མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཡང་མོ་འཚོ་ལ་རྐང་འཁོར་འགྲན་སྡུར་ཁྲོད་ཨང་རིམ་དང་པོ་ཐོབ་འདུག  

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མཚོ་སྔོན་ནས་ཡིན་པའི་བོད་མོ་གཡང་མོ་འཚོ་ལགས་སུ་ཕྱི་ལོ་ ༢༠༢༣ ལོའི་རྒྱ་ནག་རི་ལུང་ཐང་གསུམ་རྐང་འཁོར་མཉམ་འབྲེལ་འགྲན་སྡུར་གྱི་རྟིང་རྩོད་ཁྲོད་ཨང་རིམ་དང་པོ་ཐོབ་ཡོད་འདུག

ལུས་རྩལ་པ་གཡང་མོ་འཚོ་རྐང་འཁོར་འགྲན་སྡུར་ནང་ཞུགས་ནས་བྱ་དགའ་ལེན་བཞིན་པ། དྲ་ལམ་གྱི་པར།

བོད་ནང་གི་ན་གཞོན་ཆེད་ལས་པ་མང་པོ་ཞིག་གིས་རྒྱ་ནག་དང་རྒྱལ་སྤྱིའི་སྡིངས་ཆ་མང་པོར་མཉམ་ཞུགས་བྱས་ཏེ། གྲུབ་འབྲས་མི་དམན་པ་ཞིག་བླངས་དང་ལེན་མུས་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༡ ནས་ཉིན་གཉིས་རིང་རྒྱ་ནག་ཡུན་ནན་ཞི་ཁྲོའུ་རུ་འཚོགས་པའི་ཕྱི་ལོ་ ༢༠༢༣ ལོའི་རྒྱ་ནག་རི་ལུང་ཐང་གསུམ་རྐང་འཁོར་མཉམ་འབྲེལ་འགྲན་སྡུར་གྱི་རྟིང་རྩོད་ཁྲོད་བོད་མཚོ་སྔོན་མདོ་ལ་རྫོང་ནས་ཡིན་པའི་བུ་མོ་གཡང་མོ་འཚོ་ལགས་ལ་ཨང་རིམ་དང་པོ་ཐོབ་ཡོད་འདུག

མཚོ་སྔོན་ཞིང་ཆེན་ལུས་རྩལ་རུ་ཁག་གི་གནས་ཚུལ་སྤེལ་བའི་ནང་། ཕྱི་ལོ ༢༠༢༣ ལོའི་རྒྱ་ནག་གི་རི་ཁུལ་རྐང་འཁོར་མཉམ་འབྲེལ་འགྲན་སྡུར་གྱི་རྟིང་རྩོད་འགྲན་རིམ་ལས། འགྲན་ཁུལ་ས་ཚིགས་ཡོངས་ཀྱི་སྐར་གྲངས་ཕྱོགས་བསྡོམས་བྱས་རྗེས།  མཚོ་སྔོན་གྱི་ལུས་རྩལ་རུ་ཆེན་གཉིས་པའི་ལུས་རྩལ་པ་གཡང་མོ་འཚོ་ལགས་ལ་མཐའ་མའི་སྐར་གྲངས་ ༣༧༥  ཐོབ་སྟེ་ལོ་འཁོར་རྐང་འཁོར་འགྲན་རིམ་ཡོངས་ཀྱི་ཨང་དང་པོ་ཐོབ་འདུག ཐེངས་འདིའི་ཕུལ་བྱུང་བུད་མེད་ལུས་རྩལ་པའི་རི་ཁུལ་རྒྱང་བགྲོད་འགྲན་སྡུར་ནང་དུ་ཨང་རིམ་བཞི་པ་བཅས་ཐོབ་འདུག དེ་བཞིན་མཚོ་སྔོན་གྱི་ལུས་རྩལ་བ་ཀླུ་མགོན་རྒྱལ་ལགས་ལ་ཐེངས་འདིའི་རི་ཁུལ་རྒྱང་བགྲོད་རྐང་འཁོར་འགྲན་སྡུར་ཁྲོད་ཨང་དྲུག་པ་ཐོབ་ཡོད་འདུག

བོད་ཀྱི་ལུས་རྩལ་པ་གཡང་མོ་འཚོ་ལགས་ནི་ཕྱི་ལོ་ ༢༠༠༣ ལོར་བོད་མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་ནས་སྐྱེས་ཡོད་ཅིང་། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་རྒྱལ་ཡོངས་རི་ལུང་ཐང་རྐང་འཁོར་མཉམ་འབྲེལ་འགྲན་སྡུར་ཁྲོད་ཁོང་མོའི་རུ་ཁག་ལ་ཨང་རིམ་བདུན་པ་ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོའི་རྒྱ་ནག་རི་ལུང་ཐང་གསུམ་རྐང་འཁོར་མཉམ་འབྲེལ་འགྲན་སྡུར་ས་ཚིགས་དང་པོ་ལས། ཁོང་མོར་བུད་མེད་དར་མའི་རུ་ཁག་གཉིས་པའི་ནང་དུ་ཞུགས་ཆོག་པའི་གོ་སྐབས་ཐོབ་འདུག དེ་བཞིན་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་རྒྱ་ནག་ཧྥུ་ཅིན་ཞིང་ཆེན་གྱི་མ་འོངས་བུམ་པ་རྟགས་མའི་རི་ལུང་ཐང་གསུམ་རྐང་འཁོར་མཉམ་འབྲེལ་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ་ཡོད་པ་མ་ཟད། ཕྱི་ཟླ་ ༧ པའི་ནང་རྒྱ་ནག་རྒྱལ་ཡོངས་ལུས་རྩལ་རུ་ཁག་ཏུ་བདམས་ཐོན་བྱུང་ཡོད་འདུག

གསར་འགོད་པ། བྱམས་པ་ཚ་ེརིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

ཆུ་ཚོད་ ༩ སྔོན་ལ།
ལྕགས་ལམ་ས་ཁྲ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ཕྱེད་ཙམ་འགྲུབ་ཡོད་ཟེར།

ཆུ་ཚོད་ ༩ སྔོན་ལ།
Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

༢༠༢༦/༡༠/༡༩
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

༢༠༢༦/༡༠/༡༩
Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

༢༠༢༦/༡༠/༡༨
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese