མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ཁུལ་དཔོན་གཞོན་པ་ཞིག་ལ་ཁྲིམས་འགལ་གྱི་ཉེས་མིང་འོག་ཞིབ་བཤེར་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཀྲེང་ཐིན་ཆང་ཟེར་བས་ཁྲིམས་འགལ་ཐོག་ཁྲིམས་ཆད་ལག་བསྟར་གྱི་ལས་དོན་ལ་མཐུན་སྦྱོར་བྱས་པའི་ཉེས་མིང་འོག་ཆབ་སྲིད་ཀྱི་གོ་གནས་ནས་ཕབ་ཡོད་འདུག

དཀར་མཛེས་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀྲེང་ཐིན་ཆང་། དྲ་ལམ་གྱི་པར།

སི་ཁྲོན་ཞིང་ཆེན་སྲིད་ཁྲིམས་ལྷན་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། དཀར་མཛེས་ཁུལ་མི་མང་སྲིད་གཞུང་གི་དམར་ཤོག་ཚོགས་པའི་ཚོགས་མི་དང་། ཁུལ་དཔོན་གཞོན་པ་ཀྲེང་ཐིན་ཆང་གིས་གཞན་གྱི་ཆེད་དུ་བཙོན་ཁང་དང་འབྲེལ་བའི་ཁྲིམས་ཆད་ལག་བསྟར་གྱི་ལས་དོན་ལ་མཐུན་སྦྱོར་གྱིས་ཁྲིམས་འགལ་བྱས་ཡོད་པས། ལོ་གཉིས་རིང་ཞིབ་བཤེར་བྱས་ཏེ་ཆབ་སྲིད་ཀྱི་གོ་གནས་ནས་གནས་དབྱུང་བཏང་ཡོད་པ་མ་ཟད། ཁྲིམས་འཛིན་གྱི་གཏན་འབེབས་བྱས་པའི་དོན་ཚན་གསུམ་ལས་ཁྲིམས་འགལ་བྱས་པའི་གྱོད་གཞི་ ༥ ཡོད་ཚུལ་བསྒྲགས་འདུག

 ཀྲེང་ཐིན་ཆང་(郑天强)ནི་ཕྱི་ལོ་ ༡༩༦༣ ལོའི་ཟླ་ ༡༡ པའི་ནང་དཀར་མཛེས་ཁུལ་བརྒྱད་ཟིལ་རྫོང་དུ་སྐྱེས་ཡོད་ཅིང་། ལྷོ་ནུབ་མི་རིགས་སློབ་གླིང་ཆབ་སྲིད་ལོ་རྒྱུས་ཚན་ཁག་གི་ལོ་རྒྱུས་ཆེད་ལས་ནས་སློབ་མཐར་ཕྱིན་རྗེས། དཀར་མཛེས་ཁུལ་ནོར་སྲིད་ཉོ་ཚོང་སློབ་གྲྭར་དགེ་རྒན་བྱས་པ་དང་། རྗེས་སུ་སློབ་གྲྭ་དེ་གའི་སློབ་སྤྱི་གཞོན་པ་སོགས་ཀྱི་ལས་ཀ་བྱས་འདུག ཕྱི་ལོ་ ༢༠༠༢ ལོ་ནས་བཟུང་དཀར་མཛེས་ཁུལ་སྡེ་རོང་རྫོང་དམར་ཤོག་དྲུང་ཡིག་གཞོན་པ་དང་། སྡེ་རོང་རྫོང་གི་རྫོང་དཔོན། དཀར་མཛེས་ཁུལ་རིམ་པའི་དཔོན་གནས་སོགས་འཁུར། ཕྱི་ལོ་ ༢༠༡༤ ལོར་དཀར་མཛེས་ཁུལ་ཆ་ཕྲེང་རྫོང་གི་དམར་ཤོག་དྲུང་ཡིག  ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༥ པར་དཀར་མཛེས་ཁུལ་གྱི་དྲུང་ཆེ་གཞོན་པར་ལས་སྒྱུར་བྱས་འདུག ཕྱི་ལོ་ ༢༠༡༧ ལོའི་ཟླ་དང་པོའི་ནང་དཀར་མཛེས་ཁུལ་གྱི་སྐབས་ ༡༢ པའི་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་འཚོགས་ཡོད་ཅིང་། དཀར་མཛེས་ཁུལ་སྲིད་གཞུང་གི་མགོ་ཁྲིད་ཚོགས་ཆུང་གསར་བདམས་བྱུང་སྟེ། ཀྲེང་ཐིན་ཆང་དཀར་མཛེས་ཁུལ་གྱི་ཁུལ་དཔོན་གཞོན་པར་བདམས་ཐོན་བྱུང་ཡོད་འདུག

དེ་བཞིན་བོད་ལྗོངས་ཉིན་རེ་ཚགས་པར་ཁང་ཟེར་བས་གནས་ཚུལ་སྤེལ་བའི་ནང་དུ། ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ཁྱོན་བསྡོམས་མགོ་ཁྲིད་གཙོ་བོ་གྲངས་ ༨༨༠ ལྷག་ཙམ་ལ་ཞིབ་བཤེར་བྱས་ཏེ་འབྲས་བུ་ཐོན་སྐོར་དང་། དེའི་ནང་དུ་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཚན་པའི་དྲུང་ཡིག་ཟུར་བ་སྒོར་སྒོར་དང་། བོད་རང་སྐྱོང་ལྗོངས་ཆུ་དོ་དམ་ཚན་པའི་དམར་ཤོག་དྲུང་ཡིག་ཟུར་བ་ཟླ་བ་བཀྲ་ཤིས། བོད་རང་སྐྱོང་ལྗོངས་དམངས་སྲིད་ཁང་གི་དམར་ཤོག་དྲུང་ཡིག་ཅི་ལི་ཀྲེན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཁང་གི་དམར་ཤོག་དྲུང་ཡིག་ལིའུ་པོ་ཆིང་། འདམ་གཞུང་རྫོང་གི་དམར་ཤོག་དྲུང་ཡིག་ཡའོ་ཅུན་ལེའང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་དམར་ཤོག་དྲུང་ཡིག་ཟུར་བ་རེན་ཧུའུ་མིང་སོགས་མགོ་ཁྲིད་གཙོ་བོ་ཁག་ཅིག་ལ་ཞིབ་བཤེར་ཤུགས་དྲག་བྱས་ཡོད་སྐོར་འཁོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese