མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན། 

བོད་ཀྱི་དུས་བབ།
༢༠༢༣/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་ཏེ་རྒྱ་ནག་གཞུང་གིས་དྲག་པོའི་མཚོན་ཆ་འབོར་ཆེན་བཟོ་སྐྲུན་བྱས་ཏེ་དམར་ཤོག་གི་དབང་ཤུགས་རྒྱས་ཐབས་བྱེད་ཀྱི་ཡོད་སྐོར་སོགས་གསལ་འདུག

Cover photo of  Report of US Congress. Photo: Screenshot

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨ་རིའི་རྒྱལ་སྲུང་ལས་ལྷན་ཁང་ (US Department of of defense) གིས་ཕྱི་ལོ་༢༠༢༣ ལོའི་རྒྱ་ནག་གཞུང་གི་དམག་དོན་དང་རྒྱལ་སྲུང་སོགས་ཀྱི་སྐོར་གྱི་ཤོག་ངོས་ ༢༡༢ ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་ཅིང་། དེའི་ནང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་འདས་པའི་ལོ་ཤས་རིང་ཆབ་སྲིད་དང་། དམག་དོན། ཚོང་དོན་སོགས་རྒྱ་སྐྱེད་ནས་འཛམ་གླིང་ཡོངས་སུ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དབང་ཤུགས་གོང་མཐོར་གཏོང་བའི་ཐབས་ཇུས་འདོན་བཞིན་ཡོད་པ་མ་ཟད། དམག་དོན་མཚོན་ཆའང་འཕེལ་རྒྱས་ཆེན་པོ་གཏོང་མུས་ཡིན་སྐོར་སོགས་གསལ་འདུག

 དེའི་ཐད་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ཉིང་ (Mao Ning) ཟེར་བས། ཨ་རིའི་སྙན་ཐོ་དེ་སྙན་ཐོ་སྔ་མ་དག་དང་གཅིག་མཚུངས་རེད། དངོས་ཡོད་ཀྱི་གནས་ཚུལ་ལ་སྣང་མེད་དང་། ཕྱོགས་ཞེན་ཤུགས་ཆེན་གྱི་ཐོག་ནས་རྒྱ་ནག་ལ་འཇིགས་སྣང་སྐུལ་གྱི་ཡོད། དེའི་དམིགས་ཡུལ་ནི་ཁོང་ཚོས་མུ་མཐུད་དུ་དམག་དོན་གྱི་སྣེ་འཁྲིད་བྱ་འདོད་པས་རེད། རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཅེས་བཤད་འདུག 

དེ་ཡང་སྙན་ཐོ་དེའི་ནང་། ཕྱི་ལོ ༢༠༤༩ བར་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཆབ་སྲིད་དང་། དམག་དོན། ཚོང་འབྲེལ་སོགས་ཀྱི་ཐོག་ནས་དམར་ཤོག་སྲིད་གཞུང་གི་ཁེ་ཕན་དང་ལང་ཕྱོགས་སོགས་སྲ་བརྟན་བཟོས་ཐབས་བྱེད་ཀྱི་ཡོད་ཅིང་། ཨ་རི་ཚུད་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་གི་སྟོབས་ཤུགས་ཟེར་བ་གོང་མཐོར་གཏོང་བར་འགོག་རྒོལ་དང་། ཕྱོགས་ཡོངས་ནས་རྒྱ་ནག་དར་རྒྱས་གོང་འཕེལ་གཏོང་བའི་ཐབས་ཇུས་ལ་གཏོར་རྒོལ་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གི་ཏང་སྲིད་དམག་གསུམ་གྱི་མགོ་ཁྲིད་ཞི་ཅིན་ཕིན་དང་དམར་ཤོག་སྲིད་གཞུང་གི་ཁེ་ཕན་ཁོ་ནར་དམིགས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ནང་དབང་ཆ་དང་གོ་གནས་སྐྱེད་ཐབས་བྱེད་ཀྱི་ཡོད་པ་ལས། རྒྱ་ནག་མི་མང་གི་བདེ་སྡུག་དང་འཚོ་བའི་གནས་བབ་སོགས་ཀྱི་ཐད་ལ་ལྟ་རྟོག་གང་ཡང་མ་བྱས་པར། འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་གྲས་སུ་ཡོད་པའི་རྒྱ་ནག་མི་མང་གི་ཁེ་ཕན་ལས་དམར་ཤོག་སྲིད་གཞུང་ཁོ་ནའི་ཁེ་ཕན་གལ་ཆེ་བར་འཛིན་གྱི་ཡོད་སྐོར་སོགས་གསལ་འདུག 

སྙན་ཐོའི་ནང་ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆའི་སྐོར་ལ། རྒྱ་ནག་གཞུང་གིས་དམག་དོན་གྱི་ཐད་ནས་ཡར་རྒྱས་གཏོང་མུས་ཡིན་པ་མ་ཟད། རྒྱ་ནག་བཅིངས་གྲོལ་དམག་གིས་སྔར་ལས་ལྷག་པའི་དམག་དོན་སྦྱོང་བརྡར་ཟེར་བ་ཞིག་བྱས་ཏེ། རྒྱ་ནག་གི་དམག་གི་སྟོབས་ཤུགས་དེ་ཨེ་ཤ་ཡའི་མཚོ་གླིང་རྒྱལ་ཁབ་ཁག་ཏུ་སྐྱེད་ཐབས་བྱེད་ཀྱི་ཡོད་པའི་ཁར། ལྷག་པར་དུ་དམག་དོན་སྦྱོར་བརྡར་ཟེར་བ་ཞིག་ལ་ཁ་གཡར་ནས་ཐའེ་ཝན་གྱི་མཚོ་གླིང་དུ་མཁའ་དམག་འཕུར་སྐྱོད་བྱས་ཏེ། མི་མང་ལ་འཇིགས་སྐུལ་ཡང་ཡང་བྱེད་ཀྱི་ཡོད་སྐོར་སོགས་གསལ་འདུག་ལ། ད་བར་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྡུལ་ཕྲན་མཚོན་ཆ་ ༥༠༠ ལྷག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཕྱི་ལོ་ ༢༠༢༣ ལོར་རྡུལ་ཕྲན་མཚོན་ཆ་གྲངས་ ༡༠༠༠ ལ་སྤར་ཏེ་ཡར་རྒྱས་ཆེན་པོ་གཏང་འཆར་ཡོད་སྐོར་སོགས་གསལ་འདུག 

ཡང་རྒྱ་ནག་གཞུང་གི་ཕྱི་འབྲེལ་གྱི་ལྟ་བ་སྟེ་མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་ (community of common destiny) ཟེར་བའི་འོག་ནས། རྒྱ་ནག་གཞུང་གི་ལངས་ཕྱོགས་དང་མཐུན་པའི་རྒྱལ་ཁབ་རྣམས་ལ་དམིགས་བསལ་འབྲེལ་ལམ་བཙུགས་ནས། རྒྱལ་ཁབ་དེ་དག་ལྷན་དུ་རྒྱལ་སྤྱིའི་ཁྲིམས་སྒྲིག་མང་དག་ཅིག་ལ་རྩིས་མེད་དང་བཟོ་བཅོས་གཏོང་ཐབས་བྱེད་ཀྱི་ཡོད། དཔེར་ན། འདས་ལོར་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་སྐབས། རྒྱ་ནག་གཞུང་གིས་མི་མང་གི་ཁེ་ཕན་དང་། ཚོང་འབྲེལ་ལ་སྣང་བ་གང་ཡང་མི་གཏོང་བར་ཨུ་རུ་སུ་དང་མཉམ་འབྲེལ་བྱས་པ་མ་ཟད། ཨུ་རུ་སུར་དམག་དོན་ཀྱི་མཚོན་ཆ་སོགས་གསང་སྟབས་ཀྱིས་དབོར་འདྲེན་དང་ཚོང་འགྲེམས་བྱས་ནས། རྒྱལ་སྤྱིའི་ཁྲིམས་སྒྲིག་དང་རྒྱལ་ཁབ་མང་དག་ཅིག་གི་བདེ་འཇགས་ཀྱི་ཐད་ལ་གནོད་འཚེ་ཆེན་པོ་བཟོས་དང་བཟོ་མུས་ཡིན་སྐོར་གསལ་སྟོན་བྱས་འདུག  

སྙན་ཐོའི་ནང་དུ། རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་འོག་ནས་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་ཏུ་ཚོང་འབྲེལ་གྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་གི་ཡིན་ཟེར་གྱི་ཡོད་ཀྱང་། ལས་གཞི་འདིའི་འོག་ནས་རྒྱལ་ཁབ་སྐྱོ་བོ་མང་པོ་ཞིག་ཏུ་མ་འཇོག་མང་པོ་བྱས་རྗེས། ཚོང་དོན་གྱི་ཐོག་ནས་གནོན་ཤུགས་སྤྲོད་ཀྱིན་ཡོད་པ་མ་ཟད། ཚོང་དོན་དང་འབྲེལ་ནས་ཆབ་སྲིད་སོགས་ཀྱི་ཐོག་ནས་ཀྱང་ཐེ་གཏོགས་བྱེད་ཀྱི་ཡོད་སྐོར་གསལ་འདུག 

གསར་འགོད་པ། དཔལ་ལྡན། 

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༩/༢༥
Joseph Biden & Donald Trump
Mobile App

ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་ཕྱི་ལོ་ ༢༠༢༤ ལོའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ལངས།

༢༠༢༣/༠༤/༢༨
Taiwan's President Tsai Ing-wen waves near the boarding gate as she departs for a 10-day international trip on March 29, 2023.
Mobile App

ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེན་ཝིན་མཆོག་ཨ་རིར་ཕེབས།

༢༠༢༣/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese