མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོ་ལོག་དར་ལག་རྫོང་གི་བོད་མི་བརྒྱད་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༣/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཆོས་ལུགས་བེད་ལོག་དང་རྒྱུ་ནོར་གཡོ་ལེན་བྱས་པའི་ཉེས་མིང་གཡོགས་ཏེ་བོད་མགོ་ལོག་དར་ལག་རྫོང་ཁོངས་ནས་བོད་མི་བརྒྱད་འཛིན་བཟུང་བྱས་ཏེ་བཀག་ཉར་འོག་བཞག་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་མགོ་ལོག་ཁུལ་དར་ལག་རྫོང་ཉེན་རྟོག་ཁང་གིས་ཁུངས་སྣེ་འཚོལ་བསྡུ་བྱེད་པའི་སྐོར་གྱི་བརྡ་ཁྱབ་ཟེར་བ་ཞིག་བསྒྲགས་ཏེ། དར་ལག་རྫོང་གི་བོད་མི་མགོན་རྣམ་དང་། མགོན་ཚེ། འཇིགས་མེད་བསྟན་འཛིན། དཔལ་ལྡན། བློ་ཆོས་རྣམ་རྒྱལ། ནོར་སྡེས། སྐལ་བཟང་བཅས་ཀྱིས་ཆོས་ལུགས་དང་། རྒྱུ་ནོར་གཡོ་ལེན། ཚོ་ཤོག་དབང་ཤུགས་བེད་སྤྱོད་བཏང་ཡོད་ལུགས་བརྗོད་དེ་ཁོང་ཚོ་འཛིན་བཟུང་བྱས་ཡོད་པ་མ་ཟད། ཐེར་འདོན་བྱེད་མཁན་དང་གནས་ཚུལ་གྱི་ཁུངས་སྣེ་མཁོ་འདོན་བྱེད་མཁན་ཡོད་ན་མི་དེའི་སྐོར་གསང་བ་དམ་སྲུང་བྱ་རྒྱུ་ཡིན་ལུགས་བརྗོད་འདུག

འདི་གའི་གསར་འགོད་པར་དེ་འབྲེལ་ཡིག་ཆ་འབྱོར་བའི་ནང་། ཉེ་ཆར་དར་ལག་རྫོང་ཉེན་རྟོག་ལས་ཁུངས་ཀྱིས་མགོན་རྣམ་དང་མགོན་ཚེ་སོགས་ནས་ཟིང་སློང་དང་རྒྱུ་དངོས་གཡོ་ལེན་བྱས་པའི་གྱོད་དོན་ཞིག་རྩད་ཆོད་ཡོད་ཚུལ་དང་། མགོན་རྣམ་སོགས་ཀྱིས་ནམ་རྒྱུན་ཆོས་ལུགས་ཀྱི་མིང་ཐོག་ནས་ཆོས་ལུགས་བེད་སྤྱོད་གཏོང་གི་ཡོད་ལུགས་སོགས་བཤད་འདུག་ཀྱང་། ས་གནས་ཀྱི་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར།  འདས་པའི་ལོ་ཤས་གོང་ནས་མགོ་ལོག་ཁུལ་དུ་ཆོས་ཕྱོགས་ཀྱི་ལས་དོན་གཉེར་བར་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། སྐད་འཕྲིན་སོགས་སུ་མ་ཎི་དུང་སྒྲུབ་དང་ཆོས་ཕྱོགས་བྱེད་སྒོ་སྤེལ་བའི་སྐད་འཕྲིན་ཚོགས་པ་ཁག་ལའང་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པས། སྤྱི་ཚོགས་དྲ་ལམ་ནས་ཆོས་ཕྱོགས་ཀྱི་ལས་ཀ་ག་རེ་བྱས་ནའང་ཁྲིམས་འགལ་དུ་བརྩི་ཡི་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང་།

ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས། དར་ལག་རྫོང་ནས་བོད་མི་དེ་དག་འཛིན་བཟུང་བྱས་ཡོད་པའི་ཡིག་ཆ་ཞིག་མཐོང་བྱུང་། མ་གཞི་དེང་སང་རྒྱ་ནག་གཞུང་གིས་མིག་ལམ་དུ་མི་མཛེས་པ་ཞིག་བྱས་པ་ཡིན་ན། དམག་མི་དང་ཉེན་རྟོག་པ་སོགས་ཀྱིས་ཅིག་ཅིག་འགྲིག་མི་འདུག  ཉིག་ཉིག་འགྲིག་མི་འདུག་ཟེར་ནས་གང་བྱུང་འདྲི་བརྩད་བྱེད་པ་དང་འཛིན་བཟུང་བཀག་ཉར་བྱེད་ཀྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

ཉེ་ལམ་མགོ་ལོག་དར་ལག་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་མི་དེ་དག་ནི་མགོ་ལོག་དར་ལག་རྫོང་རྒྱུ་སྨད་ཡུལ་ཚོ་ནས་ཡིན་ཞིང་། རྒྱ་ནག་གཞུང་གིས་ཁོང་ཅག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་ཙམ་ལས། ད་ལྟ་ཁོང་རྣམས་གང་དུ་ཡོད་མེད་དང་། སྐུ་གཟུགས་ཀྱི་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མི་འདུག  

སྤྱིར་འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་མགོ་ལོག་ཁུལ་གྱི་ས་ཆ་རུ་རྒྱལ་ཁབ་ཀྱི་སློབ་གསོའི་ཤུགས་རྐྱེན་ཟེར་བ་ཡག་པོ་ཐེབས་མེད་ལུགས་བརྗོད་དེ། ཆོས་ཕྱོགས་དང་སྐད་ཡིག་སོགས་ཀྱི་ཐད་ནས་དམ་དྲག་ཤུགས་ཆེན་པོ་བྱེེད་ཀྱི་ཡོད་མ་ཟད། མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ཀྱི་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་དང་། རྨ་ཆེན་རྫོང་ཁོངས་ཀྱི་སློབ་གྲྭ་གསུམ།  དགའ་བདེ་རྫོང་ཁོངས་ཀྱི་སློབ་གྲྭ་གཅིག དེ་བཞིན་གཅིག་སྒྲིལ་རྫོང་ཁོངས་ཀྱི་སློབ་གྲྭ་གཉིས་བཅས་སྒེར་གཉེར་སློབ་གྲྭ་ཁག་བདུན་སྒོ་བརྒྱབ་བཅུག་ནས། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་ཆོས་ལུགས་སོགས་ཀྱི་ཐད་ནས་དམ་དྲག་ཆེན་པོ་བྱེད་མུས་ཡིན་པ་རེད། 

ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༣ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་དྲ་ལམ་གྱི་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་སྟངས་འཛིན་བྱེད་ཕྱོགས་ཟེར་བའི་ནང་འཕྲིན་སྟེགས་དང་ཟིན་བྲིས། སྐད་འཕྲིན་སོགས་སྤྱི་ཚོགས་དྲ་གནས་སོགས་སུ་ཐད་གཏོང་དང་སྒྲ་སྒམ། པར་དང་ཡི་གེ། བརྙན་སོགས་ཀྱི་ཐབས་ལམ་བརྒྱུད་དེ་སྤྱི་ཚོགས་ཁྲོད་ཆོས་ལུགས་རིག་གནས་དང་ཆོས་ལུགས་བྱེད་སྒོའི་རིགས་སོགས་སྤེལ་དགོས་ན་ངེས་པར་དུ་དྲ་ལམ་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་ཁང་ནས་ཆོག་མཆན་དགོས་པ་མ་ཟད། ཆོས་ལུགས་བྱེད་སྒོ་སྤེལ་མཁན་གྱི་སྐུ་ཚབ་བམ་ཡང་ན་གཙོ་གཉེར་བ་རྒྱ་ནག་ནང་ལོགས་སུ་གནས་སྡོད་བྱེད་མཁན་དང་ཐོབ་ཐང་ལག་ཁྱེར་ཡོད་པ། ཆོས་ལུགས་ཁྲིམས་ཡིག་ཁག་ལ་རྒྱུས་མངའ་ཡོད་པ། ཉུང་མཐར་འདས་པའི་ལོ་ ༣ ནང་ཁྲིམས་འགལ་གྱི་ནག་ཉེས་མེད་པ་དང་། ཆོས་ལུགས་ཁྲིམས་སྒྲིག་ལ་འགལ་བ་མ་ཡིན་པ་སོགས་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་རེད། དེ་བཞིན་ཆོག་མཆན་ཡི་གེ་དེ་ལོ་གསུམ་རེ་ནས་བསྐྱར་ཞིབ་བརྒྱུད་གསར་བཟོ་དགོས་པ་དང་། ཆོག་མཆན་ཐོབ་ཐང་བེད་སྤྱོད་དེ་དངུལ་དངོས་བསྡུ་མི་ཆོག་པ་དང་། ཆོས་ལུགས་ཀྱི་སློབ་གླིང་དང་ཆོས་ལུགས་ཚོགས་པ། ཆོས་ལུགས་ཀྱི་བྱེད་སྒོའི་རིགས་སྤེལ་མི་ཆོག་པ་བཅས་དོན་ཚན་ཆེན་པོ་ལྔ་ཡོད་པའི་བཀག་སྡོམ་ཁྲིམས་ཡིག་ཅིག་དངོས་སུ་ལག་བསྟར་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཁུལ་གྱི་བྱིས་པ་ས་ཡ་གཅིག་ཙམ་རྒྱ་ནག་གི་བཅའ་སྡོད་སློབ་གྲྭར་བཅུག བོད་ཀྱི་དུས་བབ་ཀྱི་པར།
Mobile App

བོད་དཀར་མཛེས་ཁོངས་སུ་བོད་ཀྱི་སྐད་ཡིག་གི་སློབ་ཁྲིད་མེད་པ་བཟོས།

༢༠༢༣/༡༠/༡༡
བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས།
Mobile App

བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པར་གློ་བུར་དུ་རུབ་རྡུང་བྱས་འདུག

༢༠༢༣/༠༨/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese