མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་གཞི་དབུ་འབྱེད་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༣/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་སྐད་ཡིག་ཉར་ཚགས་དང་བཀོལ་སྤྱོད་ཚད་ལྡན་ཞིག་ཡོང་བར་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་བ་ཞིག་སྒོ་ཕྱེ་བའི་རེ་བ་བྱེད་བཞིན་ཡོད་སྐོར་སོགས་གསུངས་སོང་།

རིག་གཞུང་སྲུང་སྐྱོབ་ལས་གཞིའི་འབྲེལ་ཡོད་ལས་བྱེད་རྣམས། དུས་བབ་ཀྱི་པར། ༢༠༢༣།༡༡།༠༣

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ། ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་གཞི་ཞིག་དབུ་འབྱེད་གནང་སོང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས། ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་དོ་དམ་པ་རྒན་པ་པུ་ནམ་སི་མི་ཐི་ཤི་རིན་(Poonam smith Sreen) ལགས། ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། ཝཊ་ཊ་ན་མིས་བཟོས་རིག་ནུས་ཚོགས་པའི་ལས་བྱེད་བཅས་མཉམ་འཛོམས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཆོས་རིག་ལས་ཁུངས་དང་ཨ་རིའི་རོགས་ཚོགས་གཉིས་ཟུང་འབྲེལ་ཐོག་རིགས་རྫས་སྲུང་སྐྱོབ་ཀྱི་ལས་གཞི་གསར་བ་དབུ་འབྱེད་གནང་གི་ཡོད། དེ་རིང་ཞོགས་པར་ལས་གཞི་འདི་ལམ་ལྷོང་ཡོང་བར་༧གོང་ས་མཆོག་ལ་ཐུགས་སྨོན་ཞུ་བའི་གོ་སྐབས་བྱུང་། ལས་གཞི་འདི་ནི་རྒྱ་ཆེན་པོ་དང་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ལས་གཞི་འདིའི་དངུལ་གྱི་འགྲོ་གྲོན་དེ་དག་ཨ་རིའི་རོགས་ཚོགས་ནས་ཡོང་གི་ཡོད་ཅིང་། ལོ་གསུམ་གྱི་ལས་གཞི་འདིའི་འགྲོ་གྲོན་དེ་ལོ་རེར་ཨ་སྒོར་ས་ཡ་གཉིས་རེ་གཏོང་གི་ཡོད། ལས་གཞི་འདིར་འཆར་གཞི་གཉིས་ཡོད་ལ། གཅིག་ནི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་དཔེ་ཆ་རྙིང་པ་དང་། རྫས་རྙིང་པའི་བདག་དབང་ཡོད་པ་རྣམས་གྲངས་འཛིན་གྱི་ངོ་བོ་ཐོག་ཉར་ཚགས་བྱ་རྒྱུ་ཡིན་པ་མ་ཟད། རྒྱལ་སྤྱིའི་ཁྱོན་ཡོངས་ནས་བེད་སྤྱོད་ཚད་ལྡན་བྱེད་ཐབས་བྱ་རྒྱུ་ཡིན། ལྷག་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཞིར་བཞག་པའི་ཐོག་ཏུ། དེང་དུས་ཀྱི་འཕྲུལ་རིགས་ཡར་རྒྱས་དང་མཐུན་པར་མ་འོངས་བའི་ལོ་ཉི་ཤུ་ཙམ་གྱི་འགྱུར་བའི་རྗེས་སུ་ཟིན་ཐུབ་པའི་ལས་ཀ་བྱེད་སྟངས་ཤིག་རེད། ལས་གཞི་འདིའི་འགྲོ་གྲོན་ལོ་རེ་ཨ་སྒོར་ས་ཡ་གཉིས་གཏོང་གི་ཡོད་པ་དང་། དེའི་ནང་ནས་ས་ཡ་གཅིག་དང་ཕྱེད་ཀ་ཨ་རིའི་རོགས་ཚོགས་ཀྱིས་གསལ་བསྒྲགས་བྱས་ཏེ་ཐད་ཀར་གནང་བ་ཞིག་ཡིན་པས། དེའི་སྐོར་བོད་མིའི་སྒྲིག་འཛུགས་ལ་ཐེ་ཇུས་ཡོད་པ་མ་རེད། ལྷག་མའི་ལོ་རེའི་འགྲོ་གྲོན་ཨ་སྒོར་འབུམ་ལྔ་དེ་ཆོས་རིག་ལས་ཁུངས་འོག་གི་དཔེ་ཆ་རྙིང་པའི་བདག་དབང་ཡོད་པའི་དཔེ་མཛོད་ཁང་དང་། དགའ་ལྡན་ཕོ་བྲང་གི་ཡིག་ཆ་གལ་གནད་ཡོད་པ་སོགས་སྡིངས་ཆ་གཅིག་ཏུ་སྤུངས་ཐུབ་པ་དང་། མ་འོངས་བར་བཀོལ་སྤྱོད་ཚད་ལྡན་བྱེད་པར་དམིགས་ཀྱི་ཡོད། དེ་ཡང་ལོ་རྒྱུས་དང་ལྡན་པ་ཞིག་ཆགས་ཀྱི་རེད་ཟེར་དོན་ཡང་། ཨ་རིའི་རོགས་དངུལ་བརྒྱུད་དེ་དོ་དགོང་དགེ་བཤེས་སྨོན་ལམ་ལགས་ཀྱི་ལས་གཞི་ཞིག་དབུ་འབྱེད་གནང་གི་ཡོད། ལས་གཞི་དེའང་གལ་ཆེན་པོ་ཆགས་ཡོད། ལས་གཞི་གཉིས་ཀྱི་དུས་ཚོད་ཡག་པོ་ཞིག་ཏུ་འཁེལ་ཡོད། ལས་གཞི་གཉིས་ཀྱི་ཐུན་མོང་ཐོག་གཙོ་བོ་སངས་རྒྱས་ཀྱི་བསྟན་པ་གནས་ཐུབ་པ་དང་། ཡང་སྒོས་༧གོང་ས་མཆོག་གི་དབུས་བསྟན་བདག་བླ་ཆེན་རྣམ་པའི་ཆོས་ཕྱོགས་ཀྱི་མཛད་པ་རྣམས་མ་འོངས་བར་རིག་ནུས་ལྡན་པར་བེད་སྤྱོད་ཚད་ལྡན་ཞིག་ཡོང་བར་དམིགས་ཀྱི་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་དངོས་སུ་ལག་ལེན་བྱེད་པར་ཁག་པོ་ཆགས་བསྡད་ཡོད་པས། ལས་གཞི་འདི་འཕྲུལ་རིགས་དང་འབྲེལ་བ་ཡོད་པའི་ཝཊ་ཝ་ན་ཚོགས་པར་སྤྲད་ཡོད། ཆོས་རིག་ལས་ཁུངས་ཀྱི་སྟངས་འཛིན་འོག་ལས་གཞི་བང་རིམ་སྒྲིག་སྐབས། ཝཊ་ཝ་ནའི་རོགས་དངུལ་གྱི་ནང་ནས་མེད་ཐབས་མེད་པའི་ལས་ཀ་ཞིག་དགེ་བཤེས་སྨོན་ལམ་ལགས་ལ་སྤྲད་ཡོད་ལ། ཁོང་གཉིས་ཀྱི་མཉམ་རུབ་ལས་ཀ་ནུས་པ་ལྡན་པ་ཞིག་ཡོང་བར་རེ་བ་ཆེན་པོ་རྒྱག་བཞིན་ཡོད། ལས་གཞི་གཉིས་ཀྱི་ལས་ཀ་བྱེད་མཁན་མི་འདྲ་བ་མ་གཏོགས། མཐའ་མའི་གྲུབ་འབྲས་གཅིག་ཆགས་ཀྱི་ཡོད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་གཉིས་དེ་འདས་ལོའི་ཕྱི་ཟླ་བཅུ་གཉིས་བའི་ནང་དུ། ཨ་རིའི་གཞུང་གི་དངུལ་འཛིན་ནང་དུ་བཀའ་འཁྲོལ་ཐོབ་པ་རེད། ཆོས་རིག་ལས་ཁུངས་ཀྱིས་ལས་བྱེད་བཞི་གསར་འཇུག་བྱས་ཏེ་ལས་གཞི་ཐོག་ཏུ་ལས་ཀ་བྱ་དགོས་པ་རེད། ཆོས་རིག་ལས་ཁུངས་ཀྱིས་ཝཊ་ཝ་ན་ཚོགས་པ་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་གཉིས་ལ་འབྲེལ་བ་བྱས་ཏེ། ཡིག་ཆ་ཁག་བཤེར་འབབ་ཏུ་ཕབ་དགོས་པ་དང་། ཡིག་ཚགས་ཁག་ཡག་པོ་ཉར་དགོས་ཚེ་རྒྱུན་ལྡན་བཤེར་འབབ་གཅིག་པོའི་འགྲིག་གི་མི་འདུག་པས། ཡིག་ཚགས་ལམ་ལུགས་ཚད་ལྡན་ཡོང་བར་ཨ་རིའི་བྷོ་སི་ཌོན་ན་ཡོད་པའི་ནང་བསྟན་གྲངས་འཛིན་དཔེ་ཚོགས་ལྟེ་གནས་ལའང་རེ་བ་བྱེད་ཀྱི་ཡོད། བསྟན་བདག་བླ་ཆེན་རྣམ་པའི་ལམ་སྟོན་དང་མཐུན་འགྱུར་འོག ཆོས་བརྒྱུད་རིས་མེད་ཐོག་ཡིག་ཚགས་ཁག་མཉམ་དུ་སྤུངས་ཏེ་འཇིག་རྟེན་མ་སྟོང་བར་དུ།ནང་བསྟན་གཙོས་བོད་ཀྱི་སྐད་ཡིག་ཉར་ཚགས་བྱེད་ཐུབ་པ་མ་ཟད། བཀོལ་སྤྱོད་ཚད་ལྡན་ཞིག་ཡོང་བར་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་བ་ཞིག་སྒོ་ཕྱེ་བའི་རེ་བ་བྱེད་བཞིན་ཡོད། དེའི་ཐོག་ཏུ་ཚང་མས་མཉམ་རུབ་གནང་རོགས། ཞེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering during the meeting with executive members of Tibetan Association of NY & NJ.
Mobile App

སྲིད་སྐྱོང་མཆོག་ཨ་རིའི་ནེའུ་མེག་སི་ཁོ་རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༤/༡༢/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཀི་རན་རི་ཇི་ཇུ་ལགས།
Mobile App

སྲིད་སྐྱོང་མཆོག་གིས་སྐུ་ཞབས་རི་ཇི་ཇུ་ལགས་ལ་འཚམས་འདྲི་གནང་།

༢༠༢༤/༠༦/༡༣
Mobile App

ཉིན་གྲངས་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོག་མགོ་བཙུགས།

༢༠༢༤/༠༣/༡༢
༧སྐྱབས་རྗེ་རྡོ་བུམ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག
Mobile App

བོད་མིའི་སྒྲིག་འཛུགས་ནས་༧སྐྱབས་རྗེ་རྡོ་བུམ་བློ་བཟང་བསྟན་འཛིན་མཆོག་དགོངས་པ་རྫོགས་པར་ཐུགས་གསོ་གནང་།

༢༠༢༤/༠༢/༠༣
ནེའུ་ཡོག་ཟླ་སྣང་ཐེབས་རྩ་ཁང་གི་ཚོགས་ཁང་དུ། བོད་ཀྱི་སྐད་ཡིག་ཐོག་དེང་རབས་ཤེས་ཡོན་ཆ་ཚང་བ་བཟོ་རྒྱུར་ནུས་པ་མཉམ་སྤུངས་བྱེད་ཕྱོགས་ཐད་གསུང་བཤད་དང་མི་མང་གི་མཉམ་ཞུགས།  ༢༠༢༤།༠༡།༡༩ འབྲེལ་ཡོད་ཀྱི་པར།
Mobile App

ཧི་མ་ལ་ཡ་དཔེ་མཛོད་ཁང་གིས་དགེ་བཤེས་སྨོན་ལམ་ལགས་ལ་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཕུལ།

༢༠༢༤/༠༡/༢༠
Sikyong addressed the Tibetan community and engaged in a Q&A session.Photo:Tibet.net
Mobile App

སྲིད་སྐྱོང་མཆོག་ནས་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༣/༡༠/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese