མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འབྲས་ལྗོངས་སུ་ཆོས་འབྲེལ་མཛད་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༣/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༡༢ ཚེས ༡༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྒང་ཐོག་དཔལ་འབྱོར་རྩེད་ཐང་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར།

དེ་རིང་ཕྱི་ཚེས་ ༢༡ ཉིན་དགའ་ལྡན་ཕོ་བྲང་གིས་སྤེལ་བའི་གསལ་བསྒྲགས་ནང་། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་འབྲས་ལྗོངས་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཉིན་གྲངས་གཅིག་རིང་སྒང་ཐོག་དཔལ་འབྱོར་རྩེད་ཐང་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་སྐོར་གསལ་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཆར་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནུབ་བྷང་གྷལ་ས་ལུ་སྒར་དུ་ཡོད་པའི་སྲད་རྒྱུད་གྲྭ་ཚང་དུ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། འདི་ལོའི་ཕྱི་ཟླ་ ༡༢ ཚེས ༢༩ ནས་ཚེས་ ༣༡ བར་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བར་ཆོས་འབྲེལ་སྩལ་རྒྱུ་ཡིན་ཞིང་། ཕྱི་ཚེས་ ༢༩ དང་ ༣༠ ཉིན་གཉིས་ཀྱི་སྔ་དྲོ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་དང་། ཕྱི་ཚེས་ ༣༡ གི་སྔ་དྲོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུ་ཡིན་འདུག་ལ། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡ ཚེས་ ༡ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

དེ་བཞིན་ཁ་སང་ཕྱི་ཚེས་ ༢༠ ཉིན་བདེ་སྲུང་ལས་ཁུངས་ཀྱིས་འདི་ལོའི་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ལག་ཁྱེར་བཟོ་ཕྱོགས་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་ཟླ་ ༡༢ ཚེས་ ༢༩ དང་ ༣༠ ཉིན་གཉིས་ཀྱི་སྔ་དྲོ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་ལ་ཕེབས་མཁན་གྱི་བོད་རིགས་དང་ཧི་མ་ལ་ཡའི་ཆོས་ཞུ་བར་གསུང་ཆོས་ལག་ཁྱེར་མི་དགོས་ནའང་།  གྲྭ་བཙུན་དང་། རང་ལོ་ ༧༠ ཡན།  དབང་པོ་སྐྱོན་ཅན། རྒྱ་གར་བ། ཕྱི་རྒྱལ་བ་བཅས་ལ་གསུང་ཆོས་ལག་ཁྱེར་གནང་རྒྱུ་ཡིན་འདུག་པས། (www.dalailamateaching.com)ཞེས་པའི་དྲ་ཐག་འདི་བརྒྱུད་དྲ་ལམ་ནས་ཐོ་འགོད་དང་ལག་ཁྱེར་བཟོ་ཐུབ་ཀྱི་ཡོད་ཡོད་སྐོར་དང་། དྲ་ལམ་ནས་ཐོ་འགོད་སོགས་ཀྱི་སྐབས་མི་སྒེར་གྱི་ལག་ཁྱེར་(Passport/Aadhaar card/Voter ID/Green Book/RC) སོགས་བཀང་ཚེ། གནས་མཆོག་རྡོར་གདན་ནས་ལག་ཁྱེར་ཐད་ཀར་གནང་རྒྱུ་དང་། དེ་མིན་ཕྱི་ཟླ་ ༡༢ ཚེས་ ༡༤ ནས་རྡོ་རྗེ་གདན་ནས་གསུང་ཆོས་ལག་ཁྱེར་བཟོ་མགོ་འཛུགས་རྒྱུ་ཡིན་སྐོར་སོགས་གསལ་འདུག

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༢ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་གཟུགས་ལ་བརྡབ་གསིག་དང་འདུ་འཛོམས་ཆེ་སར་ཆམ་རིམས་སོགས་ཀྱི་ཉེན་ཁའང་ཆེ་རྐྱེན། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དང་། སྐུའི་བླ་སྨན་པ་རྣམས་ཀྱིས་སྐུ་ངལ་གསོ་གལ་ཆེ་བའི་དགོངས་འཆར་བཏོན་པ་གཞི་བཟུང་། ཕྱི་ཟླ་ ༡༡ ནང་༧གོང་ས་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་རྒྱུ་དང་། ཕྱི་ཟླ་ ༡༡ ཟླ་དཀྱིལ་ནས་དང་ ༡༢ ཟླ་དཀྱིལ་བར་གྱི་རྒྱ་གར་ལྷོ་ཕྱོགས་ཀཱར་ནཱ་ཊ་ཀཱ་མངའ་སྡེའི་སྦེལ་ཀོབ་བོད་མིའི་གཞིས་ཆགས་དང་། བཀྲ་ཤིས་ལྷུན་པོ་དགོན། ཧོན་སུར་རྒྱུད་སྨད་གྲྭ་ཚང་སོགས་སུ་བཀའ་དབང་སྩལ་རྒྱུའི་མཛད་འཆར་ཁག་བཅས་ཕྱིར་འཐེན་བྱས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ། 

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese