མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡུ་རོབ་ཀྱི་མགོ་ཁྲིད་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་བསྩལ། 

བོད་ཀྱི་དུས་བབ།
༢༠༢༣/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡུ་རོབ་ཀྱི་མགོ་ཁྲིད་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་བསྩལ་ཏེ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་བསྩལ་འདུག

 ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡུ་རོབ་ཀྱི་མགོ་ཁྲིད་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས།

དེ་རིང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོར་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡུ་རོབ་ཀྱི་མགོ་ཁྲིད་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་བསྩལ་ནས། འགྲོ་བ་གཅིག་གྱུར་གྱི་འདུ་ཤེས་བཟུང་ནས་ཕན་ཚུན་མཉམ་གནས་དང་རོགས་འདེགས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་མཛད་སོང་། 

མཇལ་ཁ་བསྩལ་སྐབས་༧གོང་ས་རྒྱལ་བ་རིན་པོ་མཆོག་ནས། ངོས་རང་གིས་བསམ་པར་འགྲོ་བ་མི་རྣམས་ཀྱིས་ཆབ་སྲིད་ཀྱི་གནད་དོན་དང་། ཆོས་ལུགས་ཀྱི་དད་མོས་སོགས་ཀྱི་ཐོག་ནས་ང་ཚོ་དང་ཁོང་ཚོ་ཞེས་ནན་བཤད་བྱེད་ཀྱི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་འཇིག་རྟེན་འདིའི་སྟེང་གི་འགྲོ་བ་མི་རྣམས་ལ་གོ་མཚོན་གྱིས་དཀའ་སྡུག་མང་དག་ཅིག་སྤྲོད་ཀྱིན་ཡོད། འགྲོ་བ་མི་ཚང་མ་མ་ཡི་མངལ་ནས་སྐྱེས་པ་དང་། ཨ་མའི་བྱམས་དང་བརྩེ་བ་ལ་བརྟེན་ནས་འཚོ་བ་གཅིག་མཚུངས་ཡིན་པས། ཉམས་མྱོང་དེའི་ཐོག་ནས་ཐེར་འབུམ་བདུན་ནས་བརྒྱད་ལྷག་ཡོད་པའི་འགྲོ་བ་མི་རྣམས་ལ་གཅིག་གྱུར་གྱི་འདུ་ཤེས་གསར་པ་ཞིག་འཛིན་དགོས། ངོས་རང་ནང་པ་ཞིག་རེད། འོན་ཀྱང་། ངོས་རང་གིས་མི་གཞན་དང་ཐུག་འཕྲད་བྱེད་སྐབས། ངོས་རང་གིས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཤིག་མཐོང་གི་ཡོད་ལ། ང་ཚོ་ཚང་མ་མི་ཡིན་པ་གཅིག་མཚུངས་རེད། ཅེས་གསུངས་སོང་། 

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། སའི་གོ་ལ་ཆུང་ཆུང་འདི་ང་ཚོ་འགྲོ་བ་མི་རྣམས་ཀྱི་ཡིན་པས། ང་ཚོ་ཚང་མ་མཉམ་གཅིག་ཏུ་འཚོ་སྡོད་བྱས་ཏེ་ཕན་ཚུན་རོགས་འདེགས་བྱ་དགོས་པ་རེད། ངོས་རང་གིས་རྒྱུན་དུ་ནས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོ་གཏང་རྒྱུར་ནན་བརྗོད་བྱེད་ཀྱི་ཡོད། སྤྱིར་རྒྱལ་ཁབ་མི་འདྲ་བ་དང་། ཆོས་ལུགས་མི་འདྲ་བ། ཤ་མདོག་མི་འདྲ་བ་སོགས་ནི་རིམ་པ་གཉིས་པ་རེད། གཙོ་ཆེ་ཤོས་དེ་ང་ཚོ་ཨ་མའི་མངལ་ནས་སྐྱེས་པ་དང་། ཨ་མའི་འོ་མས་གསོས་པ། མཐའ་མ་འཆི་འགྲོ་བ་ནི་གཅིག་མཚུངས་ཡིན་པས། ང་ཚོ་འཚོ་བའི་རིང་ལ་འགྲོ་བ་མི་ཐེར་འབུམ་བདུན་བརྒྱད་ལྷག་ཡོད་པ་རྣམས་ཀྱིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཟུང་ནས། མཉམ་དུ་འཚོ་གནས་བྱས་ཏེ་ཕན་ཚུན་རོགས་འདེགས་བྱ་རྒྱུའི་ཐོག་ངེས་པར་དུ་བསམ་བློ་གཏང་དགོས། འཛམ་གླིང་འདི་ནམ་ཞིག་སུས་ཀྱང་བཀག་འགོག་མི་ཐུག་པར་མེས་འཚིག་འགྲོ་བས། འགྲོ་བ་མི་རྣམས་འཚོ་བའི་རིང་ཕན་ཚུན་གཅེན་གཅུང་གི་འདུ་ཤེས་བཟུང་ནས་མཉམ་གནས་དང་རོགས་འདེགས་བྱ་རེས་བྱ་དགོས། ཞེས་གསུངས་སོང་། 

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཆར་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༩ ནས་ ༣༡ བར་གནས་མཆོག་རྡོ་རྗེ་གདན་ནས་ཆོས་འབྲེལ་མཛད་རྒྱུ་དང་། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འབྲས་ལྗོངས་དང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཆར་རྣམས་གནས་སྐབས་རིང་ཕྱིར་འགྱངས་གནང་དགོས་བྱུང་ཡོད་པ་རེད། 

གསར་འགོད་པ། དཔལ་ལྡན། 

རྩོམ་སྒྲིག་པ། པདྨ་མཚོ། 

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

ཆུ་ཚོད་ ༧ སྔོན་ལ།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

ཆུ་ཚོད་ ༩ སྔོན་ལ།
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese