མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་བྱ་རྒྱུ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༢༣/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རྒྱའི་མགོ་ཁྲིད་ཐུག་འཕྲད་སྐབས་བོད་དོན་གླེང་སློང་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

US President Joe Biden and China’s President Xi Jinping meet Bali on 14 November 2022. Photograph: Saul Loeb/AFP/Getty Images

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༧ བར་ཉིན་གྲངས་བདུན་རིང་ཨ་རིའི་གྲོང་ཁྱེར་སན་ཧྥ་རན་སི་སི་ཀོ་ (San Francisco) རུ་འཚོག་འཆར་ཡོད་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་གླེང་སྟེགས་ཀྱི་ཚོགས་འདུའི་ (Asia Pacific Economic Cooperation Forum) ཟུར་དུ། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གཉིས་ཐུག་འཕྲད་བྱ་འཆར་ཡོད་པ་དང་། ད་ལྟ་ཨ་རིའི་ངོས་ནས་མགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་ལ་གྲ་སྒྲིག་བྱེད་བཞིན་ཡོད་འདུག

ཨ་རྒྱའི་མགོ་ཁྲིད་གཉིས་ཐུག་འཕྲད་བྱ་འཆར་ཡོད་པ་དང་འབྲེལ། ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཕྱི་ཟླ་ ༡༡ ནང་ཨ་རྒྱའི་མགོ་ཁྲིད་གཉིས་ཐུག་འཕྲད་བྱས་ཚེ། ཨ་རིའི་སྲིད་འཛིན་བྷའེ་ཌན་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་བོད་ཀྱི་གནད་དོན་ཡོངས་གྲགས་ཐོག་ནས་གླེང་སློང་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

དེ་འབྲེལ་ཁ་སང་ཕྱི་ཚེས་ ༡ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་འབྲེལ་མཐུད་པའི་དྲུང་ཆེ་ཀེ་རིན་ (Karine Jean-Peirre) ལགས་ཀྱིས། ཨ་རྒྱའི་མགོ་ཁྲིད་གཉིས་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་བར་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག་པ་དང་། ཐེངས་འདིར་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་གྱི་ཐུག་འཕྲད་དེ་ནི། ཉེ་ཆར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀེན་མཆོག་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་གཉིས་ཐུག་འཕྲད་སྐབས། གྲོས་མོལ་བྱས་པར་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། ད་ལྟ་རྒྱ་ནག་ཕྱོགས་ནས་ཞི་ཅིན་ཕིན་ཨ་རིར་འགྲོ་རྒྱུ་ཡིན་མིན་སོགས་ཀྱི་ལན་འདེབས་ཁ་གསལ་གང་ཡང་བྱས་མེད་པ་རེད།

ཉེ་ལམ་ཨ་རིའི་ཕོ་བྲང་དཀར་པོ་རུ་སྲིད་འཛིན་བྷའེ་ཌིན་མཆོག་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་གཉིས་ཐུག་འཕྲད་ཀྱིས་ཆུ་ཚོད་ ༡ རིང་། ཡུ་ཁུ་རེན་དང་ཨི་ཛི་རེལ་ནང་འབྱུང་བཞིན་པའི་ཛ་དྲག་གི་གནས་སྟངས་སོགས་ཀྱི་ཐོག་ལ་གླེང་མོལ་བྱས་ཡོད་ཅིང་། སྐབས་དེར་ཨ་རིའི་སྲིད་འཛིན་བྷའེ་ཌན་གྱིས། ཨ་རྒྱ་གཉིས་ཀྱི་བར་བྱུང་དང་འབྱུང་བཞིན་པའི་དཀའ་རྙོག་གླེང་སློང་བྱས་ཏེ་སེལ་ཐབས་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་མུ་མཐུད་རྒྱུན་གནས་དགོས་པ་མ་ཟད། གོ་ལ་ཡོངས་ཀྱི་དཀའ་རྙོག་སེལ་ཐབས་སུ་ཨ་རྒྱ་གཉིས་མཉམ་རུབ་ཀྱིས་ལས་ཀ་ངེས་པར་དུ་བྱེད་དགོས་ཀྱི་ཡོད་པ་སོགས་ནན་བརྗོད་གནང་འདུག

འདས་ལོའི་ཕྱི་ཟླ་ ༡༡ ནང་ཨིན་ཌོ་ནེ་ཤི་ཡཱ་ (Indonesia) ཡི་ཞིང་ཆེན་བྷ་ལི་ (Bali) རུ་ཨ་རི་དང་རྒྱ་ནག་ཚུད་པའི་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ལྷན་ཚོགས་ཐེངས་ ༡༧ པའི་ཐོག་ཨ་རྒྱའི་སྲིད་འཛིན་གཉིས་དངོས་སུ་ཐུག་འཕྲད་བྱས་ཏེ་ཆུ་ཚོད་གསུམ་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་སྐོར་ལ་གླེང་སློང་བྱས་ཡོད་ཀྱང་། ད་ལྟའི་ཆར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཕྱིན་མེད་པ་མ་ཟད། མུ་མཐུད་ཚོང་འབྲེལ་དང་འཕྲུལ་རིག་རྐུ་འཁྱེར། དྲ་ལམ་འཇབ་རྒོལ། ལྷོ་རྒྱ་ནག་རྒྱ་མཚོ་དང་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་སོགས་ཀྱི་གནད་དོན་ཐད་ལ་འགལ་ཟླ་དང་གདོང་ཐུག་འབྱུང་མུས་ཡིན་ཞིང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༥ ནས་ ༦ བར་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱལ་སྲིད་བློན་ཆེན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕྱིན་ནས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་ཕྱི་འབྲེལ་མི་སྣ་སོགས་སུ་ཐུག་འཕྲད་གནང་འཆར་བྱས་ཡོད་ཀྱང་། ཟླ་དེའི་ཕྱི་ཚེས་ ༢ ཉིན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་རྒྱ་ནག་གཞུང་གི་མྱུལ་ཞིབ་ལྒང་ཕུག་ (surveillance balloon) ཅིག་ཨ་རིའི་མཁའ་ཁུལ་དུ་ཆེད་གཏོང་གིས་གསང་བའི་ལྟ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་བསྒྲགས་རྗེས། གཞུང་འབྲེལ་ཕྱོགས་སྐྱོད་དེ་གློ་བུར་དུ་ཕྱིར་འགྱངས་གནང་ཡོད་ཀྱང་། འདི་ལོའི་ཕྱི་ཟླ ༦ ཚེས་ ༡༩ ཉིན་ཕྱི་འབྲེལ་བློན་ཆེན་མཆོག་གིས་རྒྱ་ནག་དམར་ཤོག་གཞུང་གི་མགོ་ཁྲིད་ཞི་ཅིན་ཕིང་དང་ཕྱི་འབྲེལ་བློན་ཆེན་ཆིན་ཀང་གི་གཙོས་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།
རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གཞུང་གིས་བོད་ཀྱི་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཟེར་བའི་བསམ་བློ་སྤེལ་ཆེད་རྒྱ་ནག་ཏུ་ལྟ་སྐོར་ཁྲིད།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཉིན་གསུམ་རིང་གི་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༩ བ་དབུ་འཛུགས་གནང་།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

༢༠༢༥/༡༠/༡༣
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་མཱ་རི་ཡ་ལགས་སུ་འཚམས་འདྲི་མཛད།

༢༠༢༥/༡༠/༡༣
ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

༢༠༢༥/༡༠/༡༣
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese