མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ ༥༩ ཙམ་རིང་ཞིབ་འཇུག་བྱས་པའི་བོད་མཐོ་སྒང་གི་གནམ་གཤིས་སྐོར་གྱི་གྲུབ་དོན་བཏོན། 

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཚན་རིག་སློབ་གླིང་རླུང་ཁམས་ཆེན་མོའི་དངོས་ཁམས་ཞིབ་འཇུག་ཁང་གིས་བོད་མཐོ་སྒང་གི་དཔྱིད་དུས་ཀྱི་རླུང་ཁམས་ཆེན་མོའི་ཚ་རླབས་འབྱུང་གནས་ཀྱིས་རྒྱ་ནག་བྱང་ཤར་ཁུལ་གྱི་ཆར་ཆུའི་འབབ་ཚད་ལ་ཐད་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པའི་གྲུབ་དོན་བཏོན།

བོད་ཀྱི་དཔྱིད་དུས་ཀྱི་གནམ་གཤིས། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་ནག་ཚན་རིག་སློབ་གླིང་རླུང་ཁམས་ཆེན་མོའི་དངོས་ཁམས་ཞིབ་འཇུག་ཁང་ (中国科学院大气物理所) གིས། ཕྱི་ལོ་ ༡༩༦༡ ནས་ ༢༠༢༠ བར་བོད་མཐོ་སྒང་གི་དཔྱིད་དུས་ཀྱི་རླུང་ཁམས་ཆེན་མོའི་ཚ་རླབས་འབྱུང་གནས་ནི་ཨེ་ཤ་ཡ་གླིང་ཆེན་གྱི་དབྱར་དུས་ཀྱི་ལྷག་རླུང་དང་། དེ་བཞིན་རྒྱ་ནག་ལྷོ་ཕྱོགས་ཀྱི་དབྱར་དུས་ཀྱི་ཆར་ཆུ་ལེགས་སྒྲིག་གི་གནད་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་བཞིན་བོད་མཐོ་སྒང་གི་དཔྱིད་དུས་ཀྱི་རླུང་ཁམས་ཆེན་མོའི་ཚ་རླབས་འབྱུང་གནས་ཀྱིས་རྒྱ་ནག་བྱང་ཤར་ཁུལ་གྱི་དབྱར་དུས་ཀྱི་ཆར་ཆུ་འབབ་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་མེད་ཐད་དུས་ཡུན་ལོ་ངོ་ ༥༩ རིང་ཆེད་ལས་མཁས་པས་ཞིབ་འཇུག་བྱས་པ་བརྒྱུད། བོད་ཀྱི་དཔྱིད་དུས་ཀྱི་ཚ་རླབས་འབྱུང་གནས་ག་ཚོད་ཤུགས་ཆེ་ན་དེ་ཚོད་ཀྱིས་རྒྱ་ནག་བྱང་ཤར་ཁུལ་ལ་ཆར་ཆུ་ཇེ་མང་དུ་འགྲོ་ཡི་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་འབྲི་ཆུའི་བཞུར་རྒྱུན་དུ་གྱུར་བའི་རྒྱ་ནག་བྱང་ཁུལ་གྱི་ས་གཤིས་བརླན་གཤེར་གྱིས་གལ་གནད་ཆེ་བའི་ནུས་པ་ཐོན་གྱི་ཡོད་སྐོར་བརྗོད་འདུག

ཡང་ཞིབ་འཇུག་གྲུབ་དོན་ནང་། རྒྱ་ནག་བྱང་ཤར་ཁུལ་གྱི་ས་གཤིས་བརླན་གཤེར་བྱུང་བ་དེ་དབྱར་དཀྱིལ་ཙམ་བར་དུ་རྒྱུན་མཐུད་ཐུབ་པ་མ་ཟད། རྒྱ་ནག་ནང་དང་རྒྱ་མཚོའི་ཁུལ་བར་གྱི་ཚ་དྲོད་ཧེ་བག་ཆུང་དུ་བཏང་སྟེ། ཨེ་ཤ་ཡ་ཤར་མ་དང་ཞི་བདེ་རྒྱ་མཚོའི་ནུབ་ཁུལ་གྱི་ལྷོ་རླུང་ལྷོད་འཇགས་སུ་གཏོང་གི་ཡོད་པ་དང་། དེ་ནས་རྒྱ་ནག་ལྷོ་རྒྱ་མཚོ་དང་ནུབ་ཞི་བདེ་རྒྱ་མཚོའི་ཚ་ཁུལ་གྱི་ཚ་རླབས་ཆུང་དུ་གཏོང་གི་ཡོད་སྟབས། ཨེ་ཤ་ཡ་ཤར་མ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རླུང་ཁམས་ཆེན་མོའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་སྟེ། རྒྱ་ནག་བྱང་ཤར་ཁུལ་གྱི་གནམ་གཤིས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྐོར་བཀོད་འདུག

རྒྱ་ནག་ཚན་རིག་སློབ་གླིང་རླུང་ཁམས་ཆེན་མོའི་དངོས་ཁམས་ཞིབ་འཇུག་ཁང་གི་བོད་མཐོ་སྒང་གི་ཞིབ་འཇུག་གྲུབ་དོན་དེའི་གཙོ་གཉེར་ཞིབ་འཇུག་པ་ཧན་ཡེ་ཀྲི་ (韩熠哲) ཡིས། ཐེངས་འདིའི་དུས་ཡུན་རིང་པོའི་ཞིབ་འཇུག་གི་གྲུབ་དོན་དེས་བོད་མཐོ་སྒང་གི་དཔྱིད་དུས་ཀྱི་རླུང་ཁམས་ཆེན་མོའི་ཚ་རླབས་འབྱུང་གནས་ཀྱིས་རྒྱ་ནག་བྱང་ཤར་གྱི་དབྱར་དུས་ཀྱི་ཆར་ཆུའི་འབབ་ཚད་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཀྱི་ཡོད་མེད་གསལ་པོ་བྱུང་བ་ཙམ་མིན་པར་ཚན་རིག་གིས་བྱང་ཤར་དབྱར་དུས་ཀྱི་ཆར་ཆུའི་འབབ་ཚད་ལ་སྔོན་དཔག་བྱེད་པར་རོགས་འདེགས་ཆེན་པོ་བྱུང་ཡོད་སྐོར་བརྗོད་འདུག

ཞིབ་འཇུག་གྲུབ་དོན་དེ་རྒྱ་མཚོ་དང། རྒྱ་མཚོ་འཁྱག་རོམ་དང་སའི་གོ་ལ་ཕྱེད་བྱང་བའི་གནམ་གཤིས། ཀོ་ཡོང་ཆི་ཞིབ་འཇུག་པར་རྗེས་དྲན་གྱི་ཆེད་དེབ་ཅེས་པའི་ནང་འགོད་འཆར་ཡོད་པ་དང་། ཆེད་དེབ་དེ་ཕྱི་ལོ་ ༢༠༢༤ ལོ་མགོ་ཙམ་ལ་འདོན་འཆར་ཡོད་འདུག ཀོ་ཡོང་ཆི་ (郜永祺) ཞེས་པ་དེ་རྒྱ་ནག་གི་དངོས་ཁམས་རྒྱ་མཚོ་རིག་པའི་ཆེད་ལས་མཁས་པ་ཞིག་ཡིན་འདུག་ལ། རྒྱ་ནག་ཚན་རིག་ཞིབ་འཇུག་མཐུན་ཚོགས་ཀྱི་འགན་འཛིན་ཟུར་པ་དང་། རྒྱ་ནག་ཚན་རིག་སློབ་གླིང་རླུང་ཁམས་ཆེན་མོའི་དངོས་ཁམས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་སོགས་ཚན་རིག་ཐོག་གྲུབ་འབྲས་ཆེན་པོ་ཐོན་ཡོད་མཁན་ཞིག་ཡིན་འདུག་ལ། ཕྱི་ལོ་ ༢༠༢༡ ལོར་འདས་གྲོངས་སུ་ཕྱིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese