མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་དགེ་དམ་པའི་དམིགས་ཡུལ་ནང་བཞིན་སློབ་གཉེར་བ་རྣམས་ཀྱིས་སློབ་སྦྱོང་བྱས་པའི་དོན་དག་འགྲུབ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༣/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

རིགས་སློབ་མ་ལག་གཉིས་ཀྱི་དུས་དྲན་སྐབས་ཞིང་གཤེགས་དམ་པ་རྗེ་བཙུན་བློ་བཟང་རྒྱ་མཚོ་མཆོག་གི་གསུང་འབུམ་དབུ་འབྱེད་དང་རིགས་ལམ་སློབ་ཟུར་བཞི་ལ་ཆེ་བསྟོད་འཁོར་ལོ་གསུམ་གྱི་གཟེངས་རྟགས་གནང་སོང་།

བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༥༠ དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་གཙི་མཛད་སྒོ་འཚོགས། པར་བོད་ཀྱི་དུས་བབ། ༢༠༢༣།༡༠།༢༦

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ། བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༥༠ དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་འཚོགས་སོང་བ་དང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་བོ་མཆོག་དབུ་བཞུགས་ཐོག  བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་གཞན། བོད་མི་མང་སྤྱི་འཐུས་ལས་ཐོག་ཁག་ཅིག གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་ལགས། དེ་བཞིན་གཞུང་ཁོངས་དང་གཞུང་ཁུངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། ས་རཱ་མཐོ་སློབ་ཀྱི་སློབ་ཟུར་དང་དགེ་ལས་སློབ་གཉེར་བ་རྣམས་བཅས་འཛོམས་འདུག  སྐབས་དེར་ཞིང་གཤེགས་དམ་པ་དབུ་དགེ་རྗེ་བཙུན་བློ་བཟང་རྒྱ་མཚོ་མཆོག་གི་གསུང་འབུམ་དབུ་འབྱེད་དང་། རིགས་ལམ་སློབ་གཉེར་ཁང་གི་སློབ་ཟུར་མཚམས་པ་དགེ་སློང་དོན་གྲུབ་ལགས་དང་། མཚན་ཉིད་གྲྭ་ཚང་གི་དཔེ་འཁྲིད་དགེ་རྒན་རྒྱ་མཚོ་ལགས།  བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། ཨི་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གེ་ལགས་བཞི་ལ་ཆེ་བསྟོད་འཁོར་ལོ་གསུམ་གྱི་གཟེངས་རྟགས་གནང་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རིགས་སློབ་མ་ལག་གཉིས་ཀྱི་དུས་དྲན་མཛད་སྒོར་འཚམས་འཕྲིན་ཞིག་བསྩལ་ཡོད་པའི་ནང་དུ། བོད་གངས་ཅན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་མ་ཉམས་རྒྱུད་འཛིན་ཆེད་རིགས་ལམ་སློབ་གཉེར་ཁང་བཙུགས་ནས་མི་ལོ་ ༥༠ དང་། དེའི་ཡན་ལག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་བཙུགས་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་གཉིས་འཛོམས་ཀྱི་མཛད་སྒོར་ཞུགས་མཁན་དགེ་ལས་སློབ་མ་སློབ་ཟུར་ཕྱི་ནང་གི་སྐུ་མགྲོན་བཅས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། འདས་པའི་ལོ་འདི་དག་གི་རིང་གདན་ས་ཁག་གི་གཞུང་ཆེན་སློབ་གཉེར་ལ་ཞུགས་མི་ཐུབ་པའི་བཙན་བྱོལ་སྤྱི་ཚོགས་ནང་རང་རིགས་དོན་གཉེར་ཅན་སེར་སྐྱ་ཁྱད་མེད་དང་། དེ་བཞིན་སོག་པོ་དང་། ཀོ་རི་ཡ། ཝི་ཏི་ནམ། ཐའེ་ཝན་སོགས་ཕྱི་རྒྱལ་མི་རིགས་དང་བཅས་པར་དཔལ་ནལེནྡྲའི་མཁས་པའི་བཞེད་གཞུང་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པར་རང་རང་བློ་ཚོད་དང་བསྟུན་པའི་སློབ་གཉེར་བྱ་ཡུལ་གྱི་བསྟི་གནས་དམིགས་བསལ་ཅན་འདིས་གཙུག་ལག་རབ་འབྱམས་པ་དང་། མཐོ་སློབ་རིག་གནས་རབ་འབྱམས་པ། དགེ་རྒན། ལོ་ཙཱ་བ་སོགས་མཐོ་རིམ་ཤེས་ལྡན་གྱི་མི་སྣ་བརྒྱ་ཕྲག་མང་པོ་བསྐྱེད་སྲིང་གིས་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པར་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་ནི་བླ་ན་མེད་པའི་བྱས་རྗེས་ཤིག་ཡིན་པས་ཡི་རང་བསྔགས་བརྗོད་དང་། འདས་གསོན་ཡོངས་ལ་རྗེས་འཛིན་སྨོན་ལམ་ཡོད་ཅེས་གསུངས་འདུག

རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས་གསུང་བཤད་གནང་། པར་བོད་ཀྱི་དུས་བབ། ༢༠༢༣།༡༠།༢༦
རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས། ན་ནིང་རིགས་ལམ་མ་ལག་གཉིས་ཀྱི་ངོས་ནས་ཐུགས་རྗེ་བཀའ་དྲིན་ཆེ་བཞེས་ཀྱི་ཆེད་བརྟན་བཞུགས་ཤིག་བསྟར་འབུལ་ཆོག་པར་ངག་ཐོག་ནས་སྙན་སེང་ཞུས་པ་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ཞལ་བཞེས་གནང་བ་དང་། སྤྱིར་བརྟན་བཞུགས་ཟེར་བ་ནི་གཙོ་བོ་བླ་མའི་བཀའ་གསུང་ཅི་བསྒྲུབ་ཞུ་རྒྱུ་དེ་རེད།  ཁྱེད་ཚོས་ད་ལྟ་བར་དུ་ཧུར་ཐག་འབད་ཐག་བྱེད་ཀྱི་འདུག ངོས་རང་དཔེ་དགའ་བོ་བྱུང་། ཞེས་གསུངས་སོང་། ང་རང་འདིར་ཡོང་ནས་ལོ་ལྔ་ཙམ་མ་གཏོགས་འགྲོ་ཡི་མེད་ཀྱང་། ཁྱེད་རྣམ་པའི་ལོ་ངོ་ ༥༠ ཡི་རིང་ཕྱག་ལས་གནང་བར་༧གོང་ས་མཆོག་ཐུགས་ཧ་ཅང་མཉེས་བོ་བྱུང་བའི་ཚོར་བ་བྱུང་། སྤྱིར་རིགས་ལམ་སློབ་གཉེར་ཁང་བཙུགས་པའི་ཉིན་མོ་ནི་ཕྱི་ལོ་ ༡༩༧༣ ལོའི་ཟླ་ ༧ ཚེས་ ༦ ཉིན་སྟེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན་རེད། ཕྱི་ཟླ་ ༧ བའི་ནང་ཆར་དུས་སྐབས་གནམ་གཤིས་ཡག་པོ་མེད་པས། ཕྱི་ཟླ་ ༡༠ ནང་དུ་དུས་དྲན་སྲུང་གཙི་བྱེད་དགོས་དོན་དེ་འདྲ་ཡིན།  ཞེས་གསུངས་སོང་།

ཡང་ཁོང་གིས། ཕྱི་ལོ་ ༡༩༩༥ ལོར་ས་རཱ་བོད་ཀྱི་སློབ་གཉེར་ཁང་དུ་ཐོག་མར་སློབ་གཉེར་བྱེད་མགོ་ཚུགས་པ་ནས་བཟུང་སློབ་གཉེར་བའི་གྲངས་ ༥༠༠༠ ལྷག་སྐྱེད་སྲིང་བྱས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཏུ་ཞབས་ཕྱི་སྒྲུབ་བཞིན་ཡོད་པ་དང་།  ད་ལྟའི་ཆར་སློབ་གཉེར་ཁང་འདི་རུ་དགེ་ལས་ ༥༠ དང་། སློབ་གཉེར་བ་ ༣༠༠ ལྷག་གིས་སློབ་སྦྱོང་བྱེད་བཞིན་ཡོད་ཅིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། རྒན་དམ་པ་བློ་བཟང་རྒྱ་མཚོ་ལགས་གཉིས་ཀྱི་བཀའ་དྲིན་གྱིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་གཉེར་མཁན་ཞིག་ཡིན་ཚེ། ངེས་པར་དུ་སེམས་སུ་འཇོག་པ་ཞིག་ཡིན་ཞེས་བརྗོད་སོང་།རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་ཟུར་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མདུན་དུ་ཞིང་གཤེགས་དབུ་དགེ་དམ་པ་རྗེ་བཙུན་བློ་བཟང་རྒྱ་མཆོག་གིས་དམ་བཅའ་གསུམ་ཕུལ་ཡོད་པ་རེད། དེ་ནི་སློབ་ཕྲུག་བཞིན་དུ་ཚོགས་ཀྱི་ཕྱི་རོལ་དུ་མི་འགྲོ་བ་དང་། ཁ་ལག་གཅིག་པ་བཟའ་བ། ཕོགས་གཅིག་པ་ལེན་པ་དེ་རེད། ཕོགས་ནི་ཟླ་གཅིག་ལ་སྒོར་མོ་ ༧༥ ཡིན་ཡང་། ང་ཚོར་སྒོར་མོ་ ༡༥ ལག་དངུལ་དུ་གནང་གི་ཡོད་པ་དང་། བཞུགས་སའི་ཁང་པ་གཅིག་ཡོད་ཅིང་། སྐབས་དེར་སྤྱི་བའི་གསང་སྤྱོད་འཁྲུས་ཁང་མ་གཏོགས་མེད། དེ་འདྲའི་སྐུ་ལས་བསྐྱོན་ཏེ་ང་ཚོ་གསོ་སྐྱོང་གནང་ཡོད་ཅེས་བརྗོད་སོང་།

དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་བླང་དོར་བཀའ་སློབ་བསྩལ། པར་བོད་ཀྱི་དུས་བབ། ༢༠༢༣།༡༠།༢༦

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གིས།་ཞིང་གཤེགས་དམ་པ་རྗེ་བཙུན་བློ་བཟང་རྒྱ་མཚོ་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལུང་བསྟན་བཀའ་སློབ་སྙིང་ལ་བཅངས་ཏེ། བཞུགས་སྒར་རིགས་ལམ་སློབ་གཉེེར་ཁང་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གཉིས་བཙུགས་ཐུབ་པ་བྱུང་ཡོད་པ་དང་། མ་འོངས་པར་སློབ་གཉེར་ཁང་འདི་གཉིས་ནས་སློབ་དཔོན་དང་། དགེ་རྒན། ལས་བྱེད་སོགས་ཀྱི་བསླབ་པ་མཐར་ཕྱིན་ཏེ་ས་གནས་གང་དུ་ཕྱིན་ཡང་། གཙོ་ཆེ་ཤོས་ཤེས་ཡོན་གྱི་དམིགས་ཡུལ་མ་ནོར་བ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དེ་རིང་ནི་ཕུན་སུམ་ཚོགས་པའམ་སྐལ་བ་བཟང་བའི་དུས་ཚོད་ཅིག་ཆགས་ཡོད་ཅིང་། དེའང་མི་གཅིག་གི་མཛད་རྗེས་དང་འབྲེལ་བའི་ཐོག་ནས་ལོ་ངོ་ ༥༠ དང་། ལོ་ངོ་ ༢༥ ཡི་དུས་དྲན་སྲུང་གཙི་བྱེད་བཞིན་ཡོད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་དང་འབྲེལ་ཞིང་གཤེགས་དམ་པ་རྗེ་བཙུན་བློ་བཟང་རྒྱ་མཆོག་གི་རྣམ་ཐར་དང་མཛད་རྗེས་སོགས་བཀའ་སློབ་ལམ་སྟོན་དགོངས་པར་འཇོག་དགོས་པ་གལ་ཆེན་ཡིན་པ་ཟད། རིགས་ལམ་སློབ་གཉེར་ཁང་གི་སློབ་ཟུར་རྣམ་པ་འཁོར་ལོ་གསུམ་གྱི་གཟེངས་རྟགས་སོགས་གནང་ཡོད་པར་དགའ་ཚོར་ཆེན་པོ་བྱུང་། ཞེས་སོགས་གསུངས་སོང་།

སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ཞིང་གཤེགས་དམ་པ་མཆོག་གིས་སྐྱ་སེར་གཉིས་ལ་སློབ་གཉེར་བྱེད་ས་འདི་ཐོག་མར་འཛུགས་དུས་གང་ཡང་མེད་ཀྱང་། རྒན་དམ་པོ་མཆོག་གིས་སྐུ་ངལ་མང་པོ་བསྐྱོན་པ་ལ་བརྟེན་ནས་སློབ་གཉེར་བ་མང་པོ་ཞིག་བསླབ་པ་མཐར་སོན་པ་རེད་ལ། ཁོང་གི་དམིགས་ཡུལ་ནང་བཞིན་སློབ་གཉེར་བ་རྣམས་ཀྱིས་སློབ་སྦྱོང་བྱས་པའི་དོན་དག་འགྲུབ་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།
རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

༢༠༢༣/༠༩/༢༧
Deputy Speaker Dolma Tsering Teykhang Attends IPAC Prague Summit 2023
Mobile App

སྤྱི་འཐུས་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ལྷན་ཚོགས་སུ་བོད་དོན་གསུང་བཤད་གནང་།  

༢༠༢༣/༠༩/༠༨
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་ཁེ་ན་ཌའི་
Mobile App

ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་གསར་པར་འཚམས་འདྲི་ཞུས།

༢༠༢༣/༠༧/༢༩
Mobile App

གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིལ་སོང་།

༢༠༢༣/༠༣/༢༥
སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་གཏོང་ནས་བླངས།
Mobile App

ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ལ་རྒྱབ་སྐྱོར་ཐོབ་མ་སོང་།

༢༠༢༣/༠༣/༢༣
བོད་མིའི་སྒྲིག་འཛུགས་ཀྱི་ཐད་གཏོང་དྲ་ངོས་ནས་འདྲ་བཤུས་བྱས།
Mobile App

རྩིས་ལོའི་ནང་སྔོན་རྩིས་འཆར་འབུལ་ཧིན་སྒོར་ས་ཡ་ ༣༠༣༤།༠༡ བཀའ་འཁྲོལ་ཞུས་འདུག

༢༠༢༣/༠༣/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese