མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དངུལ་ཁང་གི་ལས་བྱེད་ཞུ་ཀོ་ཅུན་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དངུལ་ཁང་གི་ལྐོག་ཟ་རུལ་སུངས་ཆེ་ཤོས་ཀྱི་གྱོད་གཞི་དང་འབྲེལ་ནས་ཡན་ལག་དངུལ་ཁང་ཞིག་གི་དངུལ་འབོར་ཆེན་ལྐོག་ཟ་བྱེད་མཁན་ཞུ་ཀོ་ཅུན་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག

Xu Guojun, former head of a Bank of China sub-branch in Guangdong province, stands trial. [Photo/Jiangmen Intermediate People’s Court in Guangdong province]
ཁ་སང་ཕྱི་ཚེས་ ༡༣ ཉིན་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། རྒྱ་ནག་ཀང་ཏུང་ (Guangdong) ཞིང་ཆེན་གྱི་ཅང་མཱེན་གྲོང་ཁྱེར་ཁའེ་པིང་ (Kaiping) ས་ཁུལ་དུ་ཡོད་པའི་རྒྱ་ནག་དངུལ་ཁང་ (Bank of China) གི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ཟུར་བ་ཞུ་ཀོ་ཅུན་ (Xu Guojun) གྱིས་ལྐོག་རྔན་ཕོན་ཆེན་བླངས་པའི་ནག་ཉེས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག

དེ་འབྲེལ་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་ཅང་མཱེན་གྲོང་ཁྱེར་ཁའེ་པིང་ས་ཁུལ་དུ་ཡོད་པའི་རྒྱ་ནག་དངུལ་ཁང་གི་ཡན་ལག་དངུལ་ཁང་གི་འགན་འཛིན་ཟུར་པ་ཞུ་ཀོ་ཅུན་དང་། ཁོའི་ལས་རོགས་གཙོ་བོ་ཡཱུ་ཀྲན་དྷོང་ (Yu Zhendong) དང་ཞུ་ཁྲའོ་ཧྥན་ (Xu Chaofan) བཅས་ཀྱིས་ལྐོག་ཟ་རུལ་སུངས་དང་། སྒེར་གྱི་ཁེ་ཕན་གྱི་ཆེད་དུ་དབང་ཆ་ལོག་སྤྱོད་བྱས་ཏེ་སྒེར་དོན་བསྒྲུབས་པ་སོགས་ཀྱི་ནག་ཉེས་འོག ཅང་མཱེན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་ཀོ་ཅུན་གྱི་ཆབ་སྲིད་ཁེ་དབང་བཀག་སྡོམ་དང་། ཁྲིམས་འགལ་ཐོག་ཁེ་ཕན་ཐོབ་པའི་རྒྱུ་དངོས་ཕྱིར་སྤྲོད་བྱ་དགོས་པ། དེ་བཞིན་སྒེར་གྱི་མ་དངུལ་རྣམས་གཞུང་བཞེས་བཏང་སྟེ། ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག་ལ། ཞུ་ཀོ་ཅུན་ (Xu Guojun) གྱིས་ཀྱང་ནག་ཉེས་ངོས་ལེན་བྱས་ཏེ། ཁྲིམས་ས་གོང་མར་བསྐྱར་ཞུ་བྱ་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་སྐོར་སོགས་བརྗོད་འདུག

ཀང་ཏུང་ཞིང་ཆེན་དུ་ཡོད་པའི་ཅང་མཱེན་འབྲིང་རིམ་མི་དམངས་ཁྲིམས་ཁང་ (Jiangmen Intermediate People’s Court) གིས། ཕྱི་ལོ་ ༡༩༩༣ ནས་ ༢༠༠༡ བར་ཞུ་ཀོ་ཅུན་གྱིས་ལྐོག་རྔན་བླངས་པ་དང་། སྒེར་གྱི་ཁེ་ཕན་གྱི་ཆེད་དུ་དབང་ཆ་ལོག་སྤྱོད་བྱས་པ་མ་ཟད། གཞུང་གི་མ་དངུལ་སྒེར་དོན་དུ་སྤྱད་པའི་ནག་ཉེས་ར་སྤྲོད་བྱས་ཏེ། ཁ་སང་ཕྱི་ཚེས་ ༡༣ ཉིན་ས་གནས་དེའི་ཁྲིམས་ཁང་གིས། ཞུ་ཀོ་ཅུན་དངུལ་ཁང་གི་འགན་འཛིན་ཡིན་སྐབས། ཁོ་དང་ཁོའི་ལས་རོགས་ཁག་ཅིག་གིས་ཁྲིམས་འགལ་གྱི་ལས་དོན་ཆེད་རྒྱ་སྒོར་ (yuan) ཐེར་འབུམ་ ༡།༤ ཁྲིམས་འགལ་གྱིས་བུ་ལོན་ལ་གཡར་བ་དང་། སྒེར་དོན་སླད་དངུལ་གང་བྱུང་གཏོང་ལེན་སོགས་དབང་ཆ་ལོག་སྤྱོད་བྱས་ཏེ་ཁྱོན་རྒྱ་སྒོར་ (yuan) ས་ཡ་ ༩༠༠ ཙམ་ལྐོག་ཟ་བྱས་པའི་ནག་ཉེས་འོག ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་ཅིང་། ཞུ་ཀོ་ཅུན་གྱི་བྱ་སྤྱོད་ཀྱིས། རྒྱལ་ཁབ་དང་མི་མང་གི་མངོན་འདོད་ལ་གཏོར་བརླག་བཏང་ཡོད་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༡༩༩༣ ནས་ ༢༠༠༡ བར་ཞུ་ཀོ་ཅུན་དང་། ཁོའི་ལས་རོགས་ཡཱུ་ཀྲན་དྷོང་། ཞུ་ཁྲའོ་ཧྥན་བཅས་ཀྱིས་དངུལ་འབོར་ཆེན་ལྐོག་ཟ་བྱས་རྗེས། ཧོང་ཀོང་བརྒྱུད་ཁེ་ན་ཌ་དང་དེ་ནས་ཨ་རི་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་བྲོས་ཐར་བྱུང་ཡོད་ཀྱང་། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ (Interpol) ཀྱི་གྲོས་མཐུན་འོག ཨ་རིས་ཁོ་ཚོ་གསུམ་རིམ་བཞིན་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་བྱས་ཡོད་འདུག

དེ་ཡང་ཕྱི་ལོ་ ༢༠༠༤ ལོར་ཨ་རིས་ཡཱུ་ཀྲན་དྷོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༠༦ ལོར་ལོ་ ༡༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཕྱི་ལོ་ ༢༠༡༨ ལོར་ཞུ་ཁྲའོ་ཧྥན་རྒྱ་ནག་ལ་རྩིས་སྤྲོད་བྱས་རྗེས། ཕྱི་ལོ་ ༢༠༢༡ ལོར་ལོ་ ༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། ཁོ་གཉིས་ཀྱིས་རྒྱ་ནག་དངུལ་ཁང་ལ་རྒྱ་སྒོར་ཐེར་འབུམ་ ༢ ལྷག་ཕྱིར་རྩིས་སྤྲོད་བྱས་ཡོད་འདུག ཞུ་ཀོ་ཅུན་ཕྱི་ལོ་ ༢༠༢༡ ལོར་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ། ད་སྔ་བར་ཁྲིམས་ཐག་མ་ཆོད་པར་ལྷག་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་སྤེལ་བའི་ནང་། ཕྱི་ལོ་ ༢༠༠༢ ནས་བཟུང་ཞུ་ཀོ་ཅུན་དང་། ཡཱུ་ཀྲན་དྷོང་། ཞུ་ཁྲའོ་ཧྥན་དང་བཟའ་ཟླ་ཝན་ཧྥང་ (Kuang Wanfang)། ཞུ་ཀོ་ཅུན་གོང་གི་འགན་འཛིན་ཟུར་བ་ལའེ་མིང་མཱིན་ (Lai Mingmin) སོགས་ཀྱི་མིང་། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ (Interpol)  ཀྱི་ཐོ་གཞུང་དུ་ཡོད་པ་དང་།  ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་གཞུང་གིས་ཝན་ཧྥང་ (Kuang Wanfang) ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་དང་། ཕྱི་ལོ་ ༢༠༡༨ ལོར་ལའེ་མིང་མཱིན་ཨོ་གླིང་ནས་ཕྱིར་རྒྱ་ནག་ཏུ་ལོག་སྟེ། རང་ཉིད་ཀྱི་ནག་ཉེས་ངོས་ལེན་བྱས་པ་མ་ཟད། ཁོས་རྐུ་ཁྱེར་བྱས་པའི་དངུལ་ཚང་མ་ཕྱིར་སློག་ཡོད་སྐོར་སོགས་བརྗོད་འདུག

རྒྱ་ནག་ཅང་མཱེན་གྲོང་ཁྱེར་ཁའེ་པིང་ས་ཁུལ་དུ་ཡོད་པའི་རྒྱ་ནག་དངུལ་ཁང་ (Bank of China) གི་གྱོད་གཞི་དེ་ནི། ཕྱི་ལོ་ ༡༩༤༩ ནས་བཟུང་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ཆེ་ཤོས་ཀྱི་གྲས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ད་ལྟ་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞི་དེའི་ཁྲོད་ནས་རྒྱ་སྒོར་ཐེར་འབུམ་ ༢ ལྷག་བསྐྱར་གསོ་ཐུབ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese