མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་རྒྱ་ནག་གི་ཚོང་དཔོན་ཞིག་འཛིན་བཟུང་བཙན་ཁྲིད་བྱས། 

བོད་ཀྱི་དུས་བབ།
༢༠༢༣/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱ་ནག་གི་རྩེད་རིགས་ཐད་གཏོང་བྱེད་ས་དུ་ཡུ་ཡི་སྤྱི་ཁྱབ་འགན་འཛིན་ཁྲན་ཧྲོ་ཇི་ཁྲི་འདུ་གྲོང་ཁྱེར་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

DouYu CEO Chen Shaojie seen in New York in 2019.Stringer/Imagine China/Reuters/File

རྒྱ་ནག་གཞུང་གིས་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་ཟེར་བ་ཞིག་གི་འོག་ནས། རྒྱ་ནག་གི་མགོ་ཁྲིད་དང་། ཤེས་ཡོན་པ། བསམ་བློ་བ་སོགས་ལ་མངོན་གསལ་དོད་པོ་མེད་པའི་ཐོག་ནས་འབུར་འཇོམས་གཏོང་གི་ཡོད་པ་ལྟར། དེ་རིང་སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱ་ནག་གཞུང་གིས་རྒྱ་ནག་གི་དྲ་ལམ་དུ་བྲིན་རྒྱུག་ཆེ་བའི་རྩེད་རིགས་ཐད་གཏོང་བྱེད་ས་དུ་ཡུ་ (DouYu) ཡི་སྤྱི་ཁྱབ་འགན་འཛིན་ཁྲན་ཧྲོ་ཇི་ (Chen Shaojie) ཟེར་བ་ཁྲི་འདུ་གྲོང་ཁྱེར་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་། ཁོ་འཛིན་བཟུང་བཙན་ཁྲིད་བྱེད་དོན་གསལ་ཁ་གང་ཡང་མེད་པ་རེད་འདུག

དེའི་ཐད་ཁ་སང་ཕྱི་ཚེས་ ༢༡ ཉིན་དུ་ཡུ་དྲ་ལམ་རྩེད་རིགས་ཐད་གཏོང་ལས་ཁུངས་ཀྱིས། ཁྲན་ཧྲོ་ཇི་ཟླ་འདིའི་ཕྱི་ཚེས་ ༡༦ ཙམ་ལ་རྒྱ་ནག་གི་ཁྲི་འདུ་གྲོང་ཁྱེར་གྱི་ལྷོ་ནུབ་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་། ཁོང་འཛིན་བཟུང་བྱས་པའི་གནད་དོན་དེ་ཕྱི་ཚེས་ ༢༠ ལ་མ་གཏོགས་བཤད་མེད་སྐོར་དང་། གཞུང་འབྲེལ་གྱི་ཐོག་ནས་ཁོང་ལ་ཞིབ་འཇུག་དང་འཛིན་བཟུང་བྱས་པའི་གནད་དོན་ཐད་ཀྱི་ཡིག་ཆ་གང་ཡང་འབྱོར་མེད་པས། གློ་བུར་དུ་ཁ་གསལ་གང་ཡང་མེད་པའི་ཐོག་ནས་འཛིན་བཟུང་བྱས་པ་དེས། ལས་ཁུངས་ཀྱི་ལས་དོན་ལ་གནོད་འཚེ་ཐེབས་སྲིད་སྐོར་སོགས་བསྒྲགས་འདུག་ཀྱང་། དེ་རིང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས། དུ་ཡུའི་ཁྲན་ཧྲོ་ཇི་ཡིས་སྒེར་གྱི་རྒྱན་འཇོག་ཁང་ཞིག་གསར་འཛུགས་བྱས་པའི་དོགས་གཞིའི་འོག་ནས་འཛིན་བཟུང་བྱས་པ་ཡིན་ལུགས་བསྒྲགས་འདུག

ཁྲན་ཧྲོ་ཇི་ནི་རྒྱ་ནག་གཞུང་གིས་བཟོ་རིགས་དང་། འཕྲུལ་རིག ཚོང་དོན་སོགས་ལ་ཁ་གཡར་ནས་འཛིན་བཟུང་བཀག་ཉར་དང་། གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས་བཅུ་གཉིས་ཁྲོད་ཀྱི་གཅིག་ཡིན་ཞིང་། ཁོང་ནི་རྒྱ་ནག་ནང་དུས་ཡུན་ཐུང་ཐུང་ནང་ཚོང་དོན་གྱི་ནུས་པ་ཤུགས་ཆེན་འདོན་ཐུབ་མཁན་གྱི་ཚོང་བདག་ཞིག་ཡིན་ཡང་། ཁོང་འཛིན་བཟུང་བྱས་རྗེས་དུ་ཡུ་ལས་ཁུངས་ཀྱིས་ནེའུ་ཡོག་ནས་མ་ཤེར་ (shares) བརྒྱ་ཆ་དྲུག་ཙམ་སྒོ་བརྒྱབ་ཡོད་འདུག དེ་བཞིན་རྒྱ་ནག་གཞུང་གིས་ཉེས་འཛུགས་སྣ་ཚོགས་ཞིག་གི་འོག་ནས་རྒྱ་ནག་ཏུ་ཚོང་དོན་གཉེར་མཁན་གྱི་ཚོང་རྟགས་ཁང་མང་དག་ཅིག་ལ་དཀའ་ངལ་ཕྲད་དང་འཕྲད་མུས་ཡིན་འདུག

DouYu  ཞེས་པའི་དྲ་ལམ་རྩེད་རིགས་ཐད་གཏོང་དེ་མི་སྒེར་སོགས་ཀྱི་ཁ་པར་དང་གློག་ཀླད་གཉིས་ཀར་བཀོལ་ཐུབ་པའི་མཉེན་ཆས་ཤིག་ཡིན་ཞིང་། དེ་ནི་ཕྱི་ལོ་ ༢༠༡༤ ལོར་དུ་ཡུ་ཡི་ད་ལྟའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཁྲན་ཧྲོ་ཇི་དང་ཁོང་གི་རོགས་པ་ཝན་མིང་ཀྲང་ (Wenming Zhang) གཉིས་ཀྱིས་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་གསར་བཟོ་བྱས་པ་ཞིག་ཡིན་འདུག དུ་ཡུ་ཞེས་པ་ནི་རྒྱ་སྐད་དུ་ཉའི་དམག་འཛིང་ཟེར་ཞིང་། དེ་ནི་རྒྱལ་སྤྱི་དང་ལྷག་པར་རྒྱ་ནག་ནང་གི་དྲ་ལམ་རྩེད་རིགས་ཐད་གཏོང་བྱེད་ས་བྲིན་རྒྱུག་ཆེ་ཤོས་ཀྱི་གྲས་ཤིག་ཡིན་འདུག དཔེར་ན། ཕྱི་ལོ་ ༢༠༡༩ ལོའི་ཟླ་བ་རེ་རེའི་ནང་རྒྱ་ནག་གཅིག་པོའི་ནང་མི་གྲངས་ས་ཡ་ ༡༦༣ ལྷག་གིས་བེད་སྤྱོད་བྱས་ཡོད་ཅིང་། དེ་ནི་ཟླ་བ་རེ་རེའི་ནང་ཨ་རིའི་རྩེད་རིགས་ཐད་གཏོང་བྱེད་ས་ཊུ་ཝི་ཇི་ (Twitch) ལས་མི་གྲངས་ས་ཡ་ ༡༤༠ ལས་མང་བ་ཡོད་འདུག

གཞན་ཡང་། ཉེ་ལམ་རྒྱ་གཞུང་གིས་ད་ལྟ་འཛམ་གླིང་ཁྱོན་ཡོངས་སུ་མི་གྲངས་ས་ཡ་ ༦༠༠ ལྷག་གི་བཀོལ་སྤྱོད་བྱེད་མུས་ཡིན་པའི་དུ་ཡིན་ (Douyin) དུ་མི་རྣམས་ཀྱི་སྤེལ་མུས་ཡིན་པའི་བརྙན་ཐུང་དག་གི་ནང་དོན་སོགས་ལ་ཞིབ་འཇུག་བྱ་རྒྱུ་ཡིན་ལུགས་སོགས་བསྒྲགས་ཡོད་པ་མ་ཟད། དྲ་ལམ་འཕེལ་རྒྱས་ཀྱི་ལམ་བུ་ཟེར་བ་ཞིག་གི་འོག་ནས། དྲ་ལམ་གྱི་སློབ་གསོ་བ་ཟེར་བ་སོགས་ལ་ཚད་ལྡན་གྱི་ལག་ཁྱེར་ཡོད་མེད་ཞིབ་འཇུག་དང་། དུས་ཡུན་དང་རན་པའི་བརྙན་སྤེལ་གྱི་ཡོད་མེད་སོགས་ཞིབ་འཇུག་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག་ཀྱང་། རྒྱ་ནག་གཞུང་གིས་དྲ་ལམ་སློབ་གསོ་བ་ཞེས་མིང་བཏགས་པ་དེ་དག་ནི། རྒྱ་ནག་གཞུང་གིས་ཆེད་དུ་གཉེར་བའི་རྒྱ་ནག་གི་བསམ་བློ་དང་། ལྟ་བ་སོགས་དྲ་ལམ་དུ་སྤེལ་མཁན་དང་། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་དྲ་ལམ་ནས་རུབ་རྡུང་གཏོང་མཁན་གྱི་སྐར་ལྔའི་དྲ་དམག་ཟེར་བ་ཡིན་སྐོར་གསལ་འདུག

གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གཞུང་གིས་དམར་ཤོག་སྲིད་གཞུང་གི་ལྟ་བ་དང་མི་མཐུན་པའི་ཚོང་འབྲེལ་སོགས་སྒོ་བརྒྱབ་པ་དང་། ཚོང་གཉེར་ཁང་ཁག་གི་མགོ་འཁྲིད་འཛིན་བཟུང་བྱས་པ་དེས། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ལ་དོ་ཕོག་འགྲོ་ཉེན་ཡོད་པའི་ཁར། ཕྱི་རྒྱལ་གྱི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཚོང་རྟགས་མང་པོ་རྒྱ་ནག་ཏུ་སྲ་བརྟན་ཚུགས་མི་ཐུབ་པར། རྒྱ་ནག་གི་ཚོང་འབྲེལ་ལས་དོན་ལའང་གཡོ་སྐྱོམ་ཐེབས་ཉེན་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese