མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་འབར་མ་ལ་སྐྱོན་བརྗོད་བྱས།

བོད་ཀྱི་དུས་བབ།
༢༠༢༤/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

འབར་མའི་ནང་ཁུལ་དུ་དམག་འཁྲུག་བྱུང་སྟེ་རྒྱ་ནག་ལ་ཕོག་སྡུག་བཟོས་པར་བརྟེན། རྒྱ་ནག་གཞུང་གིས་འབར་མའི་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

Smoke spreads on a road following an explosion after artillery shells fell in Nansan, Yunnan Province, China, in this screengrab obtained from a video of surveillance footage, released on January 3, 2024. Video Obtained By Reuters

ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ པ་ཙམ་ལ་འབར་མ་གཞུང་གི་དམག་མི་དང་འབར་མའི་བྱང་ཁུལ་དུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་སྒྲིག་འཛུགས་གཉིས་བར་དམག་འཁྲུག་བྱུང་སྟེ། ཕན་ཚུན་འབར་རྫས་འཕེན་རེས་བྱེད་སྐབས་རྒྱ་ནག་ཡུན་ནན་ཞིང་ཆེན་གྱི་ཀྲིན་ཁང་རྫོང་ནན་སན་གྲོང་བརྡལ་གྱི་མཐའ་མཚམས་ཁུལ་དུ་ལྷུང་ནས་མི་ཁག་ཅིག་ལ་རྨས་སྐྱོན་ཕོག་ཡོད་པར་བརྟེན། རྒྱ་གཞུང་ནས་འབར་མའི་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག

ཧྥ་རན་སིའི་རྒྱལ་སྤྱིའི་ཨེ་ཧྥ་པི་ (AFP) གསར་ཁང་གིས་གནས་ཚུལ་སྤེལ་ཡོད་པའི་ནང་དུ། འབར་མའི་བྱང་ཕྱོགས་ཀྱི་གྲངས་ཉུང་མི་རིགས་མཉམ་འབྲེལ་ས་ཁུལ་དེ་ནི་འབར་མ་གཞུང་གི་དམག་ཤུགས་ལ་ཁེ་ཕན་ཆེན་པོ་ཡོད་པ་མ་ཟད། དེ་གའི་སྡེ་བ་དང་གྲོང་གསེབ་ཁག་ཅིག་རྒྱ་ནག་དང་ཚོང་འབྲེལ་ཐད་ཧ་ཅང་གལ་ཆེན་ཆགས་ཡོད། ཕྱི་ལོ་ ༢༠༢༡ ལོ་ནས་འབར་མ་གཞུང་གི་དམག་མིས་ས་ཆ་དེར་དམག་ཤུགས་བསྐྱེད་པའི་ནུས་པ་ཆེས་ཆེར་འདོན་བཞིན་ཡོད་སྐོར་འཁོད་འདུག

དེའི་སྐོར་ལ་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ཝང་ཝིན་པིན་གྱིས། རྒྱ་ནག་གིས་འབར་མའི་བྱང་ཁུལ་གྱི་རྩོད་རྙོག་སྐོར་ལ་བློ་འཚབ་བྱེད་བཞིན་ཡོད་པ་མ་ཟད། ཐེངས་འདིའི་དམག་འཁྲུག་གི་དོན་རྐྱེན་གྱིས་རྒྱ་ནག་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད་པ་དང་།  འབྲེལ་ཡོད་ནས་གཟབ་ནན་གྱིས་ཐག་གཅོད་བྱ་དགོས་སྐོར་བརྗོད་པ་དང་འབྲེལ། རྒྱ་ནག་གཞུང་ནས་འབར་མའི་བྱང་ཁུལ་དུ་ཡོད་པའི་ཚོགས་པ་ཁག་ལ་མཐའ་མཚམས་སུ་རྩོད་རྙོག་བསྐྱར་དུ་མི་བཟོ་བའི་འབོད་སྐུལ་དང་། རྒྱ་ནག་གཞུང་ནས་མི་མང་གི་བདེ་འཇགས་དང་རྒྱུ་དངོས་ལ་སྲུང་སྐྱོབ་བྱ་ངེས་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༢༡ ཟླ་ ༢ པའི་ནང་འབར་མའི་དྲག་དམག་ཕྱོགས་ཀྱིས་ཡུལ་དེའི་འོས་བསྡུའི་གྲུབ་འབྲས་རྩིས་མེད་བཏང་སྟེ། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་སྣེ་འཁྲིད་པའི་དམངས་གཙོའི་སྲིད་གཞུང་མགོ་རྟིང་བསློགས་ཡོད་པ་མ་ཟད། ལྕམ་ཨང་སན་སུའུ་སྐྱིད་ལགས་རྒྱལ་ཁབ་ཀྱི་སློབ་སྟོན་པའི་གོ་གནས་ནས་གནས་དབྱུང་བཏང་སྟེ་རང་ཁྱིམ་ལ་བཟང་བཙོན་དུ་བཅུག་ཡོད་པ་དང་། མི་མང་གིས་དྲག་དམག་གི་བཙན་བཟུང་ལ་ངོ་རྒོལ་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༥ ཉིན་འབར་མ་དྲག་དམག་སྲིད་གཞུང་གིས་དམངས་གཙོའི་ལས་འགུལ་བ་གཙོ་བོ་བཞི་སྟེ། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་ཛེ་ཡ་ཐཱོ་ (Phyo Zeya Thaw) དང་།  དམངས་གཙོའི་ལས་འགུལ་བ་མིཎ་ཡུ་ (Kyaw Min Yu)། ལས་འགུལ་བ་མཱ་ཡོ་ཨང་ (Hla Myo Aung )། ཨང་ཐུ་རཱ་( Aung Thura Zaw ) བཅས་ལ་སྲོག་ཁྲིམས་བཅད་ཡོད།  མདོར་ན་ད་ལྟའི་བར་དུ་འབར་མ་དྲག་དམག་གཞུང་གིས་ཉུང་མཐར་མི་གྲངས་ ༢༥,༧༣༠ ལྷག་འཛིན་བཟུང་དང་། ཉུང་མཐར་མི་མང་ ༡༩,༩༣༠ ལྷག་བཀག་ཉར། ཕྱི་ལོ་ ༢༠༢༢ ལོའི་ནང་ཉུང་མཐར་མི་གྲངས་ ༢༡༡༤ ཙམ་གྱིས་ཚེ་སྲོག་ཤོར་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese