ་སྟོན་གནང་འདུག

People take photographs of the musical fountain at Potala Palace Square in Lhasa, Tibet, on 27 June 2023. (CNS)

རྒྱ་ནག་གཞུང་གི་བཙན་གནོན་འོག་ཡོད་པའི་བོད་དང་ཤར་ཊུར་ཀི་སི་ཐན་སོགས་སུ་ཕྱི་མི་སྤྲོ་འཆམ་དུ་ཕྱིན་ན་དམ་དྲག་དང་རྟོག་ཞིབ་ནན་པོ་བྱས་ཏེ་རང་དབང་གཏན་ནས་མེད་པའི་དཀའ་ངལ་མང་དག་ཅིག་འཕྲད་མུས་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཁེ་ན་ཌའི་གཞུང་འབྲེལ་འགྲིམ་འགྲུལ་སློབ་སྟོན་ལྷན་ཚོགས་(official travel advisory) ཀྱིས། རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་བོད་དང་། ཤར་ཊུར་ཀི་སི་ཐན་ཚུད་པའི་ཧྥ་རན་སི་དང་ཨ་རབ། ལེ་བྷེ་ནིན། ཊུར་ཀི ཊོ་ནི་ཞི་ཡ། རྒྱ་གར། མེག་སི་ཀོ དེ་བཞིན་དམག་འཁྲུག་དྲག་པོ་ལངས་བཞིན་པའི་ཨེ་ཛི་རེལ་བཅས་ཀྱི་ནང་འགྲོ་མཁན་ཁེ་ན་ཌའི་ཡུལ་མི་རྣམས་ལ་བདེ་འཇགས་དང་བདེ་སྲུང་(Safety and security)ཞེས་པའི་ལམ་སྟོན་གསལ་བསྒྲགས་ཤིག་གནང་བའི་ནང་། ཁེ་ན་ཌའི་ཡུལ་མི་གང་ཡང་རུང་བ་ཞིག་བོད་དང་ཤར་ཊུར་ཀི་སི་ཐན་སོགས་སུ་སྐྱོད་འདོད་ཡོད་ཚེ། ཐོག་མར་རྒྱ་ནག་གཞུང་ཚབ་ཁང་ནས་ཡིག་ཆ་རག་དགོས་པ་དང་། དེ་ནས་གཞུང་ཚབ་ཁང་སོགས་ཀྱིས་གོ་སྒྲིག་བྱས་པའི་འགྲིམ་འགྲུལ་ས་ཚིགས་ལས་ས་གནས་གཞན་དུ་རང་དགར་བསྐྱོད་མི་ཆོག་པ་མ་ཟད།  གཞུང་གིས་བཀའ་འཁྲོལ་མེད་པའི་ས་གནས་ཁག་ཏུ་ཕྱིན་ཚེ། ཆད་པ་གཅོད་པ་དང་། འཛིན་བཟུང་། རྒྱང་ཕུད་སོགས་གཏོང་སྲིད་ལ། ལྷག་པར་དུ་བརྡ་ལན་གང་ཡང་མེད་པར་དམག་མི་འགྲེམས་འཇོག་བྱས་ཏེ་དམ་དྲག་ཀྱང་བྱ་སྲིད་པས། བོད་དང་ཤར་ཊུར་ཀི་སི་ཐན་གཙོས་རྒྱ་ནག་ཏུ་འགྲོ་སྐྱོད་བྱ་རྒྱུར་ཧ་ཅང་ཉེན་ཁ་ཡོད་སྐོར་སོགས་འཁོད་འདུག

ཡང་ལམ་སྟོན་བསྒྲགས་ཡིག་དེའི་ནང་བོད་དུ་སྐྱོད་སྐབས་ཡིད་འཇོག་བྱ་དགོས་པའི་སྐོར་ལ། ཡུལ་སྐོར་བ་ཚོ་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞིའི་ཁོངས་སུ་ངེས་པར་དུ་ཞུགས་དགོས། སྐབས་རེར་རྒྱ་ནག་གཞུང་གིས་གནས་སྐབས་རིང་ཡིག་ཆ་ནར་འགྱངས་གཏོང་བ་དང་སི་ཁྲོན་དང་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་འགྲོ་བར་དམ་དྲག་བྱ་ངེས་ཡིན་པ་མ་ཟད། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་སྐྱོད་སྐབས་ཡུལ་སྐོར་བའི་ལམ་གླ་སོགས་ཆ་ཚང་སྤྲད་དགོས་པའི་ཁར། ཡུལ་ཁྲིམས་སོགས་དང་མི་མཐུན་པའི་ལས་ཀ་བྱས་ཚེ། ཉེན་རྟོག་པ་དང་ལྟ་སྲུང་བ་སོགས་ཀྱིས་གང་བྱུང་དམ་དྲག་དང་ཞིབ་བཤེར་ཡང་བྱ་སྲིད་པས་ངེས་པར་དུ་ཡིད་གཟབ་དགོས་སྐོར་སོགས་འཁོད་འདུག

ལམ་སྟོན་ནང་བོད་དུ་བྱེད་མི་ཆོག་པའི་གནད་དོན་ཁག་ཅིག་གསལ་སྟོན་བྱས་ཡོད་པའི་ཁྲོད། བོད་ནང་དུ་ཟིང་འཁྲུག་དང་མི་མང་འདུ་འཛོམས་སོགས་ཀྱི་ནང་མཉམ་ཞུགས་དང་། པར་སོགས་ལེན་མི་ཆོག་པ་དང་། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་སོགས་དང་མི་མཐུན་པའི་ལས་ཀ་གང་བྱུང་བྱ་མི་ཆོག་པ། རྒྱ་ནག་བདེ་སྲུང་མི་སྣ་ཟེར་བའི་ལམ་སྟོན་ཐོག་ཡུལ་སྐོར་གྱི་ས་གནས་གཅིག་པུར་སྐྱོད་པ་ལས་གཞན་དུ་འགྲོ་སྐྱོད་མི་ཆོག་པ། ཡུལ་མི་སོགས་དང་གསང་བའི་ཐོག་ནས་ཐུག་འཕྲད་སོགས་བྱ་མི་ཆོག གལ་ཏེ་རྒྱ་ནག་གཞུང་གི་བདེ་འཇགས་ཟེར་བ་དང་འགལ་ནས་འཛིན་བཟུང་བྱས་ཚེ། རྒྱ་ནག་ཏུ་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་ཁང་ལ་གང་མགྱོགས་བརྡ་ལན་དང་རོགས་རམ་དགོས་པའི་རེ་བ་ཞུ་དགོས་སྐོར་སོགས་གསལ་འདུག

རྒྱ་ནག་གི་འཕྲུལ་རིག་ཚན་རྩལ་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེ་(Huawei)ཡིས་རྒྱལ་སྤྱིའི་ཐོག་ནས་ཨི་རན་ལ་བཀལ་བའི་དཔལ་འབྱོར་ཉེས་ཆད་ཀྱི་ཁྲིམས་སྒྲིག་ལ་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པའི་ནག་ཉེས་འོག ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ ཉིན། ཁེ་ན་ཌ་གཞུང་གིས་གསང་བའི་ཐོག་ནས་བཟོ་ཚོང་ཁང་དེའི་ནོར་དོན་སྤྱི་གཉེར་བ་མིན་ཝན་ཀྲུའུ་(Meng Wanzhou)ཞེས་པ་འཛིན་བཟུང་བྱས་རྗེས། ཁེ་ན་ཌ་དང་རྒྱ་ནག་བར་གྱི་འགལ་ཟླ་ཆེ་རུ་ཕྱིན་ཏེ། རྒྱ་ནག་གིས་འཁོན་ལན་སློག་ཆེད་རྒྱ་ནག་ནང་དུ་ཡོད་པའི་ཁེ་ན་ཌའི་སྐུ་ཚབ་ཟུར་པ་མེ་ཁལ་ཀོབ་རིག་ (Michael kovrig) དང་། མེ་ཁལ་སི་པེ་ཝར་གཉིས་གསང་མྱུལ་བ་ཡིན་པའི་ཉེས་མིང་འོག་འཛིན་བཟུང་བྱས། ཨ་རིའི་གཞུང་ནས་མིན་ཝན་ཀྲུའུ་ཁོང་ཚོར་རྩིས་སྤྲོད་དགོས་པའི་རེ་བ་བཏོན་ཡོད་ཀྱང་། ཕྱི་ལོ་ ༢༠༢༡ ཟླ་ ༩ པའི་ནང་ཁེ་ན་ཌ་གཞུང་གིས་མིན་ཝན་ཀྲུའུ་ཀློད་གྲོལ་བཏང་སྟེ་རྒྱ་ནག་ཏུ་ཕྱིར་ལོག་བཏང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཀྱང་ཁེ་ན་ཌའི་མི་སེར་གཉིས་དེ་ཀློད་གྲོལ་བཏང་ཡོད་པ་སོགས་ཕན་ཚུན་གྱི་མི་སེར་འཛིན་བཟུང་དང་བཙོན་འཇུག་བྱས་པའི་གནད་དོན་ཛ་དྲག་ཅན་དེ་འདྲ་བྱུང་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཀན་སུའུ་ཞིང་ཆེན་ཧྲན་དན་རྫོང་གི་སངས་རྒྱས་ཀྱི་སྐུ་བརྙན་ཆེན་པོར་མེ་སྐྱོན་བྱུང་། ༢༠༢༣།༠༧།༢༤
Mobile App

ལོ་ངོ་ ༡༦༠༠ ཙམ་གྱི་ལོ་རྒྱུས་ལྡན་པའི་སངས་རྒྱས་ཀྱི་སྐུ་བརྙན་ཆེན་པོ་ཞིག་ལ་མེ་སྐྱོན་བྱུང་།

༢༠༢༣/༠༧/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese