མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གྱིས་རྒྱ་ནག་གིས་འཛུགས་སྐྲུན་བྱས་པའི་གནམ་ཐང་ཞིག་ལ་ཞིབ་འཇུག་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་གྱིས་རྒྱ་ནག་གཞུང་གིས་མ་དངུལ་བཏང་ཞིང་འཛུགས་སྐྲུན་བྱས་པའི་བལ་ཡུལ་སྤོག་རའི་རྒྱལ་སྤྱིའི་གནམ་ཐང་ཞིག་ལ་སྐྱོན་ཆ་ཆེ་བས་ཞིབ་འཇུག་བྱེད་བཞིན་ཡོད་འདུག

A June ceremony marking Pokhara International Airport’s first international flight, a charter plane from China.Credit…Rebecca Conway for The New York Times

ཨ་རིའི་ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་ལྐོག་ཟ་རུལ་སུངས་རྟོག་དཔྱོད་ཁང་གིས། རྒྱ་ནག་གིས་བཟོས་པའི་བལ་ཡུལ་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་སྤོག་རའི་རྒྱལ་སྤྱིའི་གནམ་ཐང་ཞིག་གི་སྤུས་ཀ་ཞན་པོ་དང་། འཛུགས་སྐྲུན་གྱི་འགྲོ་གྲོན་ཆེ་དྲགས་པ། དེ་བཞིན། གནམ་གྲུ་འབབ་ཡུལ་གྱི་ས་ཆར་ཞིབ་འཇུག་བྱས་མེད་པ་སོགས་གནད་དོན་ ༢༠ དང་འབྲེལ་ནས། རྟོག་ཞིབ་བྱེད་མགོ་བཙུགས་ཡོད་པ་དང་། གནམ་ཐང་འཛུགས་སྐྲུན་གྱི་ལས་གཞི་དེ་དང་འབྲེལ་ནས་བལ་ཡུལ་རྒྱ་ནག་གི་བུ་ལོན་ནང་ལྷུང་ཡོད་སོགས་བརྗོད་འདུག

བལ་ཡུལ་གྱི་དབུས་ལྐོག་ཟ་རུལ་སུངས་རྟོག་དཔྱོད་ཁང་གི་མགྲིན་ཚབ་པ་བྷོ་ལ་ (Bhola Dahal) ལགས་ཀྱིས། ང་ཚོས་གནམ་ཐང་ལ་ཞིབ་འཇུག་བྱེད་མགོ་བཙུགས་ཟིན་པ་ཡིན། འོན་ཀྱང་། ད་ལྟ་ཞིབ་འཇུག་གི་བརྒྱུད་རིམ་ཐོག་མའི་གྲས་སུ་ཡོད། ཅེས་བརྗོད་ཡོད་པ་དང་། གནམ་ཐང་གི་འཛུགས་སྐྲུན་ཚད་ལྡན་མིན་པའི་གནད་དོན་མང་པོ་གླེང་སློང་བྱས་པ་དང་འབྲེལ། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འདི་ལོར་སྤོག་ར་ཁུལ་དུ་གནམ་གྲུ་བརྡབ་སྐྱོན་བྱུང་རྐྱེན་ཡང་གནམ་ཐང་གི་འཛུགས་སྐྲུན་དང་འབྲེལ་བ་ཡོད་སྐོར་སོགས་བརྗོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། སྤོག་རའི་གནམ་ཐང་འཛུགས་སྐྲུན་གྱི་ལས་གཞིར་ཞིབ་འཇུག་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་མེད་པ་དང་། ཕྱིའི་རྒྱལ་ཁབ་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་མཁན་རྒྱའི་བཟོ་གྲྭ་དག་གིས་ས་གནས་ཀྱི་ཡུལ་ཁྲིམས་སྲུང་དགོས་པ་དང་། འཛུགས་སྐྲུན་གྱི་སྤུས་ཀ་ཚད་ལྡན་ཡིན་དགོས་སྐོར་ནན་བརྗོད་བྱས་ཡོད་ལུགས་བསྒྲགས་འདུག

བལ་ཡུལ་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་སྤོག་རའི་རྒྱལ་སྤྱིའི་གནམ་ཐང་དེ། འདི་ལོའི་ཕྱི་ཟླ་དང་པོའི་ནང་འཛུགས་སྐྲུན་གྲུབ་སྟེ་ཤར་གཏོང་བྱེད་མགོ་བརྩམས་ཡོད་ཅིང་། བལ་ཡུལ་གྱིས་གནམ་ཐང་དེ་བརྒྱུད་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་རེ་བརྒྱབ་ཡོད་ཀྱང་། གནམ་ཐང་དེ་ཤར་གཏོང་བྱེད་མགོ་བརྩམས་པ་ནས་ཡུལ་སྐོར་དུ་ཡོང་མཁན་ཉུང་ཉུང་མ་གཏོགས་མེད་པ་དང་། བལ་ཡུལ་གཞུང་གིས་རྒྱ་ནག་ལ་གནམ་ཐང་འཛུགས་སྐྲུན་གྱི་འགྲོ་གྲོན་དེ་རོགས་དངུལ་གྱི་ཚུར་དུ་སྤྲོད་པའི་རེ་འདུན་བཏོན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད་པ་རེད།

ཞི་ཅིན་ཕིན་གྱི་སྣེ་འཁྲིད་འོག རྒྱ་ནག་གི་ཕུགས་རྒྱང་རིང་པོའི་ཚོང་འབྲེལ་སྲིད་ཇུས་ཏེ། རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཁོངས་ནས་འཛམ་གླིང་རྒྱལ་ཁབ་མི་ཉུང་བ་ཞིག་འཛུགས་སྐྲུན་དང་འབྲེལ་ནས་བུ་ལོན་ནང་ལྷུང་བ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་མྱོང་ཡོད་ཅིང་། བལ་ཡུལ་ནི་རྒྱ་ནག་གི་འཛུགས་སྐྲུན་དང་འབྲེལ་ནས་བུ་ལོན་ནང་ལྷུང་མཁན་གསར་ཤོས་ཤིག་ཆགས་ཡོད་པ་དང་། ད་ལྟ་བལ་ཡུལ་གཞུང་གིས་སྤོག་རའི་གནམ་ཐང་འཛུགས་སྐྲུན་གཅིག་པོའི་ཆེད་དུ་རྒྱ་ནག་ལ་ཨ་སྒོར་ས་ཡ་ ༢༡༦ སྤྲོད་དགོས་ཀྱི་འདུག

སྤོག་རའི་གནམ་ཐང་འཛུགས་སྐྲུན་གྱི་ལས་གཞི་དེ་ཐོག་མར་རྒྱ་ནག་གི་རྒྱུ་གཅིག་ལམ་གཅིག་གི་ལས་གཞིའི་ཁོངས་ནས་འཛུགས་སྐྲུན་བྱས་ཡོད་ཀྱང་། བལ་ཡུལ་གྱིས་རྒྱ་གར་གྱི་ཕྱི་སྲིད་ལ་བསྟུན་མཁས་བྱས་ནས་གནམ་ཐང་དེ་རྒྱུ་གཅིག་ལམ་གཅིག་གི་ཁོངས་སུ་བཅུག་མེད་སྐོར་བརྗོད་ཡོད་པ་རེད་ལ། ད་ལྟ་སྤོག་རའི་གནམ་ཐང་གི་གནད་དོན་དང་འབྲེལ་ནས། རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་མུས་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese