མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་ཨ་བྷི་ཤེཀ་དྷུ་དྷེ་ཡཱ་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་དབུས་བོད་སྐོར་གྱི་གློག་བརྙན་རིགས་གསུམ་བཟོ་འཆར་འདུག

རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་ཨ་བྷི་ཤེཀ་དྷུ་དྷེ་ཡཱ་ལགས་དང་།གློག་བརྙན་བཟོ་སྐྲུན་པ་རྗེ་པ་ཊེལ་ལགས་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས། དུས་བབ་ཀྱི་པར། ༢༠༢༣།༡༢།༠༧

དེ་རིང་ཞོགས་པའི་ཆུ་ཚོད་ ༧ པ་ཙམ་ལ་་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཨ་བྷི་ཤེཀ་དྷུ་དྷེ་ཡཱ་(Abhishek Dudhaiya)ལགས་དང་། གློག་བརྙན་བཟོ་སྐྲུན་པ་རྗེ་པ་ཊེལ་(Jay Patel) ལགས་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། སྐབས་དེར་ཁོང་གཉིས་ཀྱིས་མ་འོངས་པར་བོད་དང་འབྲེལ་བའི་གློག་བརྙན་གསུམ་བཟོ་འཆར་ཡོད་པའི་སྐོར་སྙན་སེང་ཞུས་ཡོད་འདུག

འདི་གའི་གསར་འགོད་པས་མཇལ་ཁའི་སྐོར་ལ་བཅར་འདྲི་བྱས་པར་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཨ་བྷི་ཤཱི་ཁི་བྷུ་བྷེ་ཡ་ལགས་ཀྱིས། དེ་རིང་ང་ཚོ་འདིར་ཡོང་དོན་ནི་རྒྱ་ནག་གཞུང་གིས་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་ཇི་ལྟར་བཙན་ཁྲིད་བྱས་པའི་སྐོར་གྱི་དངོས་བྱུང་གློག་བརྙན་ཞིག་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐོར་གྱི་མུ་འབྲེལ་གློག་བརྙན་(web series) ཞིག དེ་བཞིན་གཏམ་རྒྱུད་གློག་བརྙན་(Feature Film) ཞིག་བཅས་བཟོ་འཆར་ཡོད། དངོས་བྱུང་གློག་བརྙན་བོད་སྐད་ཐོག་ཡིན་པ་དང་། ལས་གཞི་ཐམས་ཅད་ལེགས་འགྲུབ་བྱུང་ཚེ་ཟླ་བ་གསུམ་ནས་བཞི་ནང་མཐོང་ཐུབ་ཀྱི་ཡོད། ཅེས་བརྗོད་བྱུང་།

བོད་དོན་སྐོར་གྱི་གློག་བརྙན་བཟོ་བའི་བསམ་བློ་ཇི་ལྟར་བྱུང་བའི་སྐོར་ལ་ཁོང་གི་མིག་མཐར་མཆི་མ་འཁོར་བཞིན་དུ། ངའི་པ་ལགས་པ་ཀི་སི་ཐན་ནས་རྒྱ་གར་དུ་ཡོང་བ་ཞིག་ཡིན་ཅིང་། ཁོང་གི་ཁྱིམ་མི་ཚང་མ་པ་ཀི་སི་ཐན་ནང་དུ་དམར་གསོད་བྱས་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིར་གདུག་རྩུབ་མནར་གཅོད་གཏོང་བཞིན་པའི་ན་ཟུག་ཚོར་ཐུབ་པ་མ་ཟད། འཛམ་གླིང་མི་མང་ལ་བོད་མིའི་དཀའ་ངལ་སྟོན་འདོད་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་པ་རྗེ་པ་ཊེལ་ལགས་ཀྱིས། ང་ཚོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བྱིན་རླབས་ཐོབ་པའི་གོ་སྐབས་ཡག་པོ་བྱུང་ཞིང་། ང་ཚོས་མཚམས་མ་ཆད་བར་འཛམ་བུ་གླིང་གི་ཆེད་དུ་ལས་གཞི་སྒྲུབ་བཞིན་ཡོད་། དེང་སྐབས་འཛམ་གླིང་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་ཏུ་ཆགས་ཡོད། འདི་ནི་འཛམ་གླིང་ཞི་བདེ་དང་འཆམ་མཐུན་ལམ་ཁ་སྐྲུན་པའི་དམིགས་བསལ་གྱི་ལས་དོན་ཞིག་རེད། རྒྱུ་མཚན་དེའི་དབང་གིས་ང་ཚོ་དེ་རིང་ཆེད་དུ་འདིར་བཅར་བ་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ང་ཚོའི་ཞི་བདེ་དང་འཆམ་མཐུན་གྱི་མིག་དཔེ་ཡིན། ང་ཚོས་མ་འོངས་པའི་ལས་དོན་བྱེད་ཕྱོགས་ཐད་སེམས་ཤུགས་རྒྱས་སོང་། ཞེས་བརྗོད་བྱུང་།

ཨ་བྷི་ཤེཀ་དྷུ་དྷེ་ཡཱ་(Abhishek Dudhaiya)་སམ་མུ་ཀེ་ཤེ་དྷུ་དྷེ་ཡཱ་ལགས་ནི་གློག་བརྙན་འཁྲབ་ཁྲིད་པ་དང་། འཁྲབ་གཞུང་རྩོམ་པ་པོ་བཅས་ཡིན་འདུག་ཅིང་། ད་ལྟ་བར་ཁོང་གིས་རྒྱ་གར་གྱི་མུ་འབྲེལ་གློག་བརྙན་ ༤༡ དང་། དེའི་ནང་དུ་ལེའུ་༥༥༢༣ ཙམ་བཟོས་འདུག  ཕྱི་ལོ་༢༠༢༡ ལོར་ཁོང་གིས་བཟོ་སྐྲུན་བྱས་པའི་རྒྱ་གར་གྱི་སྤོབས་པ་(Bhuj/ The pride of India ) ་ཞེས་པ་དེ་རྒྱ་གར་གློག་བརྙན་ལྟ་གྲངས་མང་ཤོས་གྲས་སུ་ཚུད་ཡོད།

དེ་བཞིན་གློག་བརྙན་བཟོ་སྐྲུན་པ་རྗེ་པ་ཊེལ་(Jay Patel) ལགས་ནི་སྤྱི་ཚོགས་ཁྲོད་དུ་འབྱུང་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་བྱེད་མཁན་གྱི་མི་སྣ་ཞིག་ཡིན་པ་མ་ཟད། ཁོང་གིས་དཔལ་འབྱོར་གྱི་ཁེ་བཟང་མེད་པའི་ཐོག་ཧོ་ལི་ཝི་ཌི་གློག་བརྙན་བཟོ་སྐྲུན་ཁང་དུ་ལྷ་ནི་ཡོད་ཚད་ཡིན་ཞེས་པ་ཞིག་བཟོས་ཡོད་ཅིང་། གློག་བརྙན་དེའི་ནང་དམག་འཁྲུག་ནང་དུ་བུད་མེད་དང་བྱིས་པར་དཀའ་ངལ་ཆེན་པོ་བྱུང་སྐོར་བརྗོད་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་ལྷན་དུ་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་འཇོག་བཞིན་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༩/༡༣
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་། 

༢༠༢༥/༠༩/༡༣
Mobile App

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

༢༠༢༥/༠༩/༡༣
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

༢༠༢༥/༠༩/༡༢
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྭང་བླངས་ཞུ་གཏུག་ཚན་པར་འཛམ་གླིང་རྒྱལ་ཁབ་ ༡༩ ནང་ཚོགས་མི་འདུག

༢༠༢༥/༠༩/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese