མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༣༠ ལོར་རྒྱ་གར་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་གསུམ་པར་འགྱུར་རྒྱུའི་ཚོད་དཔག་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ཆར་རྒྱ་གར་གྱི་དཔལ་འབྱོར་ནི་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་ལྔ་པར་གྱུར་ཡོད་པ་དང་། འབྱུང་འགྱུར་ཕྱི་ལོ་ ༢༠༣༠ ལོའི་བར་དུ་ཉི་ཧོང་ལས་བརྒལ་ནས་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་གསུམ་པར་འགྱུར་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག

India’s nominal GDP measured in USD terms is forecast to rise from $3.5 trillion in 2022 to $7.3 trillion by 2030

ཉེ་ལམ་རྒྱལ་སྤྱིའི་དངུལ་སྒོར་ཐེབས་རྩ་ (International Monetary Fund) ཡིས་འཛམ་གླིང་གི་དཔལ་འབྱོར་སྤྱིའི་བཀོད་པ་ (World Economic Outlook) དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་པའི་ནང་། ཉེ་བའི་ལོ་ཤས་ནང་རྒྱ་གར་གྱི་ཚོང་ཟོག་དང་དཔལ་འབྱོར་གྱི་གནས་སྟངས་ཧ་ཅང་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས། རྒྱ་གར་གྱི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་ (GDP) བརྒྱ་ཆ་ ༦།༡ ནས་བརྒྱ་ཆ་ ༦།༣ ལ་འཕར་ཡོད་སྟབས། ཕྱི་ལོ་ ༢༠༢༣ དང་ ༢༠༢༤ ལོའི་ནང་རྒྱ་གར་ནི་འཛམ་གླིང་ནང་གི་དཔལ་འབྱོར་ཡར་རྒྱས་མགྱོགས་ཤོས་འགྲོ་མཁན་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༤ ལོའི་ནང་དུའང་མུ་མཐུད་ཡར་རྒྱས་གང་མགྱོགས་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་གར་གྱི་དཔལ་འབྱོར་ལྷན་ཁང་གིས། རྒྱ་གར་གྱི་གཞི་རྩའི་དངོས་ཟོག་གི་རིན་གོང་འཕར་ཆ་མེད་པར་བརྟན་པོ་ཡོད་པའི་རྐྱེན་གྱིས། རྒྱ་གར་དེ་ཕྱི་ལོ་ ༢༠༢༣ དང་ ༢༠༢༤ ནང་འཛམ་གླིང་ནང་གི་དཔལ་འབྱོར་གོང་འཕེལ་མགྱོགས་ཤོས་འགྲོ་མཁན་དུ་གནས་ཀྱི་རེད། ཅེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཨ་རིའི་རྒྱལ་ས་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་གོ་ལ་སྤྱི་ཡོངས་ཀྱི་ཐོན་ཟོག་དཔྱད་ཞིབ་ཁང་ (S & P Global) གིས་དེ་འབྲེལ་བསམ་ཚུལ་རྩོམ་ཡིག་ཅིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༢༡ དང་ ༢༠༢༢ ནང་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་པ་དང་། འདི་ལོར་རྒྱ་གར་གྱི་དཔལ་འབྱོར་ནི་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་རིམ་ལྔ་པར་མུ་མཐུད་དུ་རྒྱུན་གནས་ཐུབ་པ་མ་ཟད། འདས་ལོར་རྒྱ་གར་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ (trillion) ༣།༥ ཡིན་པ་དང་། འབྱུང་འགྱུར་ཕྱི་ལོ་ ༢༠༣༠ ལོའི་བར་དུ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༣།༥ ནས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ (trillion) ༧།༣ ལ་འཕར་རྒྱུ་ཡིན་པ་སོགས་རིམ་གྱིས་རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་ལ་ཡར་རྒྱས་ཤུགས་ཆེན་ཕྱིན་ཏེ། ཉི་ཧོང་དང་འཇར་མན་ལས་ཀྱང་བརྒལ་ཏེ་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པ་དང་། འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་གསུམ་པར་འགྱུར་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག

ཕྱི་ལོ་ ༡༩༩༠ ནང་ཙམ་ནས་རྒྱ་གར་གྱིས་དཔལ་འབྱོར་གྱི་སྒྲོམ་གཞིར་ལེགས་བཅོས་བྱས་ཏེ། བཟོ་གྲྭ་ཁག་ལ་གཞུང་གི་སྟངས་འཛིན་ཉུང་དུ་བཏང་བ་དང་། རྒྱ་གར་ནང་རྒྱལ་ཁབ་གཞན་གྱི་ཚོང་ལས་དང་མ་འཛུགས་ཐོག་སྲིད་བྱུས་གུ་ཡངས་སུ་བཏང་བ། གཞུང་གཉེར་ཚོང་ལས་ཁག་སྒེར་གཉེར་ཚོང་ལས་སུ་བསྒྱུར་ཡོད་པར་བརྟེན། རྒྱ་གར་ནི་འཛམ་གླིང་ནང་གི་དཔལ་འབྱོར་ཡར་རྒྱས་མགྱོགས་ཤོས་གྲས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་འདུག

རྒྱལ་སྤྱིའི་དངུལ་སྒོར་ཐེབས་རྩའི་སྙན་ཐོ་ལྟར་ན། འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་དང་པོ་ནི་ཨ་རི་དང་དེའི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༢༥།༠༣༥ དང་། གཉིས་པ་རྒྱ་ནག་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༡༨།༣༢༡ ། གསུམ་པ་ཉི་ཧོང་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༤།༣༠༡། བཞི་པ་འཇར་མན་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༤།༠༣༡། ལྔ་པ་རྒྱ་གར་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༣།༤༦༩ དྲུག་པ་དབྱིན་ཡུལ་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༣།༡༩༩། བདུན་པ་ཧྥ་རན་སི་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༢།༧༧༨ བརྒྱད་པ་ཁེ་ན་ཌ་ལ་ཨ་སྒོར་ཁྲག་ཁྲག་ཆེན་མོ་ ༢།༢ དགུ་པ་ཨུ་རུ་སུ་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༢།༡༡༣ བཅུ་པ་ཨི་ཊ་ལི་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༡།༩༩ བཅས་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese