མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སོག་ལས་ཁུངས་ཀྱི་ལས་བྱེད་སོགས་ནས་རྒྱ་ཕོགས་ཟ་ཡི་ཡོད་པའི་གནས་ཚུལ་ཐོན།

བོད་ཀྱི་དུས་བབ།
༢༠༢༣/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་བོད་སོག་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན་ཞིག་གིས་བོད་རང་བཙན་དང་འབྲེལ་བོད་མི་རྣམས་ཀྱི་གནས་ཚུལ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་འདུག

Five staff members of the Mongolian and Tibetan Cultural Center were prosecuted under the National Security Law for investigating Tibetan intelligence for China
2023/10/24 15:12(Updated at 10/25 15:42)
Photo: MTCC

ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་ས་གནས་རྟོག་ཞིབ་ཁང་གིས། ཐའེ་ཝན་དུ་ཡོད་པའི་བོད་སོག་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཛིན་ཞིག་དང་གཞན་རྒྱ་རིགས་ལྔ་ཡིས། བོད་རང་བཙན་དང་བོད་མི་རྣམས་ཀྱི་གནས་ཚུལ་རྒྱ་ནག་དམར་ཤོག་ཚོགས་པར་རྩིས་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད། ཐའེ་ཝན་གྱི་ནང་སྲིད་ལའང་ལྐོག་ནས་སིམ་འཛུལ་བྱེད་བཞིན་ཡོད་སྟབས། ད་ལྟ་འབྲེལ་ཡོད་མི་དེ་དག་ཐའེ་ཝན་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ཉེས་ཅན་ཡིན་པ་དང་། ཁོ་ཚོའི་ནང་ནས་ཧྥང་ཤན་ཟེར་བ་ཞིག་འཛིན་བཟུང་བྱེད་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

དེ་འབྲེལ་ཐའེ་ཝན་རྒྱལ་ཡོངས་སུ་གྲགས་པའི་དབུས་གསར་ཁང་ (CNA) གི་གནས་ཚུལ་ནང་། ཐའེ་ཝན་གྱི་རྒྱ་རིགས་ཧྥང་ཤཱང་ (方翔)དང་རེན་ཇོའུ་(冉菊)ཟེར་བའི་བཟའ་ཚང་གཉིས་ཀྱིས། རྒྱ་ནག་ནང་ཚོང་ལས་ཉར་བཞིན་པའི་སྟབས་དང་བསྟུན། ཐའེ་ཝན་ནང་གསང་བའི་ཚོགས་པ་རྩ་འཛུགས་བྱས་ཏེ། ཐའེ་ཝན་རང་བཙན་དང་འབྲེལ་ཐའེ་ཝན་གྱི་ནང་སྲིད་ལ་ཐེ་གཏོགས། དེ་བཞིན། བོད་རང་བཙན་དང་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་སོགས་ལ་གསང་ཉུལ་བྱེད་བཞིན་ཡོད་པ་དང་། གསང་བའི་ཚོགས་པ་དེའི་ཁོངས་སུ་ཧྥང་ཤཱང་ (方翔)དང་རེན་ཇོའུ་(冉菊) བཟའ་ཚང་གཉིས་ཀྱི་གཙོས་ཐའེ་ཝན་སྐམ་ས་ཆེན་པོ་དང་རིག་གཞུང་ལྷན་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་བོད་སོག་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན་ཁྲན་ཏུ་མན་(陈德门) དང་དིན་ཀྲའོ་ཆའོ་(丁肇宠)།  ཐའོ་ཐེ་པོ་ (陶台宝) བཅས་ཡོད་འདུག

ཡང་གནས་ཚུལ་ནང་། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ ནང་ཧྥང་ཤཱང་གིས་བོད་སོག་ལས་ཁུངས་ཀྱི་སྡེ་ཚན་གྱི་འགན་འཛིན་ཁྲན་ཏུ་མན་(陈德门) ཟེར་བར་འགྲོ་གྲོན་ཆ་ཚང་བཏང་ནས་རྒྱ་ནག་ཧེ་ནཱན་ཞིང་ཆེན་དུ་འབོད་འགུག་གིས། ཧེ་ནཱན་ཞིང་ཆེན་གྱི་རྒྱལ་སྲུང་བློན་ཆེན་ལས་ཁུངས་ཀྱི་འགན་འཛིན་ཧའོ་ཀྲིན་ (侯政) དང་ཐུག་འཕྲད་བྱེད་དུ་བཅུག་ཡོད་ཅིང་། སྐབས་དེར་ཧྥང་ཤཱང་གིས་ཁྲན་ཏུ་མན་ལ་སྒྲ་འཇུག་འཕྲུལ་ཆས་ཤིག་སྤྲད་དེ། རྗེས་ཕྱོགས་བོད་རང་བཙན་དང་བོད་སོག་ལས་ཁུངས་དང་འབྲེལ། བོད་མི་ཐའེ་ཝན་དུ་ཡོང་བཞིན་པ་རྣམས་ཀྱི་གནས་ཚུལ་ཚང་མ་སྒྲ་འཇུག་བྱས་ཏེ་ཧྥང་ཤཱང་རང་ཉིད་ལ་སྤྲོད་དགོས་པའི་བཀོད་མངགས་བྱས་ཡོད་སྐོར་བརྗོད་འདུག

ལོ་དེའི་ཕྱི་ཟླ་ ༡༢ ནང་ཧྥང་ཤཱན་གྱི་བཀོད་མངགས་ལྟར། ཁྲན་ཏུ་མན་གྱིས་ཐའེ་ཝན་བོད་སོག་ལས་ཁུངས་ཀྱི་འབྲེལ་ཡོད་སློབ་སྟོན་མི་སྣར་ཐའེ་ཝན་བོད་སོག་ལས་ཁུངས་དང་འབྲེལ། ཐའེ་ཝན་ནང་ཡོང་བཞིན་པའི་བོད་མི་རྣམས་དང་བོད་རང་བཙན་དང་འབྲེལ་བའི་སྐོར་ལ་སྐད་ཆ་དྲིས་ཡོད་པ་མ་ཟད། ཁྲན་ཏུ་མན་གྱིས་སྐད་འཕྲིན་བརྒྱུད་སྐབས་དེའི་གནས་ཚུལ་རྣམས་རྒྱ་ནག་ཏུ་ཡོད་པའི་ཚོང་པ་ཧྥང་ཤཱན་ལ་བསྐུར་ཡོད་འདུག

ཐའེ་པེ་གྲོང་ཁྱེར་གྱི་ས་གནས་རྟོག་ཞིབ་ཁང་གིས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། ཧྥང་ཤཱང་དང་རེན་ཇོའུ་བཟའ་ཚང་གཉིས་ནས། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་ཧེ་ནཱན་ཞིང་ཆེན་གྱི་རྒྱལ་སྲུང་བློན་ཆེན་ལས་ཁུངས་ཀྱི་འགན་འཛིན་ཧའོ་ཀྲིན་ (侯政) དང་ཐུག་འཕྲད་བྱས་ཏེ། ཧྥང་ཤཱང་གིས་ཧའོ་ཀྲིན་གྱི་གསང་ཉུལ་ལས་ཚབ་བྱ་རྒྱུ་ཁས་ལེན་བྱས་པ་མ་ཟད། དིན་ཀྲའོ་ཆའོ་(丁肇宠) ཟེར་བ་ཞིག་ཀྱང་ཧའོ་ཀྲིན་ལ་ངོ་སྤྲོད་བྱས་རྗེས། ཧྥང་ཤཱང་དང་དིན་ཀྲའོ་ཆའོ་གཉིས་ཕྱིར་ཐའེ་ཝན་དུ་ལོག་སྟེ་གསང་བའི་ལས་མི་གཞན་འཚོལ་བསྡུ་བྱས་ཡོད་པ་རེད།

ཐའེ་ཝན་རང་བཙན་དང་ནང་སྲིད་དང་འབྲེལ་ནས། ཧྥང་ཤཱང་དང་དིན་ཀྲའོ་ཆའོ་གཉིས་ཀྱིས། ཐའེ་ཝན་རང་བཙན་གྱི་རྒྱབ་ལྗོངས་ལྡན་པའི་ཀོ་ནན་(高男) ཟེར་བའི་མི་ཞིག་དང་འབྲེལ་ལམ་བཙུགས་ཏེ། ཀོ་ནན་རྒྱ་ནག་ཏུ་འཁྲིད་ནས་ཧེ་ནཱན་ཞིང་ཆེན་གྱི་རྒྱལ་སྲུང་བློན་ཆེན་ལས་ཁུངས་ཀྱི་འགན་འཛིན་ཧའོ་ཀྲིན་དང་ཐུག་ཏུ་བཅུག་ཡོད་པ་མ་ཟད། ཧའོ་ཀྲིན་གྱིས་ཀོ་ནན་ལ་ཐའེ་ཝན་གྱི་ཐའེ་ནན་གྲོང་ཁྱེར་སྤྱི་ཁྱབ་དང་ཁྲིམས་བཟོ་བའི་ལས་དོན་སྐོར་ལ་དྲི་བ་དྲིས་ཡོད་པ་དང་། སྐབས་དེར་ཧའོ་ཀྲིན་གྱིས་ཀོ་ནན་ལ་ཨ་སྒོར་ ༢༠༠༠ སྤྲད་ཡོད་པ་མ་ཟད། ཧྥང་ཤཱང་གིས་ཀོ་ནན་ནས་ཐའེ་ཝན་ནང་ལས་ཁུངས་ཤིག་འཛུགས་པར་མ་དངུལ་གྱི་རོགས་སྐྱོར་བྱ་རྒྱུའི་ཁར། ཐའེ་ཝན་གྱི་མཉམ་འབྲེལ་མཐུན་ཚོགས་ (扁联会) གྱི་སློབ་སྟོན་མི་སྣའི་འོས་ཁོངས་སུ་ཞུགས་པའི་སྐུལ་མ་བཏོན་ཡོད་ཅིང་། དེ་དང་འབྲེལ་ནས་ཀོ་ནན་ནས་ཐའེ་ཝན་རང་བཙན་གྱི་ལས་འགུལ་སྐོར་རྒྱུས་ལོན་བྱ་རྒྱུ་དང་མ་འོངས་པར་ཨ་སྒོར་སྟོང་ཕྲག་མང་པོ་སྤྲོད་རྒྱུའི་གོ་སྒྲིག་ཡོད་སྐོར་སོགས་བརྗོད་ཡོད་འདུག

བོད་སོག་ལས་ཁུངས་སྒོ་རྒྱག་དགོས་པའི་བསམ་ཚུལ་དེ་ཕྱི་ལོ་ ༢༠༡༠ ལོར་ཐའེ་ཝན་གྲོས་ཚོགས་ནང་གླེང་སློང་བྱས་ཏེ། ཕྱི་ལོ་ ༢༠༡༢ ལོར་དངོས་སུ་སྒོ་བརྒྱག་རྒྱུའི་གཏན་འཁེལ་བྱུང་ཡོད་ཀྱང་། བོད་སོག་ལས་ཁུངས་སྒོ་རྒྱག་པར་ཕྱི་ལོ་ ༡༩༢༧ ལོར་གཏན་འབེབས་བྱས་པའི་ཐའེ་ཝན་གྱི་རྩ་ཁྲིམས་ལ་འགྱུར་བ་གཏོང་དགོས་འཁེལ་གྱི་ཡོད་པ་དང་། ཐའེ་ཝན་གྱི་རྩ་ཁྲིམས་ལ་འགྱུར་བ་གཏོང་ཁག་པོ་ཆགས་ཡོད་སྟབས། བོད་སོག་ལས་ཁུངས་སྒོ་རྒྱག་མ་ཐུབ་པར་ལྷག་ཡོད་འདུག ད་ལྟ་ཐའེ་ཝན་དུ་ཡོད་པའི་བོད་སོག་ལས་ཁུངས་དེ་ཐའེ་ཝན་གྱི་རྩ་ཁྲིམས་ནང་དུ་གསལ་ཡོད་ནའང་། ཕྱི་ལོ་ ༢༠༡༧ ལོར་དོན་དངོས་ཀྱི་ཐོག་ནས་དངོས་སུ་སྒོ་བརྒྱབ་ཡོད་པ་དང་། ད་ལྟ་བོད་སོག་ལས་ཁུངས་དེ་ཐའེ་ཝན་གྱི་རིག་གཞུང་བློན་ཆེན་ལས་ཁུངས་དང་རྒྱ་ནག་ཐོག་སྲིད་ཇུས་གཏན་འབེབས་ལག་བསྟར་བྱེད་མཁན་གྱི་སྐམ་ས་ཆེན་པོའི་ལས་ཁུངས་ཟེར་བ་གཉིས་ཀྱི་འོག་ཏུ་ཡོད་ཅིང་། བོད་སོག་ལས་ཁུངས་སུ་ཁྱོན་ལས་བྱེད་ ༥༣ ཡོད་པ་ཚང་མ་ལྷན་ཁང་དེ་གཉིས་ཀྱི་ནང་དུ་ཟླ་སྒྲིལ་བཏང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese