མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནགས་ཚང་གཞོན་ནུའི་རང་མཚང་ཞེས་པའི་དཔེ་དེབ་གསར་པ་ཞིག་དབུ་འབྱེད་གནང་སོང་། 

བོད་ཀྱི་དུས་བབ།
༢༠༢༣/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཞུ་དག་དང་དཔར་འགྲེམས་ཞུས་པའི་བོད་ནང་གི་རྩོམ་པ་པོ་ནགས་ཚང་ནུས་བློ་ལགས་ཀྱིས་བརྩམས་པའི་ནགས་ཚང་གཞོན་ནུའི་རང་མཚང་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་གཉིས་ཀྱིས་དཔེ་དེབ་དབུ་འབྱེད་མཛད་སྒོའི་སྟེང་ནགས་ཚང་གཞོན་ནུའི་རང་མཚང་ཞེས་པའི་བརྩམས་ཆོས་སྐོར་ལ་གླེང་སློང་གནང་བཞིན་པ། ༢༠༢༣།༡༢།༡༠ དུས་བབ་ཀྱི་པར།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་དྷ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཞི་བདེའི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག བོད་ནང་གི་རྩོམ་པ་པོ་ནགས་ཚང་ནུས་བློ་ལགས་ཀྱིས་བརྩམས་པའི་ནགས་ཚང་གཞོན་ནུའི་རང་མཚང་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་བ་མ་ཟད། དབུ་འབྱེད་མཛད་སྒོའི་སྟེང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་གཉིས་ཀྱིས་དཔེ་དེབ་གསར་པ་དེའི་སྐོར་གླེང་སློང་དང་། དྲི་བ་དྲིས་ལན་སོགས་གནང་སོང་།

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ནས་མི་ལོ་ ༣༤ འཁོར་བའི་དུས་ཆེན་དང་། འགྲོ་བ་མིའི་ཐོབ་ཐང་གི་དུས་སྟོན་ (Human Rights Festival) གྱི་ཉིན་གཉིས་པའི་སྟེང་། བོད་ནང་གི་རྩོམ་པ་པོ་ནགས་ཚང་ནུས་བློ་ལགས་ཀྱིས་བརྩམས་པའི་ནགས་ཚང་གཞོན་ནུའི་རང་མཚང་ཞེས་པའི་དཔེ་དེབ་གསར་དབུ་འབྱེད་གནང་བ་དང་འབྲེལ་ནས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་སྙིང་སྟོབས་ཅན་གྱི་གཞིས་བཞུགས་རྩོམ་པ་པོ་ནགས་ཚང་ནུས་བློ་ལགས་ཀྱི་ལོ་རྒྱུས་དེབ་ཕྲེང་གཉིས་པ་ནགས་ཚང་གཞོན་ནུའི་རང་མཚང་ཞེས་པ་ཞུ་དག་དང་དཔར་འགྲེམས་ཞུ་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤྲོ་ཆེན་པོ་བྱུང་ཡོད་སྐོར་དང་། ད་ལན་ཁོང་གི་ལོ་རྒྱུས་དེབ་ཕྲེང་གཉིས་པ་ནགས་ཚང་གཞོན་ནུའི་རང་མཚང་ཞེས་པ་འདི་ནི་དེབ་ཕྲེང་སྔ་མའི་མཇུག་འཕྲོ་ལྟ་བུ་ཞིག་ཡིན་སྐོར། དེ་བཞིན་ཁོང་གིས་དཔེ་དེབ་འདི་ཉིད་ནི་ནགས་ཚང་བུ་རབས་ཚ་རྒྱུད་རྣམས་ཀྱི་རང་མཚང་གསལ་བ་དང་། རང་ཚུགས་སྲུང་འཛིན་བྱ་དགོས་པའི་དྲན་སྐུལ་ཆེད་བྲིས་ཡིན་པར་འགྲེལ་བརྗོད་གནང་ཡོད་སྐོར་སོགས་འཁོད་འདུག

དཔེ་དེབ་གསར་པ་དེའི་ནང་ཤོག་གྲངས་ ༢༦༩ ཡོད་པ་མ་ཟད། དཔེ་དེབ་འདིར་ལེའུ་ཆེན་པོ་གསུམ་ཡོད་པ་དང་། དཔེ་དེབ་འདིའི་ནང་གཙོ་བོ་རྒྱ་བོད་གཞུང་ཞབས་མི་སྣ་མང་པོའི་བྱ་སྤྱོད་ལས་གསུམ་དང་། ལྷག་པར་དུ་རང་ཚུགས་ཅན་གྱི་བོད་མི་ལས་བྱེད་པ་ཞིག་ལ་མཚོན་ན། གུང་ཁྲན་ཏང་གི་འོག་ཏུ་ལས་ཀ་བྱེད་པར་གནོན་ཤུགས་དང་། འགོག་རྐྱེན་ཇི་ཙམ་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་མེད་སོགས་གནད་དོན་མང་དག་ཅིག་མྱོང་བ་དངོས་ཀྱི་སྒང་ནས་གསལ་བཤད་གནང་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ནགས་ཚང་ནུས་བློ་ལགས་ཀྱིས་བརྩམས་པའི་ནགས་ཚང་གཞོན་ནུའི་རང་མཚང་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་ཀྱི་མཛད་སྒོ་འཚོག་བཞིན་པ། ༢༠༢༣།༡༢།༡༠ དུས་བབ་ཀྱི་པར།

གསར་འགོད་བསྒྲགས་གཏམ་དེའི་ནང་གི་ལེའུ་དང་པོ་ནི་སྡུག་གི་ཁུར་པོ་མཉམ་ཁུར་དང་། སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་བྱས། ཞེས་པ་ནང་གསེས་ལེ་ཚན་བཅུ་ཡོད་ཅིང་དེ་དག་གི་ནང་དུ་རྩོམ་པ་པོ་ཆུང་དུས་ཆུ་དམར་ལེབ་སློབ་གྲྭར་འདུག་སྐབས་ཀྱི་སྐྱིད་སྡུག་འདྲེས་མའི་སློབ་གྲྭའི་འཚོ་བའི་སྐོར་རྒྱས་བཤད་གནང་བ་དང་། ལེའུ་གཉིས་པའི་ནང་འཁོར་ངན་གྱིས་སྨྱོས་པའི་ལས་ངན། མི་ཟེར་བའི་རང་ཚུགས་ཤོར་འདུག ཅེས་པར་ལེ་ཚན་བཅུ་ཡོད་པ་དེ་དག་གི་ནང་དུ་ཁོང་ཉིད་ཆུ་དམར་རྫོང་སློབ་ཆུང་དུ་དགེ་རྒན་གནང་སྐབས་དངོས་སུ་མཐོང་ཐོས་མྱོང་གསུམ་བྱུང་བའི་རིག་གནས་གསར་བརྗེའི་རླུང་འཚུབ་ཁྲོད་ཀྱི་རྒྱ་སྨྱོ་བོད་སྨྱོ་ཡི་སྐྱོ་གར་སོགས་ཞིབ་མོར་བྲིས་ཡོད་འདུག་ལ། ལེའུ་གསུམ་པ་ནི་དཔོན་པོར་བསྡད་ན་དམངས་དོན་བསྒྲུབ་དགོས། དབང་ཆ་ཡོད་དུས་རང་ཐག་ཆོད་དགོས། ཞེས་པ་དེ་དག་གི་ནང་དུ་རྩོམ་པ་པོས་འབའ་དགོན་ཡུལ་ཚོའི་སྤྱི་བདེ་ཉེན་རྟོག་པ་དང་། ཆུ་དམར་ལེབ་རྫོང་གི་ཁྲིམས་དཔོན་གཞོན་པ་དང་། རྫོང་དཔོན་གཞོན་པ་སོགས་ཀྱི་ལས་འགན་བཞེས་པའི་སྐབས། མི་མང་གི་ཁེ་ཕན་དང་རེ་འདུན་འགྲུབ་སླད། འགོག་རྐྱེན་སྣ་མང་ལ་གདོང་ལེན་གནང་ཚུལ་དང་། ལས་འགན་སྒྲུབ་སྐབས་ཡིག་ཆ་དང་ཡུལ་དངོས་ལ་རྒྱུས་ལོན་བྱས་ནས་གལ་གནད་ཆེ་བའི་ལོ་རྒྱུས་ཀྱི་དངོས་ཡོད་གནད་དོན་མི་ཉུང་བ་ཞིག་ཤེས་རྟོགས་བྱུང་བའི་སྐོར་སོགས་བྲིས་ཡོད་སྐོར་སོགས་བཀོད་འདུག

རྩོམ་པ་པོ་ནགས་ཚང་ནུས་བློ་ལགས་ནི་རང་རེའི་གཉན་འཕྲང་ཆེ་བའི་དུས་སྐབས་འདིའི་སྔ་ཕྱི་བར་གསུམ་གྱི་གནས་ཚུལ་མང་དག་ཅིག་མཐོང་ཐོས་མྱོང་གསུམ་འབྱུང་མཁན་གྱི་བདེན་དཔང་མི་སྣ་གལ་ཆེན་ཞིག་ཡིན། ཁོང་གི་ལོ་རྒྱུས་དེབ་ཕྲེང་དང་པོ་ནགས་ཚང་ཞི་ལུའི་སྐྱིད་སྡུག་ལས་ཁོང་ཉིད་ཆུང་དུས། རྒྱའི་བཙན་འཛུལ་དང་བོད་མིའི་འགོག་རྒོལ་ཁྲོད་ཀྱི་དམག་འཁྲུག་གི་འཇིགས་པ་དང་། བཙོན་འཇུག་གི་མནར་གཅོད། མུ་གེའི་དཀའ་སྡུག་སོགས་ཀྱི་གནས་ཚུལ་ཞིབ་ཚགས་བཀོད་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese