མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་གོ་ལའི་མཛངས་མའི་འགྲན་སྡུར་ཁྲོད་ནས་ཕྱིར་འབུད་བཏང་།  

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་གནོན་ཤུགས་འོག་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་གོ་ལའི་མཛངས་མའི་འགྲན་སྡུར་ཁྲོད་ནས་ཕྱིར་འབུད་བཏང་འདུག

མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་ཀྱི་པར་རིས་ཕྱོགས་སྒྲིག

ཕྱི་ལོ་ ༢༠༢༣ ལོའི་གོ་ལའི་མཛངས་མའི་འགྲན་སྡུར་དེ་ཟླ་འདིའི་ཕྱི་ཚེས་ ༢ ནས་ ༡༨ བར་ཉིན་གྲངས་ ༡༧ ཁོམ་བྷོ་ཌི་ཡ་(Cambodia) དང་ཝེ་ཐི་ནམ་ (Vietnam) དུ་བསྡུ་མུས་ཡིན་ལ། མཛངས་མའི་འགྲན་ཚོགས་དེའི་ཁྲོད་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་ཀྱང་མཉམ་ཞུགས་གནང་ཡོད་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་འོག ཁོང་མོས་བོད་རྒྱལ་དར་དང་། བོད་གོས་སོགས་གྱོན་མི་ཆོག་པའི་བཀག་རྒྱ་བྱས་པ་དང་ལེན་མ་གནང་བར་བརྟེན། ཁོང་མོ་གོ་ལའི་མཛངས་མའི་འགྲན་སྡུར་ཁྲོད་ནས་ཕྱིར་འབུད་བཏང་འདུག་ལ། ལོ་མང་གོང་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་མཛངས་མ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཞུགས་པར་གནོན་ཤུགས་སྤྲད་ཡོད་པ་རེད།

གནད་དོན་དེ་དང་འབྲེལ་ནས་བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་སྒེར་གྱི་ཨིན་སི་ཊི་ར་གྷ་རམ་(Instagram) དུ་སྐར་མ་གཅིག་དང་སྐར་ཆ་ ༢༦ ཅན་གྱི་བརྙན་ཐུང་ཞིག་སྤེལ་བའི་ནང་། ང་རང་ཝེ་ཐི་ནམ་གྱི་ས་མཚམས་སུ་བསླེབས་དུས། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཞིག་བརྒྱུད། རྒྱ་ནག་གཞུང་གིས་ངས་བོད་ཀྱི་སྐུ་ཚབ་དང་། བཙན་བྱོལ་ལ་ཇི་ལྟར་ཡོང་སྟངས། བོད་རྒྱལ་ལོ་ཞེས་བཤད་ཡོད་པ་མཐོང་བས། རྒྱ་ནག་གཞུང་གིས་མཛངས་མའི་འགྲན་བསྡུར་གོ་སྒྲིག་ཚོགས་ཆུང་ལ་ཡིག་ངག་གཉིས་ཀའི་ཐོག་ནས་གནོན་ཤུགས་སྤྲད་ཡོད་པ་མ་ཟད། ཁོམ་བྷོ་ཌི་ཡའི་སྲིད་བློན་ལའང་གནོན་ཤུགས་སྤྲད་ཡོད་སྐོར་དང་། བོད་དང་ཐའེ་ཝན་གཉིས་འགྲན་ཚོགས་སུ་ཞུགས་འདོད་ཡོད་ཚེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཅེས་རྒྱལ་ཁབ་བརྗེ་དགོས་པ་མ་ཟད། བོད་ཅེས་བྲིས་པའི་དཔུང་རྟགས་དེ་ཁུར་མི་ཆོག་ཟེར་བས། ངས་ཁས་ལེན་བྱས་མེད། ཅེས་བརྗོད་འདུག

ཁོང་མོས། ང་རང་ཕྱིར་ཁོམ་བྷོ་ཌི་ཡ་ལ་ལོག་ཀྱང་། ངའི་ཅ་དངོས་ཚང་མ་ཝེ་ཐི་ནམ་ལ་ཡོད་ཙང་། ང་རང་ལ་གྱོན་གོས་སོགས་གང་ཡང་མེད་པར་ཁོམ་བྷོ་ཌི་ཡ་རུ་བདུན་ཕྲག་གཅིག་ཙམ་ལྷག་བྱུང་བས། ང་རང་མགྲོན་ཁང་དུ་ངུས་ནས་བསྡད་ཡིན། ཞེས་དང་། ཕྱིས་སུ་དགོན་པ་ཁག་ཏུ་ཕྱིན་ནས་སེམས་ཁམས་ལྷོད་ལ་ཕབ་ཐབས་བྱས་ཏེ། ལེའུ་གསར་པ་ཞིག་མགོ་བརྩམས་ཐབས་བྱས་པ་ཡིན། ཞེས་བརྗོད་འདུག

དེ་དང་འབྲེལ་ནས་ནེའུ་ཡོག་དང་ནེའུ་འཇར་སི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་ཡུལ་དེའི་ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པ་ཆུ་ཚོད་བདུན་པའི་ཐོག་ནེའུ་ཡོག་གི་JFK གནམ་ཐང་དུ་འབྱོར་གྱི་ཡོད་པས། ཁོང་མོར་རྒྱབ་སྐྱོར་དང་བསྔགས་བརྗོད་སླད། ས་གནས་མང་ཚོགས་གང་མང་མང་ཞིག་སྣེ་ལེན་དུ་ཡོང་དགོས་པའི་འབོད་སྐུལ་གནང་འདུག 

མཛངས་མ་དཔལ་སྒྲོན་ལགས་ཀྱིས་ཆུ་ཚོད་བཅུ་བཞི་ཡི་སྔོན་དུ་སྤེལ་བའི་བརྙན་ཐུང་དེར། ད་བར་མི་གྲངས་འབུམ་གཅིག་དང་ཁྲི་བཞི་དང་བཞི་སྟོང་ལྷག་གིས་བལྟ་ཉན་བྱས་ཡོད་ཅིང་། མི་གྲངས་ ༤༣༣ གྱིས་ཞབས་མཆན་བྲིས་ནས་ཁོང་མོས་བོད་ཀྱི་དཔུང་རྟགས་གྱོན། བོད་ཀྱི་རྒྱལ་དར་འཁུར་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཕེབས་པ་དེར་ཡི་རང་བསྔགས་བརྗོད་བྱས་དང་བྱེད་བཞིན་འདུག་ལ། ཕྱི་ལོ་ ༢༠༢༣ ལོའི་ (Miss Glam World) མཛངས་མའི་འགྲན་སྡུར་ཁྲོད་ཨང་རིམ་དང་པོ་ཐོབ་མཁན་བོད་ཀྱི་བུ་མོ་བསྟན་འཛིན་འཛོམས་སྐྱིད་ལགས་ཀྱིས། དོན་དངོས་ཐོག་ཁྱེད་རང་གིས་བོད་ཀྱི་སྐོར་བཤད་པ་དེས་ཆོག་པ་རེད། དེས་ང་ཚོའི་ཆོས་རིག་གིས་འཛམ་གླིང་ལ་ཤུགས་རྐྱེན་སྤྲད་ཡོད་པ་མཚོན་ཐུབ། ཅེས་བརྗོད་འདུག

ད་ལྟ་རང་ལོ་ ༢༧ ཡིན་པའི་བསྟན་འཛིན་དཔལ་སྒྲོན་ལགས་སུ་ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་སྐབས་བཅོ་ལྔ་པའི་ཁྲོད་ཨང་དང་པོ་ཐོབ་ཡོད་ཅིང་། ཕྱི་ལོ་ ༢༠༡༨ ལོར་གོ་ལའི་མཛངས་མའི་འགྲན་སྡུར་ཁྲོད་མཉམ་ཞུགས་གནང་ནས་རྒྱལ་སྤྱིའི་བུད་མེད་དྲུག་ཅུ་ལྷག་གི་ཁྲོད་ནས་མཛངས་མ་ཉི་ཤུའི་ཁོངས་སུ་ཚུད་ཡོད་པ་རེད།

གཞན་ཡང་། འདས་གྲོངས་སུ་གྱུར་བའི་བོད་ཀྱི་མཛངས་མ་ཚེ་རིང་ཆུང་བདག་ལགས་ཀྱིས། ཕྱི་ལོ་ ༢༠༠༧ ལོར་མཱ་ལེ་ཞི་ཡ་ནང་ཚོགས་པའི་(Miss Tourism Queen International) ཞེས་པའི་རྒྱལ་སྤྱི་རང་བཞིན་གྱི་མཛངས་མའི་འགྲན་སྡུར་ནང་ཞུགས་ཡོད་ཀྱང་། རྒྱ་གཞུང་གི་གནོན་ཤུགས་འོག་རྒྱ་ནག་བོད་ཀྱི་མཛངས་མ་ཞེས་པའི་མཚན་ཐོག་ནས་མཉམ་ཞུགས་དགོས་སྐོར་བརྗོད་ཡོད་པར་བརྟེན། ཁོང་མོས་རྒྱ་ནག་ཞེས་པའི་མིང་དེ་དང་ལེན་མ་བྱས་པར་ཕྱིར་ལོག་ཡོད་པ་མ་ཟད། གསར་འགོད་གསལ་བསྒྲགས་སྤེལ་ཏེ་རྒྱ་གཞུང་གི་གནོན་ཤུགས་འོག་མཛངས་མ་འགྲན་སྡུར་གོ་སྒྲིག་པས་མོའི་མཚན་གནས་བརྗེ་བསྒྱུར་བྱེད་ཐབས་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་ (Miss Glam World) མཛངས་མའི་འགྲན་སྡུར་ཁྲོད་ཨང་རིམ་དང་པོ་ཐོབ། བསྟན་འཛིན་འཛོམས་སྐྱིད་ལགས་ཀྱི་ཨིན་ཌ་ར་གྷ་རམ་ (Instagram) ནས་བླངས། ༢༠༢༣།༠༦།༢
Mobile App

ཡང་བོད་ཀྱི་བུ་མོ་བསྟན་འཛིན་འཛོམས་སྐྱིད་ལགས་ལ་ཨང་དང་པོ་ཐོབ་འདུག

༢༠༢༣/༠༦/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese