མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ཞི་བའི་རྐང་འཁོར་སྐོར་སྐྱོད་གྱི་ལས་འགུལ་གཉིས་པ་སྤེལ་མགོ་བཙུགས་སོང་།

བོད་ཀྱི་དུས་བབ།
༢༠༢༣/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས། ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག རྒྱ་གར་ལྷོ་ཕྱོགས་ནས་རྡེ་ར་ལྡུན་བར་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་གཉིས་པ་མགོ་བཙུགས་འདུག

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་རྐང་འཁོར་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་ཐེངས་གཉིས་པ་མགོ་འཛུགས་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༣།༡༢།༡

དེ་རིང་ཕྱི་ཚེས་ ༡ ཉིན་ནས་བཟུང་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་གྲོང་དང་པོ་ནས་ཨུ་ཏར་ཁན་ཌི་མངའ་སྡེའི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་བར་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་སྤེལ་མགོ་བཙུགས་ཡོད་འདུག

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་སྔ་ངས་རང་ལོ་ ༦༥ བར་དུ་ལུས་ལ་ན་ཚ་མ་འབྱུང་ཚེ། ངས་མུ་མཐུད་དུ་བོད་དོན་ལས་འགུལ་སྤེལ་རྒྱུའི་ཁས་ལེན་དམ་བཅའ་བཞག་པ་གཞིར་བཟུང་། དེ་རིང་ནས་བཟུང་སྦེལ་ཀོབ་ནས་བདེ་སྐྱིད་གླིང་གཞིས་ཆགས་བར་དུ་རྐང་འཁོར་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་མགོ་འཛུགས་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

བོད་དོན་ལས་འགུལ་བ་འཇམ་དབྱངས་ལགས་ཀྱིས་དེ་རིང་ཞོགས་པའི་ཆུ་ཚོད་ ༨།༣༠ ཙམ་ནས་སྦེལ་ཀོབ་གཞིས་གྲོང་ ༡ པོ་ནས་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བརྩམས་ཡོད་ཅིང་། ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་ཡུལ་མིའི་ཁྲོད་བོད་དོན་དྲིལ་བསྒྲགས་དང་བོད་མིའི་སྤྱི་ཚོགས་ནང་བོད་སྤྱིའི་རྩ་དོན་འཐབ་རྩོད་གལ་ཆེན་ཡིན་པའི་དྲན་སྐུལ་ཞུ་རྒྱུ། དེ་བཞིན་འཆར་ལོའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་གྲོས་ཚོགས་སོགས་གང་སྤྱིའི་ཐད་ཚགས་ཚུད་ལེགས་འགྲུབ་ཡོང་བའི་སྨོན་འདུན་དང་བོད་རིགས་གཞོན་སྐྱེས་ཚོར་མ་འོངས་བོད་དོན་ལས་འགུལ་སྤེལ་རྒྱུའི་ཐད་སྐུལ་མ་དང་སེམས་ཤུགས་སྤེལ་རྒྱུ་བཅས་ལ་དམིགས་ཏེ་རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་སྤེལ་བཞིན་ཡོད་འདུག

རང་ལོ་ ༦༣ ཡིན་པའི་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ནི་རྡེ་ར་ལྡུན་ནས་ཡིན་པ་དང་།  ཕ་དམ་པའི་རེ་བ་ལྟར་བོད་སྤྱི་པའི་རྩ་དོན་ཆེད་ལྷག་བསམ་འགྱུར་མེད་ཀྱིས་འཐབ་རྩོད་ཧུར་ཐག་གནང་མཁན་ཞིག་ཡིན་འདུག་ལ། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་ནས་ཕྱི་ཟླ་ ༡༡ ཚེས་ ༡༡ བར་ཟླ་གཅིག་གི་རིང་འཇམ་དབྱངས་ལགས་ཀྱིས་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག བཞུགས་སྒར་དྷ་རམ་ས་ལ་ནས་རྡོ་རྗེ་གདན་བར་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་སྤེལ་ཡོད་པ་དང་། དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་ས་མཚམས་བར་དུ་སྦག་སྦག་བཞོན་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ནང་དུའང་མཉམ་ཞུགས་བྱས་མྱོང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese